དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-11 08:08:15   |   2521

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • གཞི་གྲངས་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་ཟླ11པའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89.3ཡིན་ལ། ཟླ་སྔོན་མ་དང་བསྡུར་ན0.2ཕྱིར་འཕར་ཡོད།

༡.jpg

  •  ཚེས10ཉིན། རང་རྒྱལ་གྱི་ཞི་ཁྲང་འཁོར་སྐར་གཏོང་འཕེན་ལྟེ་གནས་ཀྱིས་ཡའོ་ཀན་ཨང་རྟགས་སུམ་ཅུ་སོ་དགུ་པ་བདེ་བླག་ངང་གནམ་ལ་བཏང་བ་དང་། འདི་ནི་ཁྲང་ཀྲེང་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་ཐེངས500པ་ཡིན།

  • རང་བྱུང་ཐོན་ཁུངས་པུའི་གསར་འགྱུར་ལྟར་ན། རང་རྒྱལ་གྱི“རི་ཆུའི་ལས་གཞིས”སྐྱེ་ཁམས་བསྐྱར་གསོ་དང་བཅོས་སྐྱོང་བྱེད་ཚད་སྡོམ་པས་རྒྱ་ཁྱོན་མུའུ་ཁྲི8000ལེགས་འགྲུབ་བྱུང་།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུའི་གསར་འགྱུར་ལྟར་ན། མིག་སྔར། རྒྱལ་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱི་བྱིས་པའི་དབུགས་ལམ་གྱི་ནད་ཀྱི་བརྟག་བཅོས་བྱེད་ཚད་ཕྱོགས་ཡོངས་ནས་མར་ཆག་པའི་འགྲོ་ཕྱོགས་མངོན་ཡོད།

  • ད་ལོའི་ཟླ1པོ་ནས་ཟླ11བར། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་བརྟན་འཇགས་མ་རྩའི་མ་དངུལ་སྒོར་དུང་ཕྱུར6407བཏང་བ་དང་། དུས་སྔོན་མ་དང་བསྡུར་ན7.4%འཕར་ཡོད།

  • ད་ལོའི་ཟླ1པོ་ནས་ཟླ10བར། རྒྱལ་ཡོངས་ཀྱི་གྲུ་གཟིངས་ལས་སྣོན་གྱི་ལས་འགྲུབ་བྱུང་ཚད་ནི་ཐེག་ཚད་ཏུན་ཁྲི3456ཡིན་ལ། དུས་སྔོན་མ་དང་བསྡུར་ན12%འཕར་ཡོད།

༢.jpg

  • ཚེས10ཉིན། ཀྲུང་གོ་རུ་ཁག་གིས2023ལོའི་ཁྲིན་ཏུའུ་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་བསྲེས་ཚོགས་པའི་འཛམ་གླིང་འགྲན་བསྡུར་ཁྲོད་ཁོ་རེ་ཡ་ལས་རྒྱལ་ནས་ཨང་དང་པོ་བླངས།

༣.jpg

  • ཚེས10ཉིན། ཀྲུང་གོའི་འགྲན་ཞུགས་པ་ལིའུ་ཧྲའོ་ཨང་གིས་ལམ་ཐུང་མྱུར་ཤུད་ཀྱི་འཛམ་གླིང་འགྲན་བསྡུར་གྱི་པེ་ཅིང་ས་ཚིགས་ཀྱི་སྨི1000གི་རྟིང་རྩོད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བླངས།

  • ས་གནས་དེ་གའི་ཚེས10ཉིན། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཀུའུ་ཐི་ལེ་སི་ཡིས་ཁ་ཐང་གྱི་རྒྱལ་ས་ཏོ་ཧ་ནས་ཡང་བསྐྱར་ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

སྤྱི་ཚོགས།

༤.jpg

  • ཀྲུང་དབྱང་གནམ་གཤིས་ཁང་གིས་ཁངས་ཆེན་འབབ་པའི་གསེར་མདོག་སྔོན་བརྡ་བཏང་། དེ་རིང་། ཧྲན་ཞི་དང་ཧོ་ནན། ལུའོ་ཉིང་སོགས་ས་ཁུལ་ལ་ལར་ཁངས་ཆེན་འབབ་རྒྱུ་དང་། ས་ཆ་ཁ་ཤས་ལ་ཡང་བསྐྱར་ཁངས་ཀྱི་གཏིང་ཚད་ལི་སྨི10ལས་བརྒལ་སྲིད།

