དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་ཐད་གཏོང་གནམ་གྲུ་ཤར་གཏོང་བྱ་རྒྱུ་རེད།

2023-12-26 10:03:31   |   2090

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། བོད་ལྗོངས་བརྙན་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཧི་མ་ལ་ཡའི་མཁའ་འགྲུལ་གྱིས་ཟླ12པའི་ཚེས28ཉིན་ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་གནམ་གྲུ་ཤར་གཏོང་བྱ་རྒྱུ་རེད། དེ་ཡིས་རི་བོ་ཧི་མ་ལ་བརྒལ་བའི་མཁའ་ཐོག་གི་མྱུར་ལམ་དངོས་སུ་མངོན་འགྱུར་ཐུབ་པ་མཚོན་ཞིང་། ལྷ་ས་གོང་དཀར་གནམ་ཐང་གིས་རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་སླར་གསོ་བྱས་པ་དང་པོ་ཡིན།

2.png

ལྷ་ས་ནས་ཀ་ཏ་མན་རྡུ་བར་དུ་འཕུར་སྐྱོད་བྱེད་པར་དེ་སྔ་ཆུ་ཚོད་20དགོས་ཤིང་ད་ལྟ་ཆུ་ཚོད1དང་སྐར་མ20ལས་མི་དགོས། འགྲུལ་པ་རྣམས་རི་བོ་ཧི་མ་ལ་ཡའི་བྱང་འདབས་ཀྱི་གངས་ལྗོངས་ས་མཐོ་ནས་ལྷོ་འདབས་ཀྱི་ནེ་པ་ལར་འབྱོར་ཐུབ་ཅིང་། རི་བོ་ཧི་མ་ལ་ཡའི་གཞོགས་གཉིས་ཀྱི་རིག་གནས་དང་རང་བྱུང་མཛེས་ལྗོངས་མི་འདྲ་བར་མྱོང་རོལ་བྱ་ཐུབ།

ཤེས་རྟོགས་བྱུང་བར་གཞིགས་ན། ནེ་པ་ལ་ཕྱོགས་ནས་གནས་འབྱོར་འཐུས་མཆན་འགོད་པ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་བར་རིན་མེད་འཐུས་མཆན་འགོད་རྒྱུ་རེད།


མཉམ་སྤྱོད།