དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-29 07:17:54   |   519

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུ་དེ་ཟླ12ཚེས27ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས《དམག་དཔུང་སྐྱེལ་འདྲེན་གྱི་སྐྱེལ་སྤྲོད་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས11པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར762285.3ཟིན་པ་དང་། དུས་མཚུངས་ལས3.9%འཕར་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན11860ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི16728ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས11པའི་བར་དངུལ་རྩའི་རིགས་དང་འབྲེལ་བའི་ཉེས་གསོག་ཁྱོན་སྡོམ22529ཁྲིམས་སྦྱོར་བྱས་པ་དང་། ཁྲིམས་སྦྱོར་བྱེད་པའི་མི་གྲངས་དུས་མཚུངས་ལས10%ཆག་ཡོད་པ་རེད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་སྒུལ་བདེའི་གཏོང་སྤྲོད(移动支付)ཁྱབ་གདལ་བཏང་ཚད86%ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།

2.jpg

  • ཅིང་ཞུང་མྱུར་བགྲོད་གཞུང་ལམ(京雄高速公路)(པེ་ཅིང་བར་མཚམས)གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དང་། པེ་ཅིང་ལྷོ་ནུབ་ཀྱི་སྐོར་ལམ་ལྔ་པ་ནས་ཞུང་ཨན་ཁུལ་གསར་དུ་ཆུ་ཚོད་གཅིག་ནང་ཤར་གཏོང་ཐུབ་རྒྱུ་རེད།

  • ཨ་རིའི་ཚོང་དོན་པུས“འགག་རྩའི་ལས་རིགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་ཉིང་ལྷེབ་ཉོ་སྒྲུབ་བྱེད་པའི”གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ་རེད། རང་རྒྱལ་ཚོང་དོན་པུས་ལན་བརྒྱབ་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱེད་ཐབས་ཀྱི་འཕེལ་ཕྱོགས་དང་ཤུགས་རྐྱེན་ལ་དོ་ཁུར་ཆེན་པོ་བྱས་ནས་རང་ངོས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

  • རྒྱལ་སྲུང་པུས་ཚེས28ཉིན་བསྟན་དོན། རེན་ཨའེ་ཅོ(仁爱礁)གནད་དོན་ནི་ཀྲུང་གོ་དང་ཧྥི་ལི་ཕིན(菲律宾)དབར་གྱི་བྱ་བ་ཞིག་ཡིན་པས་ཨ་རི་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་གནད་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་པ་དང་། ངན་སྐུལ་དང་སྐུལ་སློང་བྱས་ནས་ཧྥི་ལི་ཕིན་ཕྱོགས་ཀྱི་དབང་གནོད་དང་འཁྲུག་རྐྱེན་སློང་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད།

    སྤྱི་ཚོགས།

  • ཀྲུང་གོ་གནམ་གཤིས་ཅུས་སྔོན་དཔག་བྱས་པར་གཞིགས་ན། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་གནམ་ཐང་བའམ་ཡང་ན་སྤྲིན་མང་བའི་གནམ་གཤིས་གཙོ་བོ་ཡིན་པ་དང་། ཤིན་ཅང་དང་བྱང་ཤར་ས་ཁུལ་དུ་ཁངས་འབབ་རྒྱུ་རེད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་སྔོན་དཔག་བྱས་པར་གཞིགས་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། ཉིན་རེར་ཆ་སྙོམས་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི156ཟིན་རྒྱུ་ཡིན་པ་དང་། དེ2019ལོའི་དུས་མཚུངས་ཀྱི90%ཟིན་རྒྱུ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ངལ་གསོའི་དུས་ཚོད་འཆར་ཉེར་ཡོད་པས། དབུགས་ལམ་གྱི་ནད་ཡམས་མཆེད་པའི་ཉེན་ཁ་ཆེ་རུ་ཕྱིན་པས་ས་གནས་ཁག་གིས་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས་ཡོད།

  • ཚེས28ཉིན། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཁྲེན་རུའུ་ཀུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།

