དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-26 07:29:20   |   2679

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས25ཉིན། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་གནས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2024ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

  • ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ཀུང་སིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སོགས་བཅའ་ཁྲིམས་འཆར་ཟིན་མང་པོ་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད།

  • ཚེས25ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་སླར་ཡང་སྒོར་དུང་ཕྱུར4བཏང་ནས་ཀན་སུའུ་དང་མཚོ་སྔོན་གྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར14.5ཟིན་ཡོད། དེས་རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི50%ལྷག་ཙམ་བཟུང་ཞིང་། མེ་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ལས་ལོ་རྒྱུས་རང་བཞིན་གྱིས་བརྒལ་ཡོད་པ་རེད།

  • ཟླ1 -11པའི་བར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར110447ཟིན། དེ་དུས་མཚུངས་ལས13.9%འཕར་ཡོད།

  • ཀྲུང་ཤིན་དངུལ་ཁང(中兴银行)དང་ཕིང་ཨན་དངུལ་ཁང(平安银行)སོགས་རྒྱལ་ཡོངས་རང་བཞིན་གྱི་མ་རྐང་ལམ་ལུགས་ཀྱི་དངུལ་ཁང་མང་པོས་ཚེས25ཉིན་ནས་བཟུང་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་གྱི་སྐྱེད་ཚད་དམའ་རུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས25ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་གསར་དུ་ཆོག་མཆན་སྤྲད་པའི་རང་རྒྱལ་གྱིས་བཟོས་པའི་རོལ་རྩེད་པར་གཞི་ཁག105ཁྱབ་བསྒྲགས་བྱས་པ་དང་། ཐེངས་གཅིག་ལ་ཞིབ་མཆན་འགོད་པའི་གྲངས་འབོར་བརྒྱ་ལས་ཐོག་མར་བརྒལ་ཡོད་པ་རེད།

2.jpg

  • ཚེས25ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས(酒泉卫星发射中心)སུ་མྱུར་གྲུ་ཨང་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ནམ་མཁའི་མིག་ཨང་དང་པོའི(天目一号)གནམ་གཤིས་སྐར་ཚོམ11ནས14བར་འཕེན་གཏོང་བྱས་པ་རེད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་དང་སང་ཉིན་བར། བྱང་ཤར་ས་ཁུལ་དང་ནང་སོག་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད4~6℃དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད8℃མར་ཆག་རྒྱུ་རེད།

  • ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཧེ་ལུང་ཅང་ཅི་ཤིས་ཁུན་ཡོན(鸡西坤源)རྡོ་སོལ་གཏེར་ཁའི་ལས་འཛོལ་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱས་པ་རེད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཁེ་ལས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གཉེར་སྐྱོང་ཨང་རྟགས(营销号)ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པའི་ནང“འཛད་སྤྱོད་དངུལ་རྩའི་འཕྲིན་ལམ(消费金融频道)”དང“དབྱིན་ལུན་མ་འཇོག་འགྲུལ་པ(英伦投资客)”སོགས་ཚུད་ཡོད་པ་རེད།

  • ཆུ་མ་མཁར་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་སྒོ་བརྒྱབ་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཀན་སུའུ་པིང་ལིང་དགོན་པའི་བྲག་ཕུག་ཚེས26ཉིན་ནས་བཟུང་སླར་ཡང་སྒོ་ཕྱེ་ཡོད།

3.jpg

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཀོང་ཀྲོའུ་པའེ་ཡུན་ས་ཚིགས(广州白云站)ཚེས26ཉིན་དངོས་སུ་གཉེར་སྐྱོང་བྱེད་མགོ་ཚུགས་རྒྱུ་རེད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་གསར་ཉེ་ལོ་སྐོར་གྱི་ཞིབ་ཚད་མཐོ་བའི་ཕྱོགས་བསྡུས་ས་རིམ་གྱི་སྒྲོམ་གཞི་བཙུགས་པ་དང་།  མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་ས་ཁུལ་གྱི་གསར་ཉེ་ལོ་སྐོར་གྱི་གནའ་བོའི་གནམ་གཤིས་ཁོར་ཡུག་གི་རིམ་འགྱུར་ཁྱད་ཆོས་རྩད་ཆོད་གསལ་པོ་བྱུང་ཡོད།

