དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-28 07:31:02   |   2458

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེར་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་དཔེ་མཚོན་གནད་དོན་དྲུག་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས29.5%འཕར་བ་དང་། འཕར་ཚད་ཟླ10ལས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས11པའི་བར་རྒྱལ་ཡོངས་སུ་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་ཆག་ཡང་། དེ་བཞིན་ཁྲལ་སློག་གྲོན་དངུལ་སྒོར་དུང་ཕྱུར་ཁྲི1.8ལས་བརྒལ་ཡོད་པ་རེད།

1.jpg

  • ཚེས27ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མྱུར་གྲུ་ཨང་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ནམ་མཁའི་མིག་ཨང་དང་པོའི(天目一号)གནམ་གཤིས་སྐར་ཚོམ19ནས22བར་འཕེན་གཏོང་བྱས་པ་རེད།

2.png

  • རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་རྒྱ་མཚོ་ཆེ་མོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཐོག་མ་དེ“ཕུགས་འདུན”རྟགས་ཅན་ཀྲུའུ་ཅང་གཙང་པོའི་མཚོ་ཁོངས་སུ་ཚོད་ལྟའི་འགྲུལ་སྐྱོད་ཐོག་མ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

3.jpg

  • རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཕྱོ་གཡེང་རྣམ་པའི་འོད་ཤུགས་གློག་འདོན་ས་ཚིགས་དེ་ཨན་ཧུའེ་ཕུའུ་དབྱང་ནས་གློག་གཏོང་ཐུབ་པ་མངོན་འགྱུར་བྱུང་ཡོད།

  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རིའི“2024ལོའི་ནོར་སྲིད་ལོ་འཁོར་གྱི་རྒྱལ་སྲུང་དབང་བསྐུར་ཁྲིམས་གཞིའི”ཀྲུང་གོ་དང་འབྲེལ་བ་ཡོད་པའི་སྒྱིད་ལུག་དོན་ཚན་ཐད་གཏམ་བཤད་སྤེལ་བ་རེད།

  • ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ས་གནས་དེ་གའི་ཆུ་ཚོད་ཚེས27ཉིན་གསལ་བསྒྲགས་སྤེལ་ནས་རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ལས་ཅ་ཧྲ་ས་ཁུལ་གྱི་མི་ཁྲི2.1ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི5.5ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

སྤྱི་ཚོགས།

  • ཚེས27ཉིན་གྱི་ཆུ་ཚོད8པའི་བར། ཀན་སུའུ་ས་ཡོམ་གེགས་ཁུལ་དུ་སྟབས་བདེའི་ཁང་པ11477བརྒྱབ་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང6120གཅིག་རྗེས་གཉིས་མཐུད་ངང་དེ་གར་གནས་སྤོས་ཡོད་པ་རེད།

  • ཚེས27ཉིན། ཧང་ཀྲོའུ་ནས་ནན་ཁྲང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ནས་ཤིས་ཧུའུ་མཚེའུ(西湖)དང་། ཧོང་ཧྲན(黄山)། ཐེང་ཝང་ཀེ(滕王阁)སོགས་གནས་སྐོར་གྲགས་ཅན་མང་པོ་ཞིག་འབྲེལ་མཐུད་བྱས་ཡོད།

  • ཀོང་ཤིས་ཧྥང་ཁྲེང་གྲུ་ཁ(防城港)ནས་ཏུང་ཤིན(东兴)ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་། ཀྲུང་གོ་དང་ཝེ་ཐེ་ནམ(越南)མཐའ་མཚམས་གྲོང་ཁྱེར་ཏུང་ཤིན་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བ་དང་འབྲེལ་མཐུད་བྱས་ཡོད།

  • ཁྲང་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཧོ་ནན་ཞིང་ཨུའི་དེ་སྔའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་ཀན་རུང་ཁུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀན་རུང་ཁུན་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་རེད།

  • གློག་བརྙན《དྭ་ཕྲུག་ཏུ་ལུས་པ》ཞེས་པའི་མ་དཔེ་ཀུའོ་ཀང་ཐང་གི་བུ་ཕྲུག་ལ་བསླུ་བྲིད་བྱས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཧུའུ་ཧྥུ་ཅིར་སྲོག་ཆད་ཕྱིར་འགྱངས་ཀྱི་ཆད་པ་བཅད་པ་དང་།  ཞུ་སྦྱོར་ཕྱི་མ་ཐང་ལི་ཞ་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་རེད།