3.jpg

  • སྤྱི་བདེ་ལས་ཁུངས་ཀྱིས་འབར་མའི་བྱང་རྒྱུད་ས་ཁུལ་གྱི་དུག་འབྲེལ་ཚབས་ཆེན་གྱི་བྲོས་བྱོལ་ཉེས་ཅན10ཡོངས་བསྒྲགས་ངང་འཛིན་བཟུང་བྱས་པ་རེད།

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་ལ་རྣམ་གྲངས142ཀྱི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་ཐོབ་ཡོད་པ་རེད།

  • ཉེ་ཆར། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང(东北虎豹国家公园)ཧུའེ་ཁྲུན་ཡུག་ཁུལ(珲春片区)དུ་མཐོང་དཀོན་པའི་དོན་རྐྱེན་ཞིག་བྱུང་བ་སྟེ་བྱང་ཤར་སྟག་གིས་བྱང་ཤར་གཟིག་ཞིག་བསད་པ་རེད།

  • ཉེ་དུས། ཡུན་ནན་ཏེ་ཧུང(云南德宏)ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྐྱེལ་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་རེད། འཁྱགས་དུག་སྤྱི་རྒྱ64.1གཞུང་བཞེས་བཏང་བ་དང་། དུག་ཚོང་གི་དོགས་ཡོད་ཉེས་ཅན1འཛིན་བཟུང་བྱས་ཡོད།

4.jpg

  • ཉེ་ཆར། ཧྲན་ཤིས་ཤིས་ཨན་གྱི་བུ་ཆུང་ཞིག་དར་ཆགས་པའི་མཚོ་ངོས་སུ་རྩེད་མོ་རྩེ་སྐབས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ལམ་བར་དུ་ཡོད་པའི་དགེ་རྒན་ལི་ཡིས་ཤེས་རྗེས་འཕྲལ་དུ་ཆུ་ནང་དུ་འཛུལ་ནས་བུ་ཆུང་དེ་གྲང་ངར་ཆེ་བའི་མཚེའུ་ལས་བསྐྱབས།

སྲིད་ཇུས།

  • པེ་ཅིང་གིས་བྱ་ཐབས་བཟོས་ནས་ས་ཁང་བདག་ཁོངས་མཚམས་སྦྱོར་ཁེ་ལས(房产中介)ཀྱིས་གཉེར་སྐྱོང་བྱེད་ས་དང་དྲ་རྒྱའི་ཞབས་ཞུའི་དུད་སྣེའི་མངོན་གསལ་དོད་སར་ཞབས་ཞུའི་ནང་དོན་དང་ཚད་གཞི། གྲོན་བསྡུའི་དོན་གནད་དང་ཚད་གཞི་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཧེ་ལུང་ཅང(黑龙江)གིས་བརྡ་ཐོ་བཏང་ནས་མཛེས་ལྗོངས་ཁུལ་ཁག་གིས་གནས་སྐོར་བ་མང་བའི་དུས་ཚིགས་ལ་བརྟེན་ནས་སྒོ་འཛིན་གྱི་རིན་གོང་མཐོ་རུ་གཏོང་མི་ཆོག་པའི་བླང་བྱ་བཏོན་ཡོད།

  • ཧུའུ་ནན(湖南)གྱིས་སྲིད་ཇུས་བཏོན་ནས་གསར་དུ་བསྐྲུན་པའི་གཞིས་ཁུལ་གྱི་གཏན་འཇགས་རླངས་འཁོར་འཇོག་གནས་ཀྱི100%ལ་གློག་གསོག་སྒྲིག་བཀོད་སྒྲིག་སྦྱོར་བྱེད་ས་འཇོག་པ་དང་། དུས་མཚུངས་སུ་གཏན་འཇགས་རླངས་འཁོར་འཇོག་གནས་ཀྱི25%ལས་མི་ཉུང་བའི་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་བྱང་རྒྱུད། ཧྲན་ཤིས(山西)ཀྱི་དབུས་ལྷོ་རྒྱུད། ཧྲན་ཤིས(山西)ལྷོ་ནུབ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ཧོ་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྲན་ཏུང་གི་ལྷོ་ནུབ་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་བྱང་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་ཀྱི་རེད།


མཉམ་སྤྱོད།