མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-03 07:45:08   |   365

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

01.jpg

  • གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་ཉིན་གསུམ་རིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དང་གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་དུང་ཕྱུར1.3ཙམ་ལ་ཐོན་ཡོད།

  • རིག་གནས་ཡུལ་སྐོར་པུའི་གནས་ཚུལ་ལྟར་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར797.3ཡིན་པ་དང་། དུས་མཚུངས་ལས་200.7%་འཕར་ཡོད་ལ། 2019ལོའི་དུས་མཚུངས་ལས5.6%འཕར་ཡོད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གནས་ཚུལ་ལྟར་ན། ད་ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི517.9ལ་ཞིབ་བཤེར་བྱས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི172.6ཡིན་ལ། 2019ལོའི་དུས་མཚུངས་ཀྱི་ཆུ་ཚད་དུ་སླར་གསོ་བྱུང་འདུག

  • ཚོང་དོན་པུ་སོགས་སྡེ་ཁག་བཅུ་ཡིས་ཉེ་ཆར་མཉམ་འབྲེལ་ཐོག《ལས་སྣོན་ཚོང་དོན་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • རྒྱལ་ཁབ་སློབ་དེབ་ཨུ་ཡོན་ལྷན་ཁང་གིས་སློབ་དེབ་བེད་སྤྱོད་ལྟ་ཞིབ་ཚད་ལེན་དང་། གནད་དོན་ལྟ་སྐུལ་དང་ཐག་གཅོད། འགན་འཁྲི་བདའ་འདེད། ཁྲིད་སྟོན་སྐུལ་ལྕག་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་གསལ་བོར་བཏོན་ཡོད།

  • ཚེས2ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ45ལོན་པའི་ཐད་གཏམ་བཤད་སྤེལ།

  • ཐེ་གོའི་ཙུང་ལི་སའེ་ཐ་ཡིས་ཟླ1ཚེས2ཉིན་མན་ཀུའུ་རུ་བསྟན་དོན། ཐེ་གོས2024ལོའི་ཟླ3ཚེས1ཉིན་ནས་བཟུང་ཀྲུང་གོའི་སྤྱི་དམངས་ལ་ཡུན་རིང་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཞེས་བཤད།

  • འཇར་པན་རླུང་འཕྲིན་མཐུན་ཚོགས་ཀྱིས་ཚེས་2ཉིན་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་དེ་ཉིན་ཐོ་ཁེའོ་ཡུས་ཐེན་གནམ་ཐང་དུ་མཚོ་ཐོག་བདེ་སྲུང་ཐིང་གི་གནམ་གྲུ་ཞིག་དང་གདོང་ཐུག་བརྒྱབ་ནས་མེ་སྐྱོན་བྱུང་ནས་མི5རྐྱེན་ལམ་དུ་ཤོར། 

  • ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་དབང་བཟུང་མེད་པའི་ཏང་སྟེ། ཐུན་མོང་དམངས་གཙོ་ཏང་གི་འགོ་འཛིན་ལི་ཙེ་མིང་ལ་ཚེས2ཉིན་ཧན་གོའི་ཧྥུའུ་ཧྲན་དུ་འཇབ་རྒོལ་ཐེབས།

སྤྱི་ཚོགས།

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་སེར་པོའི་ཉེན་བརྡ་བཏང་སྟེ། དེ་རིང་ཧོ་པེའི་ཤར་ལྷོའི་རྒྱུད་དང་ཧྲན་ཏུང་གི་ནུབ་བྱང་རྒྱུད། ཅང་སུའུ་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་སྨུག་པ་ཆེན་པོ་འཐིབས་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་གནས་ཚུལ་ལྟར་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ལས་སྒོའི་ལོ་བཅུའི་རིང་མི་ཁྲི་7000ལྷག་ཙམ་ལ་སྐྱིན་ཚབ་སྤྲད་ཡོད།

  • ཚེས2ཉིན། སློབ་གསོ་པུས་འོས་འགན་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟ་ཁུལ་དང་ཚོད་ལྟའི་སློབ་གྲྭའི་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་། ཚོད་ལྟ་ཁུལ་63དང་ཚོད་ལྟའི་སློབ་གྲྭ་189ཚུད་ཡོད།

  • ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཅུ་ཀྲང་ཀྲུང་ཙེ་རན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