4.jpg

  • ཧེ་ནན་གྱིས་སོན་ཐ་ཉུག་མཆིན་པའི་འབུ་ཕྲའི(松塔牛肝菌)ཁོངས་སུ་གཏོགས་པའི་སྐྱེ་དངོས་རིགས་གསར་པ་བཞི་རྙེད།

  • ཧྲེན་ཀྲེན་སྦྲག་སྲིད་ཅུས་འགག་སྒོའི་བརྒྱུད་འདྲེན་དངོས་ཟོག་ཁྲོད་ཝུ་བའི་གདན(泡沫垫子)གྱི་བར་འཚང་དུ་བཅུག་པའི་འཁྱགས་དུག་སྤྱི་རྒྱ2ཙམ་རྩད་ཆོད་པ་རེད།

  • སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་ལོ52ལ་སླེབས་པའི་གྲེ་བའི་འབྲས་སྐྲན་ནད་པ་ཞིག་ལ་འཛམ་གླིང་གི་གྲེ་བའི་དབང་པོ6མཉམ་འབྲེལ་ཐོག་སྤོ་འཛུགས་བྱེད་པའི་གཤགས་བཅོས་ཐོག་མ་བྱས། མིག་སྔར། ནད་པར་གཤགས་བཅོས་བྱས་རྗེས་སླར་གསོ་ཡག་པོ་བྱུང་ཡོད།

སྲིད་ཇུས།

  • ལེའོ་ཉིང་གིས་འབྲེལ་ཡོད་ཆེད་ལས་ཀྱི་དངོས་གཞི་དང་ཆེད་ལས་ཚན་ཁག མཐོ་རིམ་ལས་རིགས་སོགས་སློབ་ཐོན་སློབ་མ་ལས་ཞུགས་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་ལས་ཞུགས་བྱེད་པར་མཐོ་ཤོས་ལ་ཁ་གསབ་སྒོར་ཁྲི6སྤྲོད་རྒྱུ་ཁ་གསལ་བཏོན་ཡོད།

  • ཧེ་ལུང་ཅང་གིས་སྲོལ་ཡིག་ལ་གྲོས་འཆམ་བྱས་ནས་ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའི་རྐྱེན་གྱིས་མི་ལུས་བདེ་འཇགས་ལ་འཇིགས་སྐུལ་ཕོག་པ་དང་། གནས་སྐབས་སྡོད་གནས་མེད་པའི་གནོད་འཚེ་ཕོག་མཁན་གྱིས་འབྲེལ་ཡོད་སྡེ་ཚན་ལ་འགེབས་སྲུང་བྱ་རྒྱུའི་རེ་བ་བཏོན་ཆོག

  • ཀོང་ཏུང་ཀོང་ཀྲོའུ་ཡིས་བྱ་ཐབས་པར་འགྲེམས་བྱས་ནས་སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངུལ་བཅོལ་མཁན་ནམ་ཡང་ན་བཟའ་ཟླའི་ཐེམ་ཐོ་གནས་སའི་ཞིང་ཆེན་དུ་རང་སྡོད་སྡོད་ཁང་ཉོ་སྐབས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲའི་ནང་གི་གསོག་འཇོག་ལྷག་གྲངས་ལེན་རྒྱུའི་རེ་ཞུ་བྱེད་ཆོག

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་དབུས་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་ཡོད་པ་དང་། དེའི་ནང་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་བ་ནས་ཆེ་བ་ཡོད། སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ནུབ་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད། ཅང་ཞིའི་དབུས་རྒྱུད། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད།


མཉམ་སྤྱོད།