དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》རྩོམ་འབྲི་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

2023-12-22 16:10:17   |   2536

རྩོམ་སྒྲིག སངས་དོན། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》རྩོམ་འབྲི་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོའི་རྩོམ་འབྲི་བྱ་བའི་སྐུལ་འདེད་ཚོགས་འདུ་དང་རྩོམ་འབྲི་གནས་ཚུལ་གྱི་བགྲོ་གླེང་ཚོགས་འདུ 2023ལོའི་ཟླ12པའི་ཚེས22ཉིན་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་འཚོགས།

6619a8d48590cf9c016ecc069fc706b.jpg

ས་མིང་ནི་ཡུལ་ཁོངས་ངེས་ཅན་ཞིག་གི་མཚོན་རྟགས་དང་བྱེ་བྲག་གི་ས་གནས་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན། དེའི་བྱུང་བ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་དང་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་བྱུང་སྟེ་དུས་རིམ་ངེས་ཅན་ཞིག་ལ་སླེབས་པའི་ལྡོག་མེད་ཀྱི་ཐོན་དངོས་དང་འབྲས་བུ་ཡིན་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་བདེན་དཔང་ཀྱང་ཡིན་པས། ས་མིང་ལ་མཐོང་ཆེན་བྱེད་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་དྲན་ཤེས་ལ་སྐུལ་སློང་བྱེད་པ་ཞིག་ཡིན་ལ། ས་མིང་ཁྲོད་གནས་པའི་ཕུན་སུམ་ཚོགས་པའི་རིག་གནས་རྒྱུན་འཛིན་བྱེད་པ་ཞིག་ཀྱང་ཡིན།

5100614d423f370567643617780b558.jpg

《མཚོ་བྱང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》རྩོམ་འབྲི་ལས་དོན་མགོ་བརྩམས་པ་ནས་བཟུང་། ཁུལ་དང་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་རྩོམ་འབྲི་མི་སྣས་ལོ་རྒྱུས་ལ་བརྩི་འཇོག་དང་རིག་གནས་ལ་བརྩི་འཇོག  གང་བྱུང་དུ་ས་མིང་སྒྱུར་བཅོས་མི་བྱེད་པའི་རྩ་དོན་སྔོན་འགྲོ་བྱས་ཏེ། རྩོམ་འབྲིའི་འགན་འཁུར་ལས་བགོས་དང་དུས་རིམ་གཏན་ཁེལ། འགན་བབས་འགན་འཁྲི་ཁག་ཐེག་བཅས་བྱས་ཡོད།

ཐེངས་འདིའི་ཚོགས་འདུ་ནི་རྩོམ་འབྲིའི་ལས་ཀར་སྐུལ་འདེད་དང་གནད་དོན་བགྲོ་གླེང་། མིང་བརྡ་གཅིག་གྱུར་བྱེད་པའི་དགོས་དབང་དུ་འཚོགས་པ་ཞིག་ཡིན་ལ། ཚོགས་ཐོག་ཏུ་མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ས་མིང་བརྡ་འགྲེལ་རྩོམ་འབྲི་བྱ་བའི་ལས་རིམ་དང་། རྩོམ་འབྲི་བྱ་བའི་ཁྲོད་གནས་པའི་གནད་དོན་དང་དཀའ་ཁག རྩོམ་འབྲིའི་འཆར་གཞི་བཅས་ཡར་ཞུ་བྱས་ཤིང་། འབྲེལ་ཡོད་གནས་ཚུལ་ལ་བགྲོ་གླེང་བྱས།


མཉམ་སྤྱོད།