མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་གསར་བརྗེའི་ཉམས་ཞིབ་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས།

2023-12-26 10:43:42   |   1795

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20231226105607.jpg

ཟླ12པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་གསར་བརྗེའི་ཉམས་ཞིབ་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ“སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་ཐད་སྤྲད་པའི་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི”དམིགས་ཚད་བླང་བྱ་ལྟར། བཟའ་བཏུང་དང་ཞག་སྡོད། འགྲོ་སྐྱོད། གནས་སྐོར། ཉོ་རྩེད། སློབ་སྦྱོང་། ཉོ་ཚོང་། ཁམས་གསོ། སློབ་སྦྱོང་། ཁམས་གསེང་། བརྩེ་བ།  ངོ་མཚར”བཅས་ཀྱི་གནས་སྐོར་གྱི་རྒྱུ་རྐྱེན་ཆེན་པོ་བཅུ་གཉིས་ལ་དམིགས་ནས་གསར་བརྗེའི་གནས་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་སྣ་མང་ཅན་གྱི་གསར་བརྗེའི་གནས་སྐོར་ཉམས་ཞིབ་དང་གསར་བརྗེའི་སློབ་གསོའི་གསོ་སྦྱོང་ལས་གཞི་གསར་གཏོད་དང་གསར་སྤེལ་བྱས་ནས་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་བྱང་གི“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་བྱ་བ་མགྱོགས་མྱུར་སྒོས་དོན་འཁྱོལ་བྱེད་དགོས་པ་ནན་གྱིས་བསྟན།

