དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-07 07:35:18   |   477

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ12ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏེ་ལི·ཉི་ལི་ན·ལ་ཆའོ་ལི་ན་ལ་གློག་འཕྲིན་བཏང་སྟེ་ཁོང་མ་ཏ་ཅ་སི་ཅ(马达加斯加)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ་དང་། ད་ལོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་གསུམ་ཆ་གཅིག་ཟིན་རྒྱུ་ཡིན་པ་བཤད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་རྒྱལ་མ་དངུལ་གྱིས་ཀྲུང་གོའི་བུ་ལོན་ཁྲོམ་རར་མུ་མཐུད་དུ་མཐོང་ཆེན་བྱེད་བཞིན་ཡོད་དེ། ཟླ་དགུ་རིང་ལ་བསྟུད་མར་རང་རྒྱལ་གྱི་བུན་འཛིན་ཉོས་ཤིང་། ད་ལོ་རིམ་རྩིས་བྱས་ན་ཉོ་ཚད་སྒོར་དུང་ཕྱུར་ཁྲི་གཅིག་ཙམ་ཟིན་ཡོད་པ་རེད།

1.jpg

  • ཚེས6ཉིན། གོ་ལ་ཧྲིལ་པོའི་ཉིང་རྡུལ་གློག་ཁང་རབས་བཞི་པ་སྟེ། ཧྭ་ནེང་ཧྲི་གླིང་ཕྲན་མཚོ་ཁུག་གི་དྲོད་ཚད་མཐོ་བའི་རླུང་གྲང་ཕུང་ཉིང་རྡུལ་གློག་ཁང་གི་དཔེ་སྟོན་ལས་གྲྭ་ཚོང་ལས་འཁོར་སྐྱོད་བྱེད་མགོ་ཚུགས་པ་རེད།

2.jpg

  • ཚེས6ཉིན། རང་རྒྱལ་གྱིས་ཀོང་ཏུང་དབྱང་ཅང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཅེ་ལུང་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་ལག་རྩལ་ཚོད་ལྟའི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་ཡོད།

  • ཕྱོགས་གསུམ་པའི་དབང་གྲགས་སྒྲིག་གཞིའི་ཞིབ་རྩིས་དང་གདེང་འཇོག་ཁས་ལེན་བྱས་པ་བརྒྱུད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ཐཱན་དོ་སྙོམས་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས6Gལག་རྩལ་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། 2030ལོ་ཙམ་ལ་ཚོང་སྤྱོད་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་དཔྱ་ཁྲལ་གྱི་སྒྲིག་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ཏེ།   ཚེས25ཉིན་ནས་བཟུང་། རང་རྒྱལ་གྱིས་དེ་སྔ་ཨན་ཀོ་ལ(安哥拉)སོགས་དར་རྒྱས་མིན་པའི་རྒྱལ་ཁབ6གི་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས98%ཙམ་ལ་སྒོ་ཁྲལ་མི་དགོས་པ་བྱ་རྒྱུ་རེད།

  • ཚེས6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་ཨ་རབ་མནའ་འབྲེལ22ཚང་མ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

  • ཚེས6ཉིན། ཨ་རིའིP-8Aམཚོ་འཛུལ་ལ་ངོ་རྒོལ་བྱེད་པའི་སྐོར་གཡེང་གནམ་གྲུ་གཅིག་ཐའེ་ཝན་མཚོ་འགག་བརྒྱུད་དེ་ཡོངས་བསྒྲགས་ངང་འུད་སྒྲོག་བྱས་ཤིང་། རང་རྒྱལ་གྱི་ཤར་རྒྱུད་འཐབ་ཁུལ་གྱིས་དམག་འཐབ་གནམ་གྲུ་སྒྲིག་འཛུགས་བྱས་ནས་ཨ་རིའི་གནམ་གྲུ་བརྒལ་བའི་བྱ་སྤྱོད་ལ་ལྟ་སྐུལ་དང་ཉེན་ཟོན་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཡོད།

སྤྱི་ཚོགས།

  • རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་གྲོས་མོལ་ཞིབ་འཇུག་བརྡར་གཅོད་བྱས་པར་གཞིགས་ན། ཟླ་བཅུ་གཉིས་པར་རང་རྒྱལ་གྱི་ཧྭ་ཤར་དང་ཧྭ་དབུས་སོགས་སུ་དྲོད་ཚད་དམའ་བའི་ཁངས་ཆར་གནོད་འཚེའི་ཉེན་ཁ་ཡོད་པར་ངོས་འཛིན་བྱས་པ་རེད།

  • དྲ་འཕྲིན་སྡེ་ཚན་གྱིས་ཐོལ་བྱུང་གྱོད་གཞི་དང་འབྲེལ་བའི་དོན་རྐྱེན་དང་། སྤྱི་པའི་སྲིད་ཇུས། སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་བཅས་ཀྱི་དྲ་རྒྱའི་དཀྲོག་གཏམ་གྱི་དཔེ་མཚོན་གྱོད་གཞི་ཁག་གསུམ་པ་ཡོངས་བསྒྲགས་ངང་དམར་འདོན་བྱས།

