དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ས་ཡོམ་ཡུལ་དངོས་སུ་བཀོད་འདོམས་བྱས།

2023-12-20 11:49:02   |   2328

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


     ཟླ12པའི་ཚེས19ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཡོམ་འགོག་རྒུད་སྐྱོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲེན་ཀང་དང་། ཧྲེང་ཀྲང་ངམ་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གཉིས་མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཞང་དུ་སོང་ནས་ས་ཡོམ་ཡུལ་དངོས་སུ་གྲོས་ཚོགས་བསྡུས་ཏེ། ས་ཡོམ་གྱི་གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱས་ལ། ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་བཀོད་སྒྲིག་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལིང་ཞ(ཀ་ཇུ)ཁུལ་ཆུ་མ་མཁར་རྫོང་གི་ཚད་རིམ6.2ཅན་གྱི་ས་ཡོམ་ཐད་གནང་བའི་མཛུབ་སྟོན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར། དཀའ་ཁག་ཡོངས་རྫོགས་ཁྱད་དུ་བསད་དེ་འབྲེལ་ཐག་ཆད་པའི་མི་འཚོལ་བ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན། །



མཉམ་སྤྱོད།