དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད11)

2024-01-02 14:15:49   |   275

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

“ཟུང་འབྲེལ་གཉིས”ཀྱི་ཞིབ་ཕྲའི་ནང་དོན་ཅི་ཞིག་ཡིན་ནམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཟུང་འབྲེལ་གཉིས”སྐོར་གྱི་རྣམ་བཤད་གལ་ཆེན་ནང་། མར་ཁེ་སིའི་རིང་ལུགས་གསར་གཏོད་དང་ཀྲུང་གོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་དངོས་དང་ནང་གནས་ཀྱི་ཆོས་ཉིད་གསལ་སྟོན་གཏིང་ཟབ་བྱས་ཡོད།

“ཟུང་འབྲེལ་དང་པོ”ངོ་བོའི་ཐོག་ནས་བཤད་ན་མར་ཁེ་སིའི་རིང་ལུགས་སློབ་སྟོན་དུ་བཟུང་ནས། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་བརྟེན་ནས་ཀྲུང་གོའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། དུས་རབས་གསར་པ་དང་། ལག་ལེན་གསར་པ་དང་། བླང་བྱ་གསར་པ་བཅས་ལ་གཞི་བཙུགས་ཏེ།“ཟུང་འབྲེལ་དང་པོ”ནི་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ་དང། དུས་བསྟུན་མདུན་སྐྱོད་དང་། བདེན་འཚོལ་དངོས་གཉེར་བཅས་ཡིན་པ་དང་། ཐམས་ཅད་དོན་དངོས་ལ་གཞིགས་ཏེ་དུས་རབས་གསར་པའི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གནད་དོན་དངོས་ཐག་གཅོད་བྱེད་པར་དམིགས་ཏེ། མར་ཁེ་སིའི་རིང་ལུགས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ཟུང་འབྲེལ་དང་། དུས་རབས་འཕེལ་རྒྱས་དང་མཉམ་དུ་ཡར་ཐོན་ཡོང་བ། མི་དམངས་མང་ཚོགས་དང་ལས་དབང་གཅིག་མཐུན་ཡོང་བ་བཅས་བྱས་ནས་དུས་བསྟུན་མདུན་སྐྱོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཐོབ་པ་དང་། དེ་བས་ཀྱང་ཀྲུང་གོ་ལག་ལེན་མཛུབ་སྟོན་ཇེ་ལེགས་སུ་གཏོང་དགོས།

“ཟུང་འབྲེལ་གཉིས་པ”ངོ་བོའི་ཐོག་རྒྱལ་ཁབ་དེ་རང་དང་མི་རིགས་དེ་རང་གི་ལོ་རྒྱུས་དང་རིག་གནས་ཀྱི་ཞིང་ས་དང་འཚམ་ཞིང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དེ་རེད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ལྟེ་བའི་ནང་དོན་དེ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གཞི་རྩ་ཞིག་ཏུ་གྱུར་ཡོད་ལ། ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱིས་ཞི་བར་སྐྱོང་བ་དང་། ཞི་བར་བཀུར་བ་དང་། དུས་སུ་གནས་པར་བརྩི་བ་དང་། ཤེས་པ་འགྱུར་བ་དང་། བདེན་དོན་ལ་བརྩི་བ་དང་། བྱས་རྗེས་འཇོག་པ་བཅས་ཀྱི་བརྒྱུད་རིམ་ནང་རིམ་བཞིན་ཆགས་པའི་མི་རིགས་གཞན་དག་དང་མི་འདྲ་བའི་དམིགས་བསལ་གྱི་མཚོན་རྟགས་ཤིག་རེད། ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཞིང་སར་འཚམ་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཀྲུང་ཧྭའི་ཤེས་དཔལ་གྱི་བག་ཆགས་ཁྲོད་དུ་བདེན་དོན་གྱི་འོད་ཟེར་རྒྱུན་ཆད་མེད་པར་འཕྲོ་བཞིན་ཡོད། མར་ཁེ་སིའི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། “ཟུང་འབྲེལ་གཉིས་པ”མངོན་འགྱུར་བྱེད་པར་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། གནའ་དཔེ་དེང་སྤྱོད་དང་རྙིགས་དོར་བཅུད་ལེན་མཐའ་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་དགོངས་པའི་སྙིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་མཐུན་དང་། མི་དམངས་མང་ཚོགས་ཀྱི་རྒྱུན་སྤྱོད་ཀྱི་ཐུན་མོང་གི་རིན་ཐང་འདུ་ཤེས་མཉམ་བསྲེས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་རུ་རྩ་བ་བརྟན་པོར་ཚུགས་དགོས།


མཉམ་སྤྱོད།