མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྐང་ཚ་རྫོང་གིས་ཐོན་སྐྱེད་བདེ་འཇགས་ཁྱབ་ཁོངས་ཀྱི་ཐེར་འདོན་བྱ་དགའི་ལག་བསྟར་ཞིབ་སྲོལ་བཏོན་པ།

2023-11-30 15:28:57   |   160

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྐང་ཚ་རྫོང་གིས《མཚོ་སྔོན་ཞིང་ཆེན་གྱི་ཐོན་སྐྱེད་བདེ་འཇགས་ཁྱབ་ཁོངས་ཀྱི་ཐེར་འདོན་བྱ་དགའི་ལག་བསྟར་ཞིབ་སྲོལ》སོགས་དོན་དངོས་གཞིར་བཟུང་སྟེ། 《རྐང་ཚ་རྫོང་གི་ཐོན་སྐྱེད་བདེ་འཇགས་ཁྱབ་ཁོངས་ཀྱི་ཐེར་འདོན་བྱ་དགའི་ལག་བསྟར་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)གཏན་ལ་ཕབ་ནས་བཏོན།

《ཞིབ་སྲོལ》ནང་གཏན་འབེབས་བྱས་དོན། ཐོན་སྐྱེད་བདེ་འཇགས་ཀྱི་བྱུར་རྐྱེན་དང་ཁྲིམས་འགལ། དོན་རྐྱེན་སྦ་གསང་བྱས་ཏེ་སྙན་ཞུ་མི་བྱེད་པ། སྙན་ཞུ་རྫུན་བཟོ་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་བྱ་དགའ་སྟེར་བ་དང་། བྱ་དགའི་མ་དངུལ་མཐོ་ཤོས་སྒོར་ཁྲི30སྟེར་རྒྱུ། ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་དང་མཐུན་པ་མ་ཟད་བྱུར་རྐྱེན་ཚབས་ཆེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡིན་ཕྱིན་ཐེར་འདོན་པར་སྲིད་འཛིན་ཆད་གཅོད་མ་དངུལ་གྱི15%ལྟར་ཐེར་འདོན་བྱ་དགའ་སྟེར་རྒྱུ་དང་། བྱ་དགའི་དངུལ་སྒོར་ཁྲི1ལས་མི་དམའ་བ་དང་། མཐོ་ཤོས་སྒོར་ཁྲི30ལས་མི་བརྒལ་བ་སྟེར་རྒྱུ། ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་དང་མཐུན་ཞིང་སྤྱིར་བཏང་གི་བྱུར་རྐྱེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ཕྱིན་ཐེར་འདོན་པར་སྲིད་འཛིན་ཆད་གཅོད་མ་དངུལ་གྱི10%ལྟར་ཐེར་འདོན་བྱ་དགའི་མ་དངུལ་སྟེར་རྒྱུ་དང་། བྱ་དགའི་དངུལ3000ལས་མི་དམའ་བ་སྟེར་རྒྱུ། རང་བྱུང་གནོད་འཚེ་སོགས་འགོག་ཐབས་མེད་པའི་རྒྱུ་རྐྱེན་དབང་གིས་བྱུར་རྐྱེན་ཚབས་ཆེན་བཟོས་ཤིང་། ལས་རིགས་ཁག་གི་གཙོ་གཉེར་སྡེ་ཁག་གམ་ཡང་ན་ཆེད་ལས་མི་སྣས་ཞིབ་བཤེར་བྱས་ཀྱང་ཤེས་རྟོགས་མ་བྱུང་བ་ཐེར་འདོན་བྱས་པ་ཡིན་ན། གནས་ཚུལ་ལ་གཞིགས་ནས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྒོར5000སྟེར་རྒྱུ། ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་གསང་ནས་མི་ཞུ་བ། རྫུན་ཞུ་བྱེད་པའི་བྱ་སྤྱོད་ལ་སྤྱིར་བཏང་གི་དོན་རྐྱེན་དང་དོན་རྐྱེན་ཅུང་ཆེ་བ། དོན་རྐྱེན་ཚབས་ཆེན། དོན་རྐྱེན་ཧ་ཅང་ཚབས་ཆེན་བཅས་རིམ་པ་བཞི་ལྟར་དང་། སྦ་གསང་བྱས་པའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ལྟར་སོ་སོར་སྒོར་ཁྲི3ལས་མི་དམའ་བ་དང་། སྒོར་ཁྲི30ལས་མི་བརྒལ་བའི་བྱ་དགའི་དངུལ་སྒོར་སྟེར་རྒྱུ།

《ཞིབ་སྲོལ》ནང་གཏན་འབེབས་བྱས་དོན། ལས་ཁུངས་དང་རྩ་འཛུགས། མི་སྒེར་གང་རུང་གིས་འཕྲལ་བསྟུན་དོ་དམ་པུའི་ཐོན་སྐྱེད་བདེ་འཇགས་ཐེར་འདོན་གྱི་སྐད་འཕྲིན་བྱ་རིམ་དུ་ཡིག་སྐུར་དང་། གློག་རྡུལ་ཡིག་སྐུར། བརྙན་སྐྱེལ། ངོ་གཏུག་བཅས་ཀྱི་བྱེད་ཐབས་བརྒྱུད་དེ་བྱུར་རྐྱེན་དང་ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་ཆོག་པ་མ་ཟད། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་སྤྱི་བདེ་སོགས་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་འགན་འཁུར་བའི་སྡེ་ཁག་ལ་འབྲེལ་ཡོད་ལས་རིགས་སམ་ཁྱབ་ཁོངས་ཀྱི་དོན་རྐྱེན་འབྱུང་རྐྱེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་ཞུ་དབང་ཡོད།

《ཞིབ་སྲོལ》ནང་གཏན་འབེབས་བྱས་དོན། ཐེར་འདོན་ཁུངས་སྣེ་ལ་ཐེར་འདོན་བྱ་ཡུལ་ལས་ཁུངས་ཀྱི་མིང་དང་། ཁྲིམས་འགལ་དོན་དངོས། དུས་ཚོད། ས་གནས། འབྲེལ་གཏུག་བྱེད་སྟངས། འབྲེལ་ཡོད་དཔང་ཡིག་སོགས་འདུ་དགོས་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་སྦ་གསང་བྱས་པ་དང་རྫུན་ཞུ་བྱས་པའི་ཁོངས་སུ་གཏོགས་ཚེ། ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་སྦ་གསང་བྱས་པ་དང་རྫུན་ཞུ་བྱས་པའི་ལས་ཁུངས་ཀྱི་མིང་དང་དོན་རྐྱེན་བྱུང་བའི་དུས་ཚོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས། རྐྱེན་ལམ་དུ་ཤོར་བའི་མིའི་རུས་མིང་། འབྲེལ་གཏུག་བྱེད་སྟངས་སོགས་འབྲེལ་ཡོད་ཆ་འཕྲིན་གསལ་པོ་འགོད་དགོས།   

《ཞིབ་སྲོལ》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་རྐང་ཚ་རྫོང་གི་ཐོན་སྐྱེད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ལ་སྔར་ལས་ཤུགས་སྣོན་དང་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་འགོག་ཟོན་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་པའི་ནུས་པ་ལྡན་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་རྣམས་རང་འགུལ་ངང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ནང་ཞུགས་པར་སྐུལ་སློང་བྱེད་པ་དང་། མཉམ་འགོག་མཉམ་བཅོས་ཀྱི་སྤྱི་ཚོགས་ཐོན་སྐྱེད་བདེ་འཇགས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་རྒྱུར་ཕན།


མཉམ་སྤྱོད།