  • སྤྱི་བདེ་པུས་རང་རྒྱལ་ལ་མི་རིགས་ཀྱི་རྒྱུ་ནོར་འཁྱགས་སེལ(民族资产解冻)རིགས་ཀྱི་རྣམ་གྲངས་དང་རྩ་འཛུགས་གང་ཡང་མེད་པ་དང་། མི་རིགས་རྒྱུ་ནོར་གྱི་འཁྱགས་སེལ་ལ་ཁ་གཡར་པའི་མ་འཇོག་རྣམ་གྲངས་ཚང་མ་ཁ་བསླུས་རྒྱག་གི་ཡོད་པ་གསལ་འདེབས་བྱས།

  • རང་རྒྱལ་གྱིས་འདྲ་བཟོའི་སྨན་རྫས(仿制药品)ཀྱི་དཀར་ཆག་ཁག་གསུམ་པ་ཁྱབ་བསྒྲགས་བྱས་པ་དང་། འབྲས་སྐྲན་འགོག་པའི་སྨན་སོགས་ཕྱོགས12ལ་ཁྱབ་པའི་སྨན་སྣ་ཁ39ལ་ཁྱབ་ཡོད་པ་རེད།

  • དྲ་ཐོག་ཏུ“ལེའོ་ཉིང་པེན་ཤིས(辽宁本溪)ཀྱིས་ཁོར་ཡུག་འཕྲོད་བསྟེན་འགན་གཙང་སྤྲོད་བྱས་རྗེས་ཁངས་ཕྱགས་པ་ཡག་པོ་མེད”ཞེས་པ་ཁྱབ་བཞིན་ཡོད། དེར་པིན་ཤིས་གྲོང་ཁྱེར་གྱིས་ཚེས27ཉིན་ཁེ་ལས་ཀྱི་འགན་འཁུར་བར་སྐོང་འདྲི་བྱས་ནས་དུས་ཐོག་ཏུ་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

4.png

  • ཀྲུང་གོ་དང་པར་ཙིར(巴西)གྱི་ཚན་ཞིབ་མི་སྣས་རེ་ཧོའི་སྐྱེ་དངོས་ཁྱུ་ཚོགས(热河生物群)ཀྱི་རིགས་གསར་པ་ཞིག་སྟེ། མཛེས་སྡུག་ལྡན་པའི་གཡུ་འབྲུག་ཞེས་པ་བཙུགས་པ་དང་། འབྲེལ་ཡོད་ཞིབ་འཇུག་དེ་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ་《ཚན་རིག་སྙན་ཞུ》ཐོག་སྤེལ་ཡོད།

སྲིད་ཇུས།

  • པེ་ཅིང་དང་ཐེན་ཅིན། ཧོ་པེ། ཧྲན་ཤིས། ནང་སོག་བཅས་ས་ཁུལ་ལྔའི་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་གྲོས་མཐུན་བཞག་ནས་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཆ་འཕྲིན་འདྲི་རྩད་སོགས་ཀྱི་འགུལ་ཚད་མཐོ་བའི་ལས་སྒོའི་དོན་ཚན་ཁག16“ཞིང་ཆེན་བརྒལ་ནས་ཤར་གཏོང་ཐུབ་པའི”དོན་ཚན་གྱི་གསལ་ཐོའི་ནང་བཅུག་ཡོད།

  • གསར་དུ་བཟོ་བཅོས་བརྒྱབ་པའི《ཅང་སུའུ་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག》ཟླ་བ་རྗེས་མ་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། དེའི་ནང་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱིས་གློག་གསོག་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ལ་ཁོངས་གཏོགས་ཀྱི་རླངས་འཁོར་འཇོག་ས་སྒོ་འབྱེད་རྒྱུར་སྐུལ་ལྕག་བྱས་ཡོད།

  • ཧུའུ་པེས་མྱུར་བགྲོད་གཞུང་ལམ་གྱི་འགོག་རྐྱེན་སེལ་བའི་ཞབས་ཞུའི་ཚད་གཞི་ཁྱབ་བསྒྲགས་བྱས། འགོག་རྐྱེན་སེལ་བའི་ལས་དོན་མི་སྣས་སྒྲིག་འགལ་ངང་གཏའ་དངུལ་དང་མཚམས་སྦྱོར་གྱི་འགྲོ་གྲོན་བསྡུ་མི་ཆོག་པ་ཁ་གསལ་བཟོས་ཡོད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་གཞོང་ས། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྲན་ཞིའི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ལེ་ཀྲོའུ་ཕྱེད་གླིང་། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད། 


མཉམ་སྤྱོད།