དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-06 07:42:54   |   463

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར103010ཟིན་ནས8.4%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཚེས4ཉིན་བར་རང་རྒྱལ་གྱི་ད་ལོའི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར1200ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • རིག་གནས་གནས་སྐོར་པུའི་གྲངས་གཞི་ལས་མངོན་པར། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་གནས་སྐོར་བྱེད་པ་མི་ཐེངས་དུང་ཕྱུར36.74ཟིན་པ་དེ་དུས་མཚུངས་ལས75.5%འཕར་ཡོད།

  • ཉེ་ཆར་ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་སྟེ། སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞིའི་སྒྲིག་ཁོངས་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

  • སློབ་གསོ་པུ་ཡིས་ཡིག་ཆ་བཀྲམ་སྟེ། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭས་སློབ་མར་ནད་ཕོག་དུས་ཀྱི་ལས་བྱ་ངེས་པར་འབྲི་དགོས་པའི་བླང་བྱ་བཙན་པོ་མ་བཏོན་ན་ཆོག

  • ཟླ1ནས11པའི་བར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས16145བཏང་བ་དང་དངོས་ཟོག་ཚད་ལྡན་སྒམ་ཁྲི་174.9སྐྱེལ་འདྲེན་བྱས་ཤིང་། སྐྱེལ་འདྲེན་བྱེད་ཚད2022ལོའི་ལོ་ཧྲིལ་པོའི་སྡོམ་འབོར་ལས་བརྒལ་ཡོད་པ་རེད།

1.jpg

  • ཚེས5ཉིན། ཀུའུ་ཧྲེན་སྲུང་སྐར་དང་པོ་རྟགས་ཅན་གྱི་རྒྱང་ཚོར་དགུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བདེ་བླག་ངང་འཕེན་གཏོང་བྱས་ཏེ། སྐྱེལ་འདྲེན་བྱས་པའི་ཐེན་ཡན་སྐར་མ16དང་ཞིང་ཁྲི་དང་པོའི་སྐར་མAསྲུང་སྐར་བདེ་བླག་ངང་སྔོན་ལ་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་བ་རེད།

  • ཚེས5ཉིན་དབྱིན་ཇིར་ཡོད་པའི་དོམ་ཁྲ“ཉི་འོད”དང“མངར་མངར”ཁྲེང་ཏུའུ་ཧྲོང་ལིའུ་གནམ་ཐང་དུ་བདེ་འཇགས་ངང་འབྱོར།

སྤྱི་ཚོགས།

2.jpg

  • ཚེས5ཉིན་གྱི་མཚན་མོ་ནས་ཚེས7ཉིན་བར། མཁའ་རླུང་གྲང་བས་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་པས། ནང་སོག་དང་། ཧེ་ལུང་ཅང་། ཞིན་ཅང་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མར་ཆག་ཚད་ནི10℃ནས་14℃ཡིན་པ་དང་། ས་ཁུལ་ཁ་ཤས་སུ14℃ལས་བརྒལ་པ་ཡིན།

  • ཚེས5ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་བུད་སྣུམ་སོ་སོར་ཏུན་རེར་སྒོར55དང་སྒོར50བཅག་པ་རེད།

  • ཟླ11པར་རང་རྒྱལ་གྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་སྟོན་གྲངས་113.1ཟིན་ཞིང་། དྲ་ཐོག་ཚོང་དོན་ཟོག་འགྲེམས་འཁོར་སྐྱོད་བརྟན་པོའི་ངང་ཡར་རྒྱས་བྱུང་ཡོད།

  • ཚེས5ཉིན་སི་ཁྲོན་ཏེ་དབྱང་ཀྲུང་དབྱང་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཝུའུ་ཧྥུང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།

  • ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱད་པའི་དབང་གིས་ཀྲུང་ནན་སློབ་ཆེན་ཞང་ཡ་སྨན་ཁང་ལ་དངུལ་ཆད་སྒོར་983953.72བཅད་པ་རེད།

  • ཁྲུང་ཆིང་གིས་ཧན་རྒྱལ་རབས་ནུབ་མའི་ཐོག་མའི་དུས་ཀྱི་བང་སོ་རྙེད་ནས་ཤུལ་དངོས600ལྷག་ཙམ་རྙེད་པ་རེད།

3.jpg

  • ཉེ་ཆར་བྱང་མཚོའི་མཚོ་འགྲམ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་འཛམ་གླིང་ཐོག་གི་ཆེས་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཏེ་ཏིའོ་ཙུའེ་ཡུས(勺嘴鹬)སླར་ཡང་ཤེས་རྟོགས་བྱུང་བ་རེད།

  • ཀོང་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་དཔེ་དེབ་པར་དབང་རྐུ་སྤྱོད་ཀྱི་དཔེ་ཕྱིར་ཚོང་བྱེད་མཁན་ཉེས་གསོག་ཚོགས་པ་ཆེན་པོ་ཞིག་མེད་པ་བཟོས་ནས་ཉེས་གསོག་དོགས་ཅན30ལྷག་ཙམ་བཟུང་བ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི5000ལྷག་ཙམ་ཟིན་ཡོད་པ་རེད།

སྲིད་ཇུས།

  • ཧུའུ་ནན་གྱིས་རྩ་དོན་ཐོག་སྒྲིག་གཞི་ཚང་བའི་ཡུལ་ཚོ་དང་གྲོང་རྡལ་ཚང་མར་སྲིད་གཞུང་གིས་གཉེར་བའི་འཕྲོད་བསྟེན་ཁང་རེ་འཛུགས་རྒྱུ་དང་། སྲིད་འཛིན་སྡེ་བ་རེར་འཕྲོད་བསྟེན་ཁང་རེ་འཛུགས་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཧྲན་ཏུང་གིས་ཟས་རིགས་བདེ་འཇགས་ཀྱི་སྒྲིག་སྲོལ་གསར་པ་གྲོས་འཆམ་བྱུང་སྟེ། གཏན་འབེབས་ལྟར་སྡེབ་སྐྱེལ་བྱས་པའི་ཟས་རིགས་ཁ་དམ་པོར་སྦྱར་མེད་ཚེ། ཟ་མ་སྐྱེལ་མཁན་ལ་ཟ་མ་མི་སྐྱེལ་བའི་དབང་ཆ་ཡོད་པ་དང་། འཛད་སྤྱོད་པར་དང་ལེན་མི་བྱེད་པའི་དབང་ཆ་ཡོད་པ་ཡིན།

  • ཧྲེན་ཀྲེན་གྱིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ཏེ། སང་ལོ་ནས་བཟུང་སློབ་ཆུང་དང་དམའ་འབྲིང་དུ་ཉིན་ལྟར་ལུས་རྩལ་སློབ་ཚན་གཅིག་བཀོད་སྒྲིག་བྱ་དགོས་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

4.jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ལིའོ་ཉིང་གི་བྱང་ཤར་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ནང་ཅི་ལིན་ཤར་རྒྱུད་དང་ཞིན་ཅང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན། སི་ཁྲོན་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་དབུས་ལྷོ་རྒྱུད། ཀོང་ཞི། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།