དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་ལ་རྣམ་པ་གསར་བ་བཏོད།

2023-12-25 11:02:27   |   3369


རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་། རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོའི་ཚུལ་ལྡན་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་འབྱུང་རྒྱུར་སྔོན་འགོག་ནུས་ལྡན་བཅས་བྱ་ཆེད།
       ཉེ་ཆར། མདོ་ལ་རྫོང་སྤྱི་བདེ་ཅུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དགུན་དུས་འགྲོ་སྐྱོད་ཀྱི་ཁྱད་ཆོས་ལ་དམིགས་ནས་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ཏེ། སྡེ་བ་དང་ཐང་ཆེན་དུ་བསྐྱོད་དེ“ཡིད་འོང་ཞིང་སྡེར་སྐྱོད་པའི”དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཀྱི་ཉེ་འགྲམ་དུ་བརྒྱུད་སྒྲོག་དང་མང་ཚོགས་ཀྱི་འཚོ་བའི་ཁྲོད་སྐྱོད་ཐུབ་པ་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་རྣམ་པ་བཟང་བོ་ཞིག་བཏོད་དེ། དགུན་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་བྱ་ཡུལ་བརྟན་པོ་ཞིག་བསྐྲུན་ཡོད།

111.jpg

22.jpg

 བྱེད་སྒོའི་ཁྲོད། ཡུལ་དངོས་ནས་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་དང་།  འཕྲེད་འགེལ་སྦྱར་ཡིག་འགེལ་བ། བདེ་འཇགས་འགྲོ་སྐྱོད་ཀྱི་དྲིལ་སྒྲོག་ཤོག་བྱང་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་དང་། དགུན་དུས་འགྲོ་སྐྱོད་ཀྱི་དོ་སྣང་བྱ་གཞི་སྒྲོག་འགྲེལ་བྱས།  དེ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་གྱི་དཔེ་མཚོན་རང་བཞིན་ལྡན་པའི་འགྲིམ་འགྲུལ་ལས་འཛོལ་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་འགྲིམ་འགྲུལ་ལས་འཛོལ་གྱི་འཇིགས་སྣང་རང་བཞིན་དང་། འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན། འགྲིམ་འགྲུལ་ཁྲིམས་སྲོལ་གྱི་གལ་ཆེའི་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཚུལ་མིན་འགྲིམ་འགྲུལ་བྱ་སྤྱོད་སྣ་ཚོགས་རང་འགུལ་ངང་བཀག་འགོག་བྱས་ནས་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཇེ་ཉུང་དུ་ཏན་ཏིག་གཏོང་བཞིན། “རྒན་རྒོན་དང་ལོ་ཆུང་གི”འགྲིམ་འགྲུལ་འདུ་ཤེས་ཞན་པའི་གནས་ཚུལ་ལ་དམིགས་ཏེ། མདོ་ལའི་འགྲིམ་འགྲུལ་ཉེན་རྟོག་པས་ཡུལ་དངོས་ནས་འགྲོ་ལམ་འཕྲད་བརྒལ་དང་། གློག་དམར་བརྒལ་བ། ལྡོག་སྐྱོད་བྱེད་པ། རླངས་འཁོར་རྨོངས་ཁུལ་དུ་སྐྱོད་པ་སོགས་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བའི་རྣམ་པ་དཔེ་སྟོན་དང་དྲན་སྐུལ་བྱས་ནས། ཁ་ལོ་བར་རང་འགུལ་ངང་འགྲིམ་འགྲུལ་སྲོལ་ངན་སྣ་ཚོགས་བཀག་འགོག་བྱེད་པར་སྣེ་ཁྲིད་དང་། “ཚུལ་ལྡན་འགྲིམ་འགྲུལ། ང་ཚོ་མཉམ་སྐྱོད”ཀྱི་འདུ་ཤེས་བཙུགས་ཏེ་འགྲོ་སྐྱོད་ཀྱི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་ནས་ཡ་རབས་ངང་འགྲོ་སྐྱོད་དང་བདེ་འཇགས་ངང་ཁྱིམ་དུ་ལོག་ཐུབ་པར་བྱས། 

微信图片_20231225113655.jpg

微信图片_20231225113701.jpg

微信图片_20231225113708.jpg

微信图片_20231225113713.jpg

རང་རྟོགས་ངང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་ནི་འགྲིམ་འགྲུལ་ནང་ཞུགས་མཁན་ཚང་མས་འཁུར་དགོས་ངེས་ཀྱི་འགན་འཁྲི་དང་འོས་འགན་ཞིག་ཡིན་ཞིང་། རང་ཉིད་ནས་མགོ་བརྩམས་ཏེ“བདེ་འཇགས་ངང་རླངས་འཁོར་གཏོང་བ་དང་ཡ་རབས་ངང་འགྲོ་སྐྱོད་བྱེད་པའི”འགྲིམ་འགྲུལ་གོམས་གཤིས་ཆགས་པར་བྱས་ནས། ཚུལ་ལྡན་འགྲིམ་འགྲུལ་གྱི་དྲང་ནུས་བརྒྱུད་སྤྲོད་བྱེད་བཞིན། ཚང་མས་འགྲིམ་འགྲུལ་ཁྲིམས་འགལ་ལ་བཀག་འགོག་དང་། ཚང་མས་ཚུལ་ལྡན་འགྲིམ་འགྲུལ་ལག་བསྟར་བྱས་ཏེ། བདེ་འཇགས་དང་། ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ལོངས་སུ་སྤྱོད།


མཉམ་སྤྱོད།