དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-18 07:32:04   |   2374

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་ཨེ་སྨིར་ན་ཝ་ཧྥུ(科威特埃米尔纳瓦夫)སྟབས་མ་ལེགས་པར་སྐུ་གཤེགས་པར་ཁུ་ཝེ་ཐེའི་གསར་དུ་བསྐོ་གཞག་བྱས་པའི་ཨའེ་སྨི་ཧྲ་ལེ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

  •  ཟླ་དང་པོ་ནས་བཅུ་གཅིག་པའི་བར་དུ། སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར་1463.1ཟིན་འདུག་ཅིང་། དུས་མཚུངས་ལས15.8%འཕར་ཡོད།

  • ཟླ11པར། རྒྱལ་ཡོངས་ཀྱི་ཁྲལ་འབབ་ཡོང་སྒོ་སྒོར་དུང་ཕྱུར10579འདུག་ཅིང་དུས་མཚུངས་ལས3.2%འཕར་ཡོད།

  • རེས་སྐོར་འདིའི་དྲོད་ཚད་དམའ་བའི་ཁངས་ཆར་འཁྱགས་རོམ་གྱི་གནོད་འཚེར་གདོང་གཏོད་པའི་ཆེད། བཟོ་འཕྲིན་པུས་རྒྱལ་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་འཚུབ་བསྟུན་འཕྲིན་གཏོང་འགན་ལེན་བྱེད་པའི་བཀོད་སྒྲིག་བྱས་ཡོད།

  • ཚེས17ཉིན། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་མིག་སྔར་རང་རྒྱལ་དུ་པྲོག་གསར་ནད་དུག་གསར་པ་འགོས་ཚད་ཅུང་དམའ་ཞེས་བསྟན།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་དུ། རྒྱལ་ཡོངས་ཀྱི་བདར་ཀུའེ་གློག་རྫས་ཀྱི་ཐོན་ཚད་རིམ་རྩིས་བྱས་ན་ཅི་ཝ403ལས་བརྒལ་བ་དང་། རང་རྒྱལ་གྱི་འོད་ཤུགས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་ཁ་ཡངས། 

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ཚོང་དོན་ནང་འདྲེན་བྱེད་ཚད་ཟླ་བ་བཅུ་ལ་བསྟུད་མར་འཕར་འདུག

    1.gif

  • ཚེས17ཉིན། འཁྱོག་ཐིག་གཉིས་ཅན་གྱི་ཚོང་ལས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཨང་རྟགས་དང་པོ་རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཤིང་། ཏི་ཏི་ཡི་སྲུང་སྐར་ཨང་དང་པོ་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ།

    2.jpg

  • ཚེས16ཉིན། ཀྲུང་གོའི་ལྷོ་སྣེའི་སྐམ་སའི་རྟོག་ཞིབ་རུ་ཁག་ཐེངས40པའི་ལམ་ཆས་མཛད་སྒོ་འཚོགས། རུ་མི29ཐའེ་ཧྲན་ས་ཚིགས་དང་། ཁུ་ནུའི་ས་ཚིགས། རི་བོ་ཀེ་ལུའོ་ཕུའུ་ས་ཁུལ་བཅས་སུ་བསྐྱོད་དེ་འབྲེལ་ཡོད་ཚན་རིག་རྟོག་ཞིབ་བྱ་རྒྱུ་རེད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་སྟེ། ཚེས17ནས20ཉིན་བར། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ནང་སོག ཧྭ་བྱང་ས་ཁུལ། བྱང་ཤར་ས་ཁུལ། ཧོང་ཧོའེ་ཡི་དབུས་ཤར་རྒྱུད། ཅང་ཧོའེ་ཡི་ཤར་རྒྱུད་སོགས་ས་ཁུལ་ཁག་ཅིག་གི་ཉིན་རེའི་དྲོད་ཚད་དམའ་ཤོས་ལོ་རྒྱུས་ཀྱི་དུས་མཚུངས་ལས7℃ཡན་དམའ་བར་འདུག

  • པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་ཚེས18ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་། བུ་བཅོལ་ཁང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱིས་སློབ་གྲྭར་སློབ་སྦྱོང་བྱེད་རྒྱུ་སླར་གསོ་བྱས་པའི་བརྡ་ཐོ་བཏང་། 

    3.jpg

  • ཐེན་ཅིན་ནས་པེ་ཅིང་ཏ་ཞིན་རྒྱལ་སྤྱིའི་གནམ་ཐང་བར་གྱི་ལྕགས་ལམ་དེ་རིང་ནས་བཟུང་དངོས་སུ་ཤར་གཏོང་བྱ་རྒྱུ་རེད། ཐེན་ཅིན་ནུབ་ཚུགས་ནས་ཏ་ཞིན་གནམ་ཐང་འབས་ཚུགས་བར་ཆེས་མགྱོགས་ཤོས་སྐར་མ41ནང་འབྱོར་ཐུབ།

