དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་བོད་སྨན“བཙོ་ཐལ”འདུལ་སྦྱོང་ལ་རྒྱལ་ཁབ་རིམ་པའི་གསར་གཏོད་ཆེད་ཁེའི་དཔང་ཡིག་ཐོབ།

2023-11-29 11:31:38   |   2170

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


      ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་བོད་སྨན་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།  ཨ་རུ་བོད་སྨན་མ་རྐང་ཚད་ཡོད་སྤྱི་གཉེར་བཅས་ཀྱིས་མཉམ་དུ་རེ་ཞུ་བྱས་པའི«འདུར་རྫ་བཀོལ་ནས་བོད་སྨན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་བྱ་ཐབས»ལ་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུ་ཡིས་གསར་གཏོད་ཆེད་ཁེའི་དཔང་ཡིག་སྤྲད།

2~1.jpg

གསར་གཏོད་ཆེད་ཁེ་འདིའི་གསར་གཏོད་ལག་རྩལ་ནི་རྒྱལ་སྨན་ཆེན་མོའམ་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཆེད་མཁས་པ་ཉི་མའི་ཕུལ་བྱུང་གྲུབ་འབྲས་ཡིན་པ་དང་། ཁོང་ནི་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་ཕུལ་བྱུང་མི་སྣ་ཡིན་ཞིང་། བོད་སྨན་གྱི་འདུལ་སྦྱོང་ལག་རྩལ་ལ་ཞིབ་འཇུག་གཏིང་ཟབ་བྱས་པས་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ལོ་མང་པོའི་ལག་ལེན་དང་འཚོལ་ཞིབ་བྱས་པ་བརྒྱུད་ནས། རྒན་ཆེན་མོ་ཉི་མ་ལགས་ཀྱིས་བོད་སྨན“བཙོ་ཐལ”འདུར་རྫའི་འདུལ་སྦྱོང་ལག་རྩལ་གསར་གཏོད་བྱས་ཤིང་། ཨ་རུ་བོད་སྨན་གྱི་བོད་སྨན་སྡེབ་སྦྱོར་ལག་རྩལ་ཁྲོད་བདེ་བླག་ངང་བཀོལ་སྤྱོད་བྱས། འདུར་རྫའི་འདུལ་སྦྱོང་ལག་རྩལ་བེད་སྤྱོད་བྱས་པར་བརྟེན་ནས། བོད་སྨན་གྱི་སྨན་ནུས་སྔར་ལས་ཇེ་མཐོར་སོང་བ་མ་ཟད། ནུས་རྒྱུ་དང་སྨན་རྒྱུ་གྲོན་ཆུང་བྱེད་ཐུབ་པ་བྱུང་། གསར་གཏོད་ཆེད་ཁེ་དཔང་ཡིག་ཐོབ་པར་བརྟེན་ནས། བོད་སྨན་འདུལ་སྦྱོང་ཁྱབ་ཁོངས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རིག་ཞིབ་འཇུག་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་ལྡན་ཞིང་། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག


མཉམ་སྤྱོད།