03.jpg

  • ཚེས2ཉིན། ཤར་ཕྱོགས་མཁའ་འགྲུལ་ཀུང་སིའིC919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཐེངས་བཞི་པ་རྩིས་སྤྲོད་བྱས་ནས་གནམ་ཐང་དུ་བབས།

  • 2023ལོར་ཀྲུང་གོའི་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་ཐོན་སྐྱེད་སྣུམ་རླངས་ཐོན་འབོར་ཏུན་ཁྲི་3353ཟིན་པ་དེ་དུས་མཚུངས་ལས་ཏུན་ཁྲི་43འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

04.png

  • ཧྲང་ཧའེ་གྲུ་ཁས2023ལོར་དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི་4900ལས་བརྒལ་ནས་ལོ་བཅུ་བཞི་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

  • ཀོང་ཤིས་ཧྥང་ཁྲེང་གྲུ་ཁའི་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས། ཟླ་1ཚེས་3ཉིན་གྱི་ཆུ་ཚོད་6པ་ནས་ཟླ་1ཚེས་4ཉིན་གྱི་ཆུ་ཚོད་18བར། བྱང་རྒྱུད་མཚོ་ཁུག་གི་ཆུ་ཁོངས་སུ་མེ་མདའ་དངོས་སུ་འཕེན་པའི་བྱེད་སྒོ་སྤེལ་རྒྱུ་དང་འགྲུལ་སྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས།

  • ཧུའུ་ནན་ཁྲང་ཧྲའི“ཁྲོམ་གཞུང་འགྲམ་གྱི་ཚོང་བཤམས་སའི་ཁ་ཚའི་ཁུ་དྭངས་ལ་རིན་སྒོར་106བླངས་པའི་དོན་དག”ལ་དོ་ཁུར་ཆེན་པོ་ཐོབ་ནས། ས་གནས་དེ་གའི་བརྡ་ཁྱབ་བཏང་ནས་ཚོང་པ་དེའི་ཁྲིམས་འགལ་བྱེད་སྤྱོད་ལ་ཐག་གཅོད།

05.gif

  • ཧྲན་ཏུང་ལིན་ཆིང་གི་རེན་ཤིས་གྲོང་ཚོའི་རླངས་འཁོར་ཞིག་འཁྱགས་རོམ་དུ་ལྷུང་ནས། མི་བཞི་ཉེན་ཁར་འཕྲད། ཉེ་འགྲམ་གྱི་གྲོང་མི་ལི་ཧྲི་ཐུང་དང་ལུན་ཞུས་ཧྭ་སོགས་ཀྱིས་ལྕགས་སྐས་བཙལ་ནས་རླངས་འཁོར་གྱི་སྒེའུ་ཁུང་བཅག་ནས་མི་བཞི་བོར་བསྐྱབས།

སྲིད་ཇུས།

  • ད་ལོ་ནས་བཟུང་ཀྲེ་ཅང་ཞིང་ཆེན་གྱི་ལས་རྨས་འགན་བཅོལ་ལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱས་ནས། དངོས་སྦྱོང་སློབ་མ་སོགས་ལས་རྨས་འགན་བཅོལ་གྱི་སྤྱི་འདོམས་འགན་ལེན་ནང་བཅུག་ཡོད།

  • ཧྲན་ཤིས་ཀྱིས་བརྡ་ཐོ་བཏང་ནས། ད་ལོ་ནས་བཟུང་ལོ་80དང་དེའི་ཡན་གྱི་ལོ་ན་མཐོ་བའི་རྒན་རྒོན་ལ་ལོ་ན་མཐོ་བའི་ཕོགས་སྣོན་སྤྲོད་རྒྱུ།

  • ཅང་ཤིས་ཀྱིས་ད་ལོ་ནས་བཟུང་། བུ་བཙའི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་ལ་རིན་པའི་ཚད་བཀག་མེད་པ་གསལ་བོར་བཏོན།

དེ་རིང་གི་གནམ་གཤིས།

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ཞི་མཐོ་སྒང་། ཨན་ཧུའེ་ལྷོ་རྒྱུད། ཅང་སུའུ་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཆ་ལ་ལར་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ། ཅང་ནན་གྱི་ལྷོ་རྒྱུད་དང་ཧྭ་ནན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་དབུས་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ།


མཉམ་སྤྱོད།