མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་གྱི་ལུས་རྩལ་པས་གཟི་བརྗིད་བརྩོན་ལེན་བྱས་པ།

2023-12-13 11:20:25   |   1510

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས8ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་བསྟུད་མར་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་མང་པོའི་ནང་ཞུགས་ཏེ་བྱ་དགའ་ཨང་དང་པོ་དང་གཉིས་པ་མང་པོ་བླངས་ཡོད་པ་དང་། རྒྱུན་ཆད་མེད་པར་ཚད་བརྒལ་དང་རྒྱལ་ཁའི་གཏམ་བཟང་ཡང་ཡང་བསྒྲགས་ནས་མེས་རྒྱལ་དང་ཕ་ཡུལ་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད།

640.png

 2023ལོར་ཞ་མོན་ཧའེ་ཚང་ལམ་ཕྱེད་མ་ལ་སུང་འགྲན་བསྡུར་ཐོག མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་རིན་ཆེན་དོན་གྲུབ་ཀྱིས་ཆུ་ཚོད1དང་སྐར་མ4དང་སྐར་ཆ58ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་གཉིས་པ་བླངས་པ་རེད། ཐེངས་དེའི་འགྲན་བསྡུར་ནང་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ། ཨོ་སི་ཁྲུ་ལི་ཡ། བྷེ་ཨུ་རུ་སུ། ཏེན་མག ཧྥི་ལི་ཕིན་སོགས་རྒྱལ་ཁབ་དང་ས་ཁུལ21གི་ལུས་རྩལ་པ་ཁྲི་གཉིས་ཞུགས་ཡོད་པ་དང་། འགྲན་བསྡུར་བརྒྱུད་ཀྲུང་གོའི་ལུས་རྩལ་པ་རིན་ཆེན་དོན་གྲུབ་ཀྱིས་ཆུ་ཚོད1དང་སྐར་མ4དང་སྐར་ཆ58ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་གཉིས་པ་བླངས་པ་དང་འབྲེལ་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ལུས་རྩལ་པའི་དམིགས་བསལ་བྱ་དགའ་ཐོབ་པའི་སྐྱེས་པའི་ཨང་དང་པོ་ཡང་ཡིན་པས་མི་སྒེར་གྱི་ལམ་ཕྱེད་མར་སུང་འགྲན་བསྡུར་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།

640 (1).png

2023ལོའི་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་སྦེ་ག་འགྲན་རའི་ཐོག མཚོ་སྔོན་གྱི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་དང་པོའི་སྦེ་ག་ལུས་རྩལ་པས་ཟངས་ཀྱི་རྟགས་མ་གསུམ་དང་ཨང་ལྔ་པ་གཅིག ཨང་བདུན་པ་གཉིས། ཨང་བརྒྱད་པ་གཅིག་བཅས་བླངས་ཡོད་ཅིང་། སྐྱེས་པའི་རང་མོས་སྦེ་ག་འགྲན་བསྡུར་ཁྲོད་མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་དང་པོའི་རང་མོས་སྦེ་ག་འགྲན་མཁན་ཀ་ཁྲའོ་ལར་སྐྱེས་པའི་སྤྱི་རྒྱ65ཡི་ཨང་གསུམ་པ་དང་། རུ་མི་པའེ་ལི་ཀར་སྐྱེས་པའི་སྤྱི་རྒྱ79ཡི་ཨང་བདུན་པ་ཐོབ་ཡོད། བུད་མེད་སྦེ་ག་འགྲན་བསྡུར་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་སྦེ་ག་འགྲན་མཁན་ལི་ཆི་ཡིང་དང་ཝུའུ་རི་ལི་ཀ་སོ་སོར་སྤྱི་རྒྱ57དང་སྤྱི་རྒྱ76རིམ་པའི་ཨང་གསུམ་པ་ཐོབ་པ་དང་། ལིའུ་ཀྲི་ཕིང་ལ་བུད་མེད་ཀྱི་སྤྱི་རྒྱ72ཀྱི་ཨང་བརྒྱད་པ་ཐོབ་ཡོད། གཞན་ཡང་། སྐྱེས་པའི་གནའ་བོའི་སྦེ་ག་འགྲན་བསྡུར་ཁྲོད་ཐེང་ཕི་ཆིང་ལ་སྤྱི་རྒྱ72ཀྱི་ཨང་ལྔ་པ་ཐོབ་པ་དང་། ཐེན་ཧུང་ཤིང་ལ་སྤྱི་རྒྱ55ཡི་ཨང་བདུན་པ་ཐོབ་ཡོད།

640 (2).png

2023ལོར་རྒྱལ་ཡོངས་གཞོན་ནུའི་ཐའེ་ཆོན་དྲག་རྩལ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི(ཀ་པ)འགྲན་བསྡུར་ཁྲོད། མཚོ་སྔོན་ལུས་རྩལ་ལས་དོན་རུ་ཆེན་གཉིས་པའི་ལུས་རྩལ་པ་དབྱང་ལིན་ཀེང་གིས་འགྲན་བསྡུར་དྲག་པོ་ཐེངས་ལྔ་བྱས་ཏེ་ལུས་རྩལ་པ700ལྷག་ཙམ་གྱི་ཁྲོད་ནས་འབུར་དུ་ཐོན་ནས་སྐྱེས་པ་སྤྱི་རྒྱ73རིམ་པའི་ཨང་དང་པོ་བླངས་པར་མ་ཟད། རྒྱལ་ཡོངས་ཀྱི་ཨང་དང་པོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཡང་རག་ཡོད།


མཉམ་སྤྱོད།