མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-27 07:34:40   |   2053

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

  • བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་ཆེད། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཁ་གསབ་བཟོ་བཅོས་བརྒྱབ་རྗེས་ཀྱི《རྒྱལ་ཁབ་བཙུགས་ཚུན་གྱི་མའོ་ཙེ་ཏུང་གི་ཟིན་བྲིས》(དེབ1ནས20བར)《མའོ་ཙེ་ཏུང་གི་ལོ་རེའི་ཟིན་ཐོ》(དེབ1ནས9བར)ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ1པོ་ནས11པའི་བར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི(བུ་བཙའི་འགན་བཅོལ་ཚུད་པ)སྤྱིའི་ཡོང་འབབ་སྒོར་དུང་ཕྱུར29362.15ཟིན་ཡོད།

  • ཟླ1པོ་ནས11པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི2.4ཟིན་པ་དང་། རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་པ(ས་ཁང་བདག་ཁོངས་ཚུད་པ)སྒོར་དུང་ཕྱུར་ཁྲི4.1ཟིན་ཡོད། དུས་མཚུངས་ལས9.1%འཕར་ཡོད།

  • ཚེས26ཉིན། རྩིས་བཤེར་ཧྲུའུ་ཡིས2022ལོའི་ལོ་འཁོར་གྱི་རྩིས་བཤེར་དག་ཐེར་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། ད་ལོའི་ཟླ9པའི་ཟླ་མཇུག་བར། གནད་དོན་ཡོད་པའི་མ་དངུལ་ཁྱོན་སྡོམ་སྒོར་དུང་ཕྱུར9570ལྷག་ཙམ་དག་ཐེར་བྱས་པ་དང་། མི2540ལྷག་ཙམ་ལ་འགན་འཁྲི་བདའ་འདེད་བཏང་བ་རེད།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ཉི་ནུས་གློག་རྫས་ཀྱི་གོ་ལ་ཧྲིལ་པོའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི12.64ཟིན་ནས་ཨང་དང་པོར་སླེབས་ཡོད་པ་རེད།

2.jpg

  • ཚེས26ཉིན་གྱི་ཆུ་ཚོད11:26སྟེང་། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་དང་རྒྱང་སྐྱོད་ཨང་དང་པོའི་སྟེང་ངོས་རིམ་པ་སྤྱད་དེ་བྱང་སྐར་སྤུན་བདུན་ཕྱོགས་སྟོན་སྲུང་སྐར་ཨང57པ་དང58པ་རྒྱལ་ཁའི་ངང་འཕེན་གཏོང་བྱས་པ་རེད།

  • ཚེས25ཉིན། ཀང་ཀྲུའུ་ཨའོ་ཟམ་ཆེན(港珠澳大桥)གྱི་ཀྲུའུ་ཧེ་གཞུང་ལམ་འགག་སྒོ་བརྒྱུད་པའི་རླངས་འཁོར་ཐེངས་ཁྲི1.6ལས་ཐོག་མར་བརྒལ་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་ཚུན་གྱི་ཉིན་རེའི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

  • ཕྱི་འབྲེལ་པུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཨ་རིའི་གསང་འཕྲིན་གྲངས་གཞི་ཀུང་སི་ཁ་ལུང་སོགས་སྒྲིག་གཞི1དང་། ཁ་ལུང་ཀུང་སིའི་བརྟག་དཔྱད་ཀྲུའུ་རེན་ཞུས་མོང་དང་དེ་སྔོན་གྱི་མཐོ་རིམ་རྒྱལ་སྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཉི་ཁོར་·མོ་ཀེ་ལེ་ཐེ་སོགས་མི་གཉིས་ལ་འགོག་རྒོལ་བྱེད་ཐབས་སྤྱད་པ་རེད།

    སྤྱི་ཚོགས།

3.jpg

  • ཚེས25ཉིན། ཀན་སུའུ་ཆུ་མ་མཁར་སྦྲ་གུར་སློབ་གྲྭ152ཀྱིས་ཡུལ་བབ་དང་བསྟུན་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་འབྲེལ་གོ་རིམ་ལྡན་པའི་ངང་སློབ་ཁྲིད་བསྐྱར་གསོ་བྱས་པ་རེད།

  • མཚོ་སྔོན་གྱི་ས་ཡོམ་གེགས་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ103གྱི་སྟབས་བདེའི་ཁང་པ2200ལྷག་ཙམ་བསྐྲུན་ཟིན་པ་དང་། གཅིག་སྡུད་བཀོད་སྒྲིག་བྱས་པའི་གནོད་འཚེ་ཕོག་པའི་མང་ཚོགས9100ལྷག་ཙམ་ཚེས26ཉིན་དེ་གར་སྤོས་པ་རེད།

  • ཚེས25ཉིན། ཉེ་དུས་ཧྲོང་ཡ་ཧྲན་གྲོང་ཁྱེར(双鸭山市)ཧྲོང་དབྱང(双阳)རྡོ་སོལ་གཏེར་ཁུངས“11·28”ཀྱི་ཝ་སི་འབར་གས་དོན་རྐྱེན་ཚབས་ཆེན་དང་། ཅི་ཤིས་གྲོང་ཁྱེར(鸡西市)ཁུན་ཡོན(坤源)རྡོ་སོལ་གཏེར་ཁུངས“12·20”སྐྱེལ་འདྲེན་ལས་འཛོལ་ཚབས་ཆེན་བསྟུད་མར་ཐོན་པར་དམིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཁ་ཆད་གྲོས་མོལ་བྱས་པ་རེད།

