དེ་རིང་ནི2025ལོའི་ཟླ05པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམ་བྱས་པ།

2023-12-29 09:53:23   |   303

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམ་བྱས་ཤིང་།(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད།) བརྡ་སྦྱོར་བཏང་སྟེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན། 

བརྡ་སྦྱོར་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཏང་ཀྲུང་དབྱང་གིས་ཏང་ཆེན་པོའི་ཐུན་མོང་མ་ཡིན་པའི་དཀའ་གནད་སེལ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བར་དམིགས་ནས《སྲོལ་ཡིག》ལ་བཟོ་བཅོས་བྱས།《སྲོལ་ཡིག》གི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱས་ཡོད་ལ། ཏང་གི་སྒྲིག་ཡིག་གི་སྤྱིའི་འབྱུང་ཁུངས་འདི་གཞིར་བཟུང་ནས་ནན་མོའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། དུས་བསྟུན་མདུན་སྐྱོད་ཀྱིས་སྒྲིག་ཁྲིམས་ཚད་ལྡན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་བས་ནན་མོར་གཏོང་བ། སྒྲིག་ཁྲིམས་སྣ་ཚོགས་ཕྱོགས་ཡོངས་ནས་ནན་མོ་ཡོང་བར་སྣེ་ཁྲིད་པ། སྒྲིག་ཁྲིམས་ལག་བསྟར་བྱེད་པ་ཇི་ལྟར་འཕྱི་ན་དེ་ལྟར་ཇེ་དམ་དུ་གཏོང་བའི་བརྡ་རྟགས་བཙན་པོ་སྟོན་པ། སྒྲིག་ཁྲིམས་འཛུགས་སྐྲུན་ཐད་ཀྱི་རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

བརྡ་སྦྱོར་ནང་བླང་བྱ་འདོན་རྒྱུར། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་དགོས་པ་དང་། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་གཅིག་བྱུང་ན་དེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། སྒྲིག་ཁྲིམས་ཀྱི་འགྱུར་མེད་རང་བཞིན་དང་གཟབ་ནན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། ཏང་གཤིས་ཏང་སྲོལ་ཏང་གི་སྒྲིག་ཁྲིམས་གསུམ་མཉམ་དུ་དམ་འཛིན་བྱེད་དགོས་ལ། 《སྲོལ་ཡིག》དེ་ཏང་ཡོན་དང་ལས་བྱེད་པ་གསོ་སྦྱོང་བྱེད་སྐབས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་དུ་བཅུག་ནས། སྒྲིག་བཀུར་ཁྲིམས་སྲུང་གི་རང་རྟོགས་ཇེ་ཆེར་གཏོང་དགོས། སྒྲིག་ཁྲིམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། ཁྲིམས་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། “རྣམ་པ་བཞི”བེད་སྤྱོད་གནད་ལ་འཁེལ་བ་བྱེད་པ་དང་། “སོ་སོར་དབྱེ་བ་གསུམ”དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ལྟ་སྐུལ་དོ་དམ་དང་འགན་འཁྲི་འཁུར་བ་ནན་མོ་བྱེད་པ་དེ་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རིམ་པ་སོ་སོས་ཏང་གི་སྒྲིག་ཡིག་ནང་འཁོད་པའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པ། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འཐབ་རྩོད་བྱེད་མཁས་པ་དང་། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ། སྒྲིག་ཁྲིམས་ལག་བསྟར་གནད་ལ་འཁེལ་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཏུ་འཕེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ནང་གི་གནས་ཚུལ་དང་གྲོས་གཞི་གལ་ཆེན་ལག་བསྟར་བྱེད་སྐབས་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས


མཉམ་སྤྱོད།