  • ཚེས17ཉིན། བོད་ལྗོངས་མཁའ་འགྲུལ་དང་ཀྲུང་གོའི་ཚོང་ལས་འཕུར་སྐྱོད་དབར་གྲོས་མཐུན་བཞག་སྟེ། རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་ས་མཐོའི་གནམ་གྲུ་ཆེ་གྲས་ཀྱི་བཟོ་དབྱིབས་ཞིབ་བཟོ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།

  • ཚེས17ཉིན། WTTའཛམ་གླིང་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ཀྱི་རྟིང་རྩོད་འགྲན་སྡུར་ནང་། ཀྲུང་གོའི་རུ་ཁག་གི་འགྲན་ཞུགས་པ་སུན་དབྱིང་ཧྲ་ལ་བུད་མེད་རྐྱང་པའི་ཨང་དང་པོ་ཐོབ་པ་དང་། ཀྲུང་གོའི་རུ་ཁག་གི་ཚན་སྡེབ་སུན་དབྱིང་ཧྲ་དང་ཝང་མན་ཡུས་ལ་བུད་མེད་ཚན་སྡེབ་ཀྱི་ཨང་དང་པོ་ཐོབ།

  • རྒྱལ་ཁབ་སྐད་ཡིག་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལྟེ་གནས་ཀྱིས2023ལོའི་“ཐ་སྙད་གསར་པ་བཅུ”ཁྱབ་བསྒྲགས་བྱས་ཤིང་། ཆགས་གྲུབ་རྣམ་པའི་མི་ཐབས་རིག་ནུས(生成式人工智能)དང་གྲོང་ཚོའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་སྡུར་ཆེན་མོ(村超)སོགས་ཀྱི་ཐ་སྙད་བདམས་ཡོད།

  • ཀོང་ཀྲོའུ་གྲོང་ཁྱེར་གྱི་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཀོང་ཀྲོའུ་རུ་རྣམ་གྲངས་ས་ཆ་ཞིག་ལ་རྟོག་ཞིབ་བྱེད་སྐབས། ཧན་རྒྱལ་རབས་ནས་མིང་དང་ཆིང་རྒྱལ་རབས་བར་གྱི་རིག་གནས་ཤུལ་བཞག་ཅིག་ཤེས་རྟོགས་བྱུང་བ་དང་། མིག་སྔར་རྗེས་ཤུལ90ཙམ་གཙང་སེལ་བྱས་ཤིང་དེའི་ནང་བང་སོ71ཡོད།

    4.jpg

  • ཉེ་ཆར། ཚན་ཞིབ་ཚོགས་པས་ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་གི་ཅང་ཤིས་ཁུལ་དུ་འོ་འཐུང་སྲོག་ཆགས་ཀྱི་སྐྱེ་དངོས་རིགས་གསར་པ་སྟེ་ཧོང་ཀང་གི་ཆུ་ཅིན(鼩鼱)རྙེད།

    སྲིད་ཇུས།

  • ཧྲའན་ཞི་ཡིས་བྱ་ཐབས་པར་འགྲེམས་བྱས་ཏེ། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་རིང་གི་སློབ་གྲྭའི་ཟ་ཁང་དེ་སློབ་གྲྭས་རང་བརྟེན་གཉེར་སྐྱོང་དང་གཅིག་གྱུར་དོ་དམ་བྱེད་པ་ལས་ཕྱི་ཕྱོགས་སུ་འགན་གཙང་ལེན་བྱེད་དུ་འཇུག་པའམ་ཡང་ན་མངགས་བཅོལ་གཉེར་སྐྱོང་བྱེད་མི་ཆོག་པའི་གཏན་འབེབས་བྱས། 

  • ཧྲན་ཏུང་གིས་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། ཆ་རྐྱེན་འཛོམས་པའི་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི20ནས་སྒོར་ཁྲི30བར་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

  • ཧའེ་ནན་སན་ཡ་ཡིས་ཞབས་ཞུའི་ཚད་གཞི་ཁྱབ་བསྒྲགས་བྱས་པ་སྟེ། གནས་སྐོར་བས་གནས་སྐོར་བྱེད་རིང་། གནས་སྐོར་ལས་དོན་ཁང་གིས་ཆུ་ཚོད24རིང་ཆེད་སྤྱོད་ལམ་ཐིག་གི་འཕྲལ་སྡོམ་ཁ་པར་ཤར་གཏོང་བྱས་ཏེ། གནས་སྐོར་བའི་ཞུ་གཏུག་འབྱོར་རྗེས་ཀྱི་སྐར་མ30ཡི་ནང་ཚུན་དུ་ལན་སློག་རྒྱུའི་འགན་ལེན་བྱེད་དགོས།

    དེ་རིང་གི་གནམ་གཤིས།

    5.jpg

  • བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧོང་ཧོའེ་ཡི་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཅང་ཧོའེ་དང་ཅང་ཧན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།