དེ་རིང་ནི2025ལོའི་ཟླ05པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་པོ་ཞེས་པར་རྒྱལ་ཁབ་པར་དབང་ཐོ་འགོད་ཀྱི་འཛིན་ཡིག་ཐོབ།

2023-12-13 10:22:06   |   2647

སྒྲིག་སྒྱུར།   སངས་རྒྱས་སྐྱིད།   ཡོང་ཁུངས།  མཚོ་བྱང་ཏང་དོན།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་གྱི“མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་པོ”ཞེས་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་དེ་མཚོ་བྱང་མདོ་ལ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་གྱིས་རེ་ཞུ་བྱས་པ་བརྒྱུད། རྒྱལ་ཁབ་པར་དབང་ཅུས་སྤྲད་པའི་བརྩམས་ཆོས་ཐོ་འགོད་འཛིན་ཡིག་ཐོབ་པ་དང་། ཐོ་འགོད་ཨང་གྲངས་ནི་རྒྱལ་ཁབ་ཀྱི་བརྩམས་ཆོས་ཡིག་ཨང-2023-F-00256616ཡིན། དེས“མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་པོ”ཞེས་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ལ་རྒྱལ་ཁབ་ཀྱི་པར་དབང་ཐོ་འགོད་སྲུང་སྐྱོང་དངོས་སུ་ཐོབ་པ་མཚོན་ཞིང་། མཚོ་བྱང་ཁུལ་གྱིས་ཟོང་རྟགས་གྲགས་ཅན་ལ་བརྟེན་ནས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པའི་འཚོལ་ཞིབ་ཐེངས་གཅིག་ཀྱང་ཡིན། 

1.png


མཉམ་སྤྱོད།