4.jpg

  • ཚེས26ཉིན། ཁྲེང་ཏུའུ(成都)ནས་ཙི་ཀུང(自贡)དང་དེ་ནས་དབྱི་པིན(宜宾)བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཧྲན་ཐོའུ(汕头)ནས་ཧྲན་ཝུའུ(汕尾)བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྲན་ཐོའུ(汕头)ནས་ཧྲན་ཝུའུ(汕尾)བར་གྱི་དུམ་བུ། ལུང་ཡན(龙岩)ནས་ལུང་ཁྲོན(龙川)བར་གྱི་མྱུར་བགྲོད་ལྕགས་ལམ། ལུང་ཡན(龙岩)ནས་ཝུའུ་ཕིང(武平)བར་གྱི་དུམ་བུ་བཅས་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་ཡོད།

  • ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཆུས་མིན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཚེས26ཉིན། དེ་སྔའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཧུའུ་ཝུན་མིང་གིས་ལྐོག་རྔན་བླངས་པ་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞི་དེ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས། ཧུའུ་ཝུན་མིང་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་དང་དངུལ་ཆད་སྒོར་ཁྲི་ལྔ་བརྒྱ་བཅད་འདུག

  • ཚེས26ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་སྨན་རྫས་གསལ་བཤད་ཡི་གེ་རྒན་པར་འཚམ་པ(适老化)དང་འགོག་རྐྱེན་མེད་པའི་སྒྱུར་བཅོས་ཚོད་ལྟའི་མིང་ཐོ(ཁག་དང་པོ)ཁྱབ་བསྒྲགས་བྱས་པ་རེད།

  • ཚེས26ཉིན། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་ཀྱིས་སྤྱི་ཚོགས་འགན་བཅོལ་གཱ་ཡི་གྲོང་མིའི་ཞབས་ཞུའི“གཱ་གཅིག”གི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྤྱི་ཚོགས་འགན་བཅོལ་གཱ་ཞིང་ཆེན་ལས་བརྒལ་ནས་སྤྱོད་པ་དང་གཱ་གཅིག་མང་སྤྱོད་བྱེད་པ་མངོན་འགྱུར་བྱ་རྒྱུ་རེད།

5.jpg

  • ཚེས25ཉིན། རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ·མོའོ་ཏུའུ་རྟགས་ཅན(爱达•魔都号)”ཚོད་ལྟ་ཐེངས་དང་པོ་ལེགས་གྲུབ་བྱུང་ནས་ཧྲང་ཧའེ་ཝུའུ་སུང་ཁོའུ(吴淞口)རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་གྲུ་ཁར་བདེ་བླག་ངང་འབྱོར་བ་རེད།

    སྲིད་ཇུས།

  • ནོར་སྲིད་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བཞིས་མཛུབ་ཁྲིད་བསམ་འཆར་བཏོན་ནས་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཞུང་བཙུགས་སྨན་ཁང་གིས་བུ་ལོན་གཡར་ནས་སྨན་སྤྱོད་སྒྲིག་ཆས་ཆེ་གྲས་ཉོ་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཧོ་པེས་སང་ལོ་ནས་བཟུང་སྲིད་ཇུས་རང་བཞིན་གྱི་ཞིང་པའི་སྡོད་ཁང་འགན་བཅོལ་རང་གྲབས་མ་དངུལ་གྱི་བསྡུར་ཚད་ལེགས་སྒྲིག་བྱས་ཤིང་། ཞིང་དུད་ཀྱིས་སྒོར1བཏང་ཚེ་རང་ཁྱིམ་གྱི་ཞིང་པའི་ཁང་པ་དེ་འགན་བཅོལ་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

  • ཅི་ལིན་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སློབ་གྲྭས་སྒྲིག་འཛུགས་བྱས་པའི་ཞིབ་འཇུག་སློབ་སྦྱོང(སྤྱི་ཚོགས)གི་ལག་ལེན་བྱེད་སྒོའི་ནང་ཞུགས་མིན་དེ། སློབ་མའམ་ཡང་ན་ཁྱིམ་བདག་གིས་རང་མོས་ངང་གདམ་ག་བྱེད་པ་ལས་རྣམ་པ་གང་རུང་གི་ཐོག་ནས་སློབ་མ་བཙན་ཤེད་དམ་ཡང་ན་རྣམ་པ་འགྱུར་བའི་བཙན་ཤེད་ཀྱིས་ཞུགས་སུ་འཇུག་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

དེ་རིང་གི་གནམ་གཤིས།

6.jpg

  • ཞིན་ཅང་གི་ནུབ་བྱང་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ཡུན་ནན་གྱི་དབུས་ལྷོ་རྒྱུད་དང་ཧེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་ཀྱི་རེད།


མཉམ་སྤྱོད།