དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་འཚོགས། ཤ་བོ་སྐྱབས་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཀྲུང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།

2023-11-24 11:09:21   |   362

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས22ཉིན། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་འཚོགས། ཚོགས་ཐོག་ཏུ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་ལ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲི་འཁུར་བ་དང་དངོས་སྒྲུབ་ལ་གཙིགས་ཆེན་བྱས་ཏེ་ མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཧུར་ཐག་གི་གཏོད་དགོས་པའི་སྐུལ་སློང་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཧའེ་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཚོགས་འདུར་ཞུགས།

1.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཁུལ་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཤིང་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དམིགས་ཚད་ལ་དམིགས་ཏེ། སྤྱི་དོན་བསམ་ཞིང་འགན་འཁྲི་ཕྲག་ཏུ་བླངས། དེ་བས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གྱུར་བ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ལ། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་པས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བཤད།

2.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་གྱི་དམིགས་བསལ་གྱི་སྐྱེ་ཁམས་དོན་དངོས་གཞིར་བཟུང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་གནད་དོན་དག་ཐེར་དང་། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་ནན་ཏན་གྱིས་སྐུལ་འདེད་གཏོང་དགོས། གཅིག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་བསྟན་པའི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཕྱོགས་དགུ་རང་འགུལ་ངང་རྩིས་ལེན་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་དབྱང་གི་རེས་སྐོར་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་རྨ་ཆུའི་“ཉེན་བརྡའི་གློག་བརྙན་”ཐེངས་གཉིས་ལས་མངོན་པའི་གནད་དོན་ལ་དག་ཐེར་བྱས་ཚུལ་ལ་ཕྱོགས་ཡོངས་ནས“ཕྱིར་མིག་ལྟ”དགོས་པ་དང་། གནད་དོན་དག་ཐེར་བྱས་རྗེས་ཡང་བསྐྱར་མི་འབྱུང་བའི་འགན་ལེན་བྱེད་དགོས། གཉིས། “རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སླར་གསོ་དང་མཛེས་ལྗོངས་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་སྲིད་ཇུས་དོན་འཁྱོལ་བྱེད་པར་སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ལྷག་པར་དུ་གཏེར་ལས་དབང་ཆ་ཕྱིར་འཐེན་དང་ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་ཀྱི་ལས་འགན་ཁག་ལ་དམ་འཛིན་བྱེད་དགོས། གསུམ། སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་གྲོང་གསེབ་ཀྱི་འདུག་གནས་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བའི་ལས་འགུལ་དང་། “གསང་སྤྱོད་དང་བཙོག་ཆུ། གད་སྙིགས་”བཅས་གསར་སྒྱུར་བྱེད་པའི་ལས་དོན་མུ་མཐུད་དུ་སྤེལ་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དང་འཇུ་ལག་རྫོང་གི“རི་གཉིས་རྟེན་གཞི”དང་། རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། བཞི། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་མཚོ་སྔོན་པོ་དང་མདོ་ལ་རིང་མོ་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། “སྲུང་སྐྱོང་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི”བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱེད་པ། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་རྣམ་གྲངས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གསེར་དངུལ་མཚེའུ་འདམ་རའི་སྤྱི་གླིང་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། ལྔ། སྐྱེ་ཁམས་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཙང་པོ་དང་མཚེའུ་དཔོན་ལམ་ལུགས་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ནག་ཆུ་དང་ཙོང་ཆུ་བཞུར་རྒྱུད་ཀྱི་ས་ཁོངས་བརྒལ་བའི་མཉམ་འབྲེལ་ཚོད་འཛིན་དང་མཉམ་བཅོས་ལ་ཤུགསབསྣན་ནས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས། དྲུག འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། “ཐོན་ལས་ཆེན་པོ་ལྔའི”སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་འབྲོག་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལེ་ལག་ཚང་བའི་ལས་གཞི་ལག་བསྟར་བྱེད་པ། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གཏོད་པ། “གཡུ་ཡི་རླབས་ཕྲེང་གཡོ་བའི་མཚོ་སྔོན་པོ་དང་། མདོ་ལ་རིང་མོའི་འདབས་ཀྱི་འབྲོག་ར་བཟང་པོ”སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་ཟོང་རྟགས་གཏོད་པ། “123”Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པ་སོགས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱེད་དགོས་པ་དང་། དྭངས་གཙང་རླུང་གློག་ལས་གྲྭ་བཙུགས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། བདུན། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་དགོས་ཤིང་། རྟིང་མཐའི་བསམ་ཕྱོགས་ཡིད་ལ་དམ་པོར་བཟུང་བ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྦགས་བཙོག་འགོག་བཅོས། འཕྲལ་སྡོམ་འགན་ལེན་ཐག་གཅོད་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

