དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོར་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི1179ལ་སླེབས་སྲིད།

2023-12-11 09:43:45   |   2385

 རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགོད་པས་སློབ་གསོ་པུ་ནས་ཤེས་གསལ་ལྟར་ན། 2024ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྔོན་དཔག་བྱས་ན་ཁྲི1179ཟིན་ཡོད་པ་དང་། དུས་མཚུངས་ལས་ཁྲི21འཕེལ་ཡོད།

 ཟླ12པའི་ཚེས5ཉིན། སློབ་གསོ་པུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་ཡིས་ཚོགས་འདུ་བསྡུས་ཏེ། 2024ལོའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོར་བསྒྲུབ་དགོས་པའི་ཕྱོགས་ནས་བཀོད་སྒྲིག་བྱས།

སློབ་གསོ་པུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་ཞུགས་སྲིད་ཇུས་སྔར་ལས་འཐུས་ཚང་ཞིང་། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ལས་འགུལ་ལག་བསྟར། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་སྤུས་ལེགས་འཁྱོངས་པའི་ཞབས་ཞུའི་མ་ལག་གཏོད་པར་སྐུལ་འདེད་བཅས་བྱས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།



མཉམ་སྤྱོད།