༥.png

  • ཚེས10ཉིན། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས“ཨེ་ཏར·མའོ་ཏུའུ་རྟགས་ཅན”གྱི་གྲུ་གཟིངས་ནང་སྤྱོད་པའི་ཐོན་རྫས་ཚང་མ་སྒྲིག་སྦྱོར་བྱས་ཚར་ནས་འཁོར་སྐྱོད་ཚོང་གཉེར་ཕྱོགས་ལ་དངོས་སུ་སྤྲད་དེ་ཐོག་དང་པོའི་འཁོར་སྐྱོད་ཚོད་ལྟ་བྱེད་རྒྱུ་རེད།

༦.png

  • སྤྱི་བདེ་ལས་ཁུངས་ཀྱི་པེ་སུའོ་ཁྲེང་སོགས་བྱང་འབར་མའི་ཀོ་ཀན་གློག་འཕྲིན་མགོ་སྐོར་གྱི་འགོ་བ10ལ་འཛིན་བཟུང་གི་བཀའ་རྒྱ་སྤྱི་བསྒྲགས་བྱས།

  • རྒྱལ་ཁབ་གློག་དྲའི་ཆེས་གསར་བའི་གཞི་གྲངས་ལྟར་ན། 2023ལོར། ཞིན་ཅང་གི་ནུས་ཁུངས་གསར་པའི་གཞི་ཁྱོན་སྟོང་ཝ་ཁྲི2011.8ལ་ཐོན་པ་དང་། གསར་དུ་བསྣན་པའི་ནུས་ཁུངས་གསར་པའི་འཕྲུལ་ཆས་དུ་འཇུག་པའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན།

སྲིད་ཇུས།

  • ཐེན་ཅིན་གྱི་བརྡ་སྦྱོར་བཏང་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་གཏོད་ལས་ཞུགས་བྱེད་པར་ཆེད་དོན་རོགས་དངུལ་རེ་ཞུ་བྱས་ཆོག་པ་དང་། རོགས་དངུལ་ཆེས་མང་ན་སྒོར་ཁྲི6བླངས་ཆོག

  • ཧེ་ལུང་ཅང་གིས་བརྡ་སྦྱོར་བཏང་ནས། སང་ལོ་ནས་བཟུང་བརྒྱལ་གཟེར་ནད་དང་ཕ་ཅིན་སེན་ནད། གློ་ཡུའི་ཡན་ལག་ཧར་འཚང་སོགས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་སྒོ་བསྟེན་གཅོང་ནད་དོ་དམ་ནང་འཇུག་རྒྱུ།

དེ་རིང་གི་གནམ་གཤིས།

༧.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་ཅི་ལེན་གྱི་ལྷོ་ཤར་རྒྱུད། ལུའི་ཉིང་གི་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། བྱང་ཤར་ས་ཁུལ་གྱི་དབུས་རྒྱུད་དང་ཧྲའན་ཞིའི་ཤར་རྒྱུད། ཧྭ་བྱང་། ཧོང་ཧུའེ་ས་ཁུལ་མང་ཆེ་བ་དང་། ཁྲོན་ཞི་མཐོ་སྒང་གི་བྱང་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་ལ་ཁངས་ཆུང་ཆུང་ནས་ཁངས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། ཧྲའན་ཞིའི་དབུས་རྒྱུད་དང་ཧྲན་ཞིའི་དབུས་ལྷོ་རྒྱུད། པེ་ཅིང་གི་ལྷོ་ནུབ་རྒྱུད། ཧོ་པེའི་ལྷོ་རྒྱུད། ཧོ་ནན་གྱི་བྱང་རྒྱུད། ཧྲན་ཏུང་གི་ནུབ་རྒྱུད། ལུའོ་ཉིང་གི་ཤར་ལྷོ་རྒྱུད་སོགས་ཀྱི་ས་ཆར་ཁངས་ཆེན་ནས་ཁངས་འཚུབ་འབབ་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ཅང་ཧུའེ། ཅང་ཧན། ཅང་ནན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ནན་གྱི་བྱང་རྒྱུད། ཐེ་ཝན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་དུ་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།