3.jpg

ཤ་བོ་སྐྱབས་ཀྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐུན་མོང་གི་ངོས་འཛིན་ལ་ཤུགས་སྣོན་དང་། མཉམ་ཤུགས་མཉམ་འདོན་བྱེད་དགོས་པ་དང་། ཏང་སྲིད་མགོ་ཁྲིད་གཙོ་བོས“རང་ཉིད་དངོས་སུ་ཞུགས་པ་བཞིའི”བླང་བྱ་དོན་འཁྱོལ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ལས་རིགས་སྡེ་ཚན་ཁག་གིས་སྐྱེ་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་ནན་ཏན་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་མི་བྱེད་པའི་རིགས་ལ། སྡེ་ཚན་དང་ས་ཁུལ་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

4.jpg

ཀྲང་ཧྲིང་ཡོན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་མཐོ་རུ་གཏོང་བ་དང་། རང་རྟོགས་བསམ་བློ་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ། “ངས་སྲུང་སྐྱོང་བྱེད་དགོས”ནས“ངས་སྲུང་སྐྱོང་བྱེད་པའི”འདུ་ཤེས་འགྱུར་ལྡོག་མངོན་འགྱུར་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། འགག་རྩར་དམིགས་པ་དང་བྱེད་ཐབས་དོན་འཁྱོལ་ལ་སྣང་ཆེན་བྱས་ཏེ་གཙོ་གནད་གནད་དོན་སྣ་ཚོགས་དང་གཙོ་གནད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ལས་འགན་ཚང་མ་མི་དང་བྱ་བ། འགན་འཁྲི་གསལ་བོ་ཡིན་པ། ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མངོན་གསལ་དོད་པའི་སྤྱི་ཡོངས་ཀྱི་གནད་དོན་ལ་དམིགས་ནས་གཅིག་ཤེས་ཀུན་གྲོལ་དང་། ཕྱོགས་ཡོངས་ནས་རང་བཤེར་བྱེད་པ། དག་ཐེར་ནན་ཏན་བཅས་བྱེད་དགོས་པ་ནན་གྱིས་བསྟན།

5.jpg

ཚོགས་འདུའི་ཐོག་རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་སྐུལ་སློང་བཀོད་སྒྲིག་བྱས་ཤིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ཀྱིས་ལས་དོན་ཁག་བཀོད་སྒྲིག་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གིས་མཚོ་བྱང་གི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་ཡག་པོ་བྱས་ནས་ལྟ་ཞིབ་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

6.png

ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས2023ལོའི་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལས་དོན་གནས་ཚུལ་སྐོར་གྱི་བརྡ་ཁྱབ་བཏང་བ་དང་། འཇུ་ལག་རྫོང་དང་རྐང་ཚ་རྫོང་། ཁུལ་ནགས་ལས་རྩྭ་ཐང་ཅུ། ཁུལ་ཞིང་ཕྱུགས་ཅུ་སོགས་ས་ཁུལ་དང་ཚན་པ8ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་གཏམ་བཤད་གནང་།

ཚོགས་ར་ཕལ་བ་ནི་བརྙན་ལམ་ནས་རྫོང་གི་རིམ་པ་དང་པོའི་བར་འཚོགས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལའེ་མིང་། ཚོ་ཅི་ཆང་། ཧ་ཝུན་ཞུག་བཅས་དང་། སྡེ་ཚན་ཁག་དང་། ཁུལ་སྲིད་གཞུང་གི་ཚན་པ་ཁག མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ར་གཙོ་བོར་ཞུགས།


མཉམ་སྤྱོད།