  • ཀྲུང་གོའི་སྦྲག་སྲིད་ཀྱིས་ཚེས6ཉིན་ཧོ་པེའི་ཞུང་ཨན་ཁུལ་གསར་གྱི་སྦྲག་སྲིད་ཨང་གྲངས་ཁྱབ་བསྒྲགས་བྱས་ཤིང་། ས་ཁུལ་གསར་དུ་སྔོན་ལ070001སྤྱོད་མགོ་ཚུགས་ཡོད།

  • ཚེས6ཉིན། རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཀོང་ཀྲོའུ་ལྟེ་གནས་ཀྱིས་རང་རྒྱལ་གྱིས་བཟོས་པའི་རིམ་འདས་རྩིས་རྒྱག་མ་ལག་རབས་གསར་པའི“དགུ་ཚིགས་སྐར་མོ”ཁྱབ་བསྒྲགས་བྱས།

3.jpg

  • ཚེས6ཉིན། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་ཨེ་ཤེ་ཡའི་སྒོར་དབྱིབས་ཀྱི“མཚོ་ཐོག་སྣུམ་རླངས་ལས་སྣོན་བཟོ་གྲྭ”——“རྒྱ་མཚོའི་རྡོ་སྣུམ་122”གཡེང་འཕྱོ་རྣམ་པའི་ཐོན་སྐྱེད་དང་འདོན་འཇུག་གི་སྒྲིག་ཆས་གཙོ་བོ་བསྐྲུན་ཞིང་། སྣུམ་གསོག་ཚད་ཆེ་ཤོས་ཏུན་ཁྲི6ཟིན་ཏེ། མཚོ་ཐོག་འཁོར་སྐྱོད་བྱས་ནས་ལོ15སོང་རིང་ཕྱིར་གྲུ་ཁར་ལོག་མི་དགོས།

4.jpg

  • ཆིན་ལིང་དོམ་ཁྲ་ཞིབ་འཇུག་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ལྟེ་གནས་ཀྱིས་དོམ་ཁྲའི་སྦྲུམ་ཐེངས4དང་ཕྲུ་གུ7གསོ་འཕེལ་བྱུང་བའི་ནང་ཕོ5དང་མོ2ཡོད་པ་རེད།

5.png

  • ཉེ་ཆར་ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཚན་ཞིབ་ཚོགས་པས་ད་བར་ལོ་ངོ་དུང་ཕྱུར1.3གོང་གི་ལེ་པ་ནོན་གྱི་སྤོས་ཤེལ་ཁྲོད་ནས་ཤེས་རྟོགས་ཐུབ་པའི་ཆེས་གནའ་བའི་དུག་སྦྲང་གི་འགྱུར་རྡོ་ཞིག་རྙེད་པ་རེད།

6.jpg

  • ཡུན་ནན་ཅིང་ཧུང་གི་ན་གཞོན་ཡན་ཝུན་སློབ་ཆེན་མཐར་ཕྱིན་རྗེས་གྲོང་ཚོར་ལོག་ནས་ལས་གཏོད་བྱས་ཏེ། ལོ་ལྔའི་རིང་ལ་སྨི་གྲུ་བཞི་མ5000ཡི་གྱང་ངོས་རི་མོ་བྲིས་ནས་ཕ་ཡུལ་གྱི་གྲོང་ཚོ300ལྷག་ཙམ་མཛེས་སྡུག་ལྡན་པར་གྱུར་བ་རེད།

སྲིད་ཇུས།

  • ནོར་སྲིད་པུས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཏེ། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་དོ་དམ་གྲོན་དངུལ་དང་ཚབ་གཉེར་གྲོན་དངུལ་གྱི་ཚད་གཞི་འོས་འཚམ་ཇེ་དམའ་བཏང་ནས། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

  •  2024ལོར་ཐེན་ཅིན་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་མུ་མཐུད་དུ་མཐོ་རུ་བཏང་སྟེ། འགན་བཅོལ་ནང་ཞུགས་མཁན་གྱི་སྒོ་བསྟེན་སྨན་བཅོས་རྩིས་ཞུའི་ཚད་གཞི་མཐོ་ཤོས་སྒོར4000ནས་སྒོར5000བར་མཐོ་རུ་བཏང་བ་ཡིན།

  • ཁྲུང་ཆིང་གིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ཏེ། ཆང་བཅུད་རིགས་ཀྱི་བཏུང་བྱ་དང་། སྦྲིད་སྨན་ནམ་ཡང་ན་སྨན་རྫས་གཞན་དག་གི་ཤུགས་རྐྱེན་ཐེབས་སྐབས་མི་མེད་གནམ་གྲུ་ཚོད་འཛིན་བྱེད་མི་ཆོག་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཆེ་བ་དང་། དབྱི་ལི་གཙང་པོའི་གྲོག་རོང་དུ་ཁངས་ཆེན་འབབ་རྒྱུ་ཡིན། ཡུན་ནན་གྱི་ལྷོ་ནུབ་རྒྱུད་དང་། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན།


མཉམ་སྤྱོད།