微信图片_20231226105615.jpg

   ཤ་བོ་སྐྱབས་ཀྱིས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གིས་མཚོ་བྱང་གི“གནས་སྤོ་གསུམ”དང་། 221རྟེན་གཞིའི་གནའ་ཤུལ་ཐོན་ཁུངས། གནའ་མཁར་རྗེས་ཤུལ་རིག་གནས་ཐོན་ཁུངས་སོགས་ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་གཞི་ཐད་ཀྱི་བྱ་ཐབས་བཟང་པོར་ཁས་ལེན་གང་ལེགས་གནང་བ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་གསར་བརྗེའི་ཉམས་ཞིབ་བྱ་བ་མགྱོགས་སུ་གཏོང་བའི་ཐད་ནན་གྱིས་བསྟན་དོན། གཅིག་ནས་གསར་བརྗེའི་གནས་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཏེ། ཁུལ་ཁོངས་ཀྱི་ཁྱད་ལྡན་ཐོན་ཁུངས་རང་སྤུས་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་གནས་སྐོར་ཁྲོམ་རའི་བར་མཐོངས་དང་དགོས་མཁོར་དམིགས་ཏེ་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་ཡིས་སྣེ་ཁྲིད་དང་འགན་འཁུར་ནས་ཁུལ་ཡོངས་ཀྱི་གསར་བརྗེའི་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤྱིའི་ཇུས་གཞི་བཟོ་བ་དང་། ས་གནས་སོ་སོའི་གསར་བརྗེའི་གནས་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། གནས་སྐོར་ཁྲོམ་ར་ཁྱོན་ཡོངས་ནས་གསར་འབྱེད་བཅས་བྱས་ཏེ“མདེལ་གཉིས”ཀྱི་གསར་བརྗེའི་ཐོན་ཁུངས་སློབ་གསོའི་རིན་ཐང་དང་གནས་སྐོར་རིན་ཐང་། ཆས་རྟགས་རིན་ཐང་བཅས་སྔོག་འདོན་དང་གཞན་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གསར་བརྗེའི་གནས་སྐོར་དེ་མཚོ་བྱང་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི“གསར་བརྗེའི་སྒུལ་ཤུགས”སུ་འགྱུར་བར་བྱེད་དགོས། གཉིས་ནས་བློ་རྩེ་གཅིག་སྒྲིམ་གྱིས་གསར་བརྗེའི་ལས་གཞི་གསར་སྤེལ་བྱེད་དགོས་ཏེ། ཁུལ་ཨུའི་རྩ་འཛུགས་པུ་དང་ཁུལ་ཨུའི་དྲིལ་སྒྲོག་པུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རང་ཞིང་གི་འབྲོག་ཁུལ་གྱི་ཏང་ཀྲི་པུ་ཐོག་མ་ཡུང་ཧྥིན་སྡེ་བ་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་། དུས་རབས་ཀྱི་དཔེ་བཟང་སྐལ་བཟང་དང་ལེན་ཧྥུའུ་ཀྲང་། ཞིང་ཆེན་རིམ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་མཁའ་འགྲོ་ཐར། མཚོ་བྱང་གནའ་མཁར་རིག་གནས་རྗེས་ཤུལ་སོགས་ཐད་ཀྱི་དཔྱད་གཞི་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱས་ཏེ་ཕུན་སུམ་ཚོགས་པའི་སློབ་ཚན་རྩེ་གྲ་གཏོད་དགོས། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་ཁུལ་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མདའ་བཞིའི་སྤྱི་ཚོགས་བཅོས་སྐྱོང་གི“བྱ་བའི་བྱ་ཐབས་དྲུག”སོགས་ཁྱད་ལྡན་སློབ་ཚན་སྔོག་འདོན་བྱས་ནས་གཏོད་དགོས། ཁུལ་ཨུའི་དྲིལ་སྒྲོག་པུ་ཡིས་སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ནས་ཁུལ་ཡོངས་ཀྱི་མང་ཚོགས་ཚོགས་པའི་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་ཀྱི་ཞིབ་འཇུག་བྱ་གཞི་འཛུགས་པ་དང་སློབ་སྦྱོང་གི་ལམ་ཐིག་འཆར་འགོད། སློབ་གསོའི་རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབ་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཁུལ་ཨུའི་ཏང་གི་སློབ་གྲྭས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན།  མཚོ་སྔོན་མི་རིགས་སློབ་ཆེན་བཅས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་པ་དང་། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པའི་བྱ་བ་སོ་སོ་དོན་འཁྱོལ་བྱེད་པ།  ཆེད་མཁས་པ་དང་ཤེས་ཡོན་པའི་སྟོབས་ཤུགས་ལ་བརྟེན་ནས་ཁྱད་ལྡན་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་དང་རིག་གཞུང་སྤུས་དག་ཁག་ཅིག་གསར་སྤེལ་གཏིང་ཟབ་བྱེད་དགོས། གསུམ་ནས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་སྲིད་དོན་གཙང་སྐྱོང་གི་སློབ་གསོ་སྤེལ་དགོས་ཏེ། ཁུལ་ཡོངས་ཀྱི་སྲིད་གཙང་སློབ་གསོའི་ནང་དོན་སྔོག་འདོན་དང་ལེགས་འདེམས་ཕྱོགས་སྡོམ་བྱེད་པ་མགྱོགས་སུ་བཏང་ནས“མདེལ་གཉིས”ལ་བྱས་རྗེས་ཆེན་པོ་འཇོག་མཁན་དང་རྩ་ཆེའི་ཐོན་ཁུངས་ཁྲོད་ནས་སྤྱོད་གཙང་རིག་གནས་ཀྱི་གྲུབ་ཆ་སྔོག་འདོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཁུལ་ཡོངས་ཀྱི་སྲིད་གཙང་སློབ་གསོའི་ཐོག་མའི་དཔྱད་གཞི་དང་གཞི་རྟེན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སྲིད་གཙང་སློབ་གསོའི་མ་ལག་ཆ་ཚང་ཞིག་ཧུར་ཐག་སྒོས་ཆགས་པར་བྱེད་དགོས། བཞི་ནས་རྗེས་ཤུལ་གྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་གང་ལེགས་བྱེད་དགོས་ཏེ། ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ། ཁུལ་ཨུའི་ཏང་གི་ལོ་རྒྱུས་གཞུང་ལས་ཁང་བཅས་ཀྱིས་ལྷག་བསམ་རྣམ་དག་གིས་མཚོ་བྱང་གི་རྒྱང་སྐྱོད་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་། དར་གོས་ཚོང་ལམ་མཚོ་སྔོན་ཚོང་ལམ་སོགས་ཕྱོགས་ཀྱི་རིག་གནས་གོ་རིམ་ལེགས་སྒྲིག་བྱེད་པ་དང་། ནུབ་མཚོ་ཅུན་དང་ཡུང་ཨན་གནའ་མཁར། དཔལ་དགེ་གནའ་མཁར། མཁར་དམར་གནའ་མཁར། གངས་ལུང་བྲག་ཕུག་སོགས་གནའ་བོའི་རྗེས་ཤུལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་།  དེ་བཞིན་སྨོན་ལམ་མཐོན་པོ་མཁའ་དམག་གི་མཐོ་འཕེན་མེ་སྒྱོགས་ཧྲི་ཡི་རྗེས་ཤུལ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་དང་མདའ་བཞི་རྫོང་གི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་ཐོན་བརྒྱད་པའི་དམག་སྒར་བཅུ་གཉིས་པ་དང་། རྐང་ཚའི་དམག་སྒར་ཉེར་བཞི་པའི་གནའ་ཤུལ་སོགས་གསར་བརྗེའི་ལོ་རྒྱུས་རྣམ་པ་མང་བ་དང་ཕྱོགས་མང་བོའི་ཐད་ནས་མཚོ་བྱང་གི་གསར་བརྗེའི་རིག་གནས་མངོན་པར་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་ཉམས་ཞིབ་སྤེལ་ཆེད་རྨང་གཞི་བརྟན་པོ་གཏོང་དགོས་ཟེར།

微信图片_20231226105624.jpg

    མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་གླིང་གཙོ་གཞོན་པ་མའོ་ཡུས་ཅིན་དང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལའེ་མིན་ཚོགས་འདུར་ཕེབས། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་ཨུའི་རྩ་འཛུགས་པུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ། ཁུལ་ཨུའི་དྲིལ་སྒྲོག་པུ། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན། ཁུལ་ཨུའི་ཏང་གི་སློབ་གྲྭ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།   


མཉམ་སྤྱོད།