དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས“བརྗོད་དོན་སློབ་གསོ”གླེང་བ།

2024-01-03 15:09:49   |   2334

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


སྐོར་ཐེངས་གཉིས་པའི་བརྗོད་དོན་གསོ་སྤེལ་བ་ནས་བཟུང་། མདའ་བཞི་རྫོང་གིས“བསམ་བློར་སློབ་སྦྱོང་བྱེད། ཏང་གཤིས་དྲག་ཏུ་གཏོང་། ལག་ལེན་གཙིགས་སུ་འཛིན། བྱས་རྗེས་གསར་པ་འཇོག”ཅེས་པའི་སྤྱིའི་བླང་བྱ་སྟངས་འཛིན་ནན་མོ་བྱས་ནས། རང་ས་གནས་ཀྱི་གསར་བརྗེའི་ཐོན་ཁུངས་དེ་བརྗོད་དོན་སློབ་གསོའི་བསམ་པའི་རྒྱུ་ནོར་རྩ་ཆེན་དུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། ཕུགས་བསམ་དང་དད་སེམས་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་བྱས་ནས་གསར་བརྗེའི་སྙིང་སྟོབས་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

1.jpg

གཅིག གསར་བརྗེར་ཞིབ་འཇུག་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཏོད།

མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་དེ་གའི་མགོ་གཙོ་མ་ཆིང་ཧྥང་གིས་ཐག་རིང་ནས་ཡོང་བའི་གནས་སྐོར་བར་གནས་དེའི་ངོ་མཚར་དང་གཟི་བརྗིད་ངོ་སྤྲོད་བྱེད།

ཧྲང་ཞིན་ས་ཚིགས་སུ། མགྲོན་བདག་ཀྲང་ཞའོ་ལིན་གྱིས་མིག་མདུན་གྱི་ཚིགས་སྟེགས་ལ་ལྟ་བཞིན་སློབ་ཆེན་གྱི་སློབ་གྲོགས་ཁ་ཤས་ལ་ལོ་དེར་རྡུལ་ཕྲན་འབར་མདེལ་གནས་འདི་ནས་ལས་ཏེ་ལུའོ་པུའུ་ཕོ་རུ་དབོར་འདྲེན་བྱས་པའི་ཁྱད་མཚར་གཏམ་རྒྱུད་བཤད།

དུས་རབས་ཀྱི་མིག་དཔེ་དྲན་གསོ་ཁང་དུ་ལྟ་སྐོར་ལ་ཡོང་མཁན་གྱི་ཏང་ཡོན་རྒན་གྲས་སྐོར་ཞིག་གིས་ཧྲིན་ཀྲང་སྐལ་བཟང་གི་གཏམ་རྒྱུད་ལ་ཉན་བཞིན་མིག་ལ་མཆི་ཞག་འཁོར་འདུག

སྐབས་དེའི་ལྕགས་དང་ཁྲག་ལས་གྲུབ་པའི་འོད་སྟོང་འབར་བའི་ལོ་ཟླ་དེ་རིམ་བཞིན་རིང་དུ་འདས་མོད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དེ་མདའ་བཞི་ཞེས་པའི་ས་མཐོའི་གྲོང་ཆུང་འདིར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས། 

སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་ཚུན་དུ། མདའ་བཞི་རྫོང་གིས་དུས་དཔག་བབ་བསྟུན་དང་གོ་སྐབས་དམ་འཛིན་བྱས་ནས། ཐོན་ཁུངས་ལེགས་ཆ་སྤྱི་འདོམས་སྒོས་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་དང་གནས་སྐོར་ཐོན་ལས། “སློབ་ཚོགས་དཔལ་འབྱོར”སྐྱེད་སྲིང་བྱས་ཏེ་གསར་བརྗེའི་སློབ་གསོའི་སྙིང་སྟོབས་དར་སྤེལ་དང་བླ་སྲོག་གསར་སྐྲུན་བྱས་ནས། ཐོན་ལས་འཕེལ་རྒྱས་ལ་བརྟེན་ཏེ་ཕྱུག་འགྱུར་གསར་གཏོད་དང་ཕྱུག་འགྱུར་སྣེ་ཁྲིད་ཀྱི་སྒུལ་ཤུགས་གསར་པ་བཏོད། གསར་བརྗེའི་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་དུས་མཚུངས་སུ་མི་འབོར་གྱི་ཞན་ཆ་དེ་ཡོང་འབབ་ཀྱི་ལེགས་ཆར་བསྒྱུར་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཆགས་པར་བྱས་ཏེ། ཐུན་མོང་ཕྱུག་འགྱུར་དང་གསར་བརྗེའི་འཐབ་ཇུས་ཀྱི་ཞིབ་འཇུག་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་།

མདའ་བཞི་རྫོང་གིས་རྡུལ་ཕྲན་མཁར་གྱི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་ཞབས་ཞུའི་ལྟེ་གནས་བཙུགས་ཤིང་།  《མདའ་བཞི་རྫོང་གིས་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་ལས་འགན་ཁག་བགོས་ཇུས་གཞི》དང《གཞོན་ནུ་ལོ་ཆུང་གི་དབྱར་གསེང་གི་ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱེད་སྒོའི་ཇུས་གཞི》སོགས་བཏོན་ནས། ཡུལ་དངོས་ལྟ་སྦྱོང་དང་རྟོག་ཞིབ། སྔོན་ཐོན་ཉམས་མྱོང་སློབ་སྦྱོང་། འཕེལ་རྒྱས་བསམ་བློ་བསྡུ་ལེན་བྱེད་པ་བཅས་ཀྱི་སྒོ་ནས་རྫོང་ཁོངས་ཀྱི་གསར་བརྗེའི་རྟེན་གཞིའི་ཐོན་ཁུངས་བསྡུ་སྒྲིག་གིས“རི་གཉིས”ཀྱི་རིག་པའི་གཞུང་ལུགས་ལག་ལེན་སློབ་གསོའི་རྟེན་གཞི་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་བཅས་བསྐྲུན་པ་དང་། སྒོར་དུང་ཕྱུར1.45བཏང་ནས་གསར་བརྗེ་ཞིབ་འཇུག་སློབ་གསོའི་མ་ལག་བཙུགས་ཏེ་ཀྲུང་གོ་རྡུལ་ཕྲན་མཁར་གཞོན་ནུ་ལོ་ཆུང་གསར་བརྗེ་ཞིབ་འཇུག་སློབ་གསོའི་སྒར་ས་བསྐྲུན།

མིག་སྔར། མདའ་བཞི་རྫོང་ནི“རྒྱལ་ཁབ་རིག་གནས་ཐོན་ལས་དང་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ”དང་། སྐོར་གཉིས་པའི་རྨ་ཆུའི་འབབ་རྒྱུད་ཀྱི་ཞིབ་འཇུག་སློབ་གསོའི་མནའ་འབྲེལ་ཁོངས་མིའི་སྡེ་ཚན་དུ་ཚུད་ཡོད་ལ། གསེར་དངུལ་ཐང་ནི་རྒྱལ་ཁབ་རིམ་པའི“གསར་བརྗེའི་རྩྭ་ཐང”སྐོར་དང་པོར་བདམས་ཐོན་བྱུང་། གསར་བརྗེ་ཞིབ་འཇུག་སློབ་གསོའི་སྒར་ས་ལ་ཞིང་ཆེན་རིམ་པས་དཔྱད་བསྡུར་གཏན་འབེབས་བྱས་ཤིང་། ཁྱོན་སྡོམ་གསོ་སྦྱོང་དང་ཞིབ་འཇུག་སློབ་སྦྱོང་ཚོགས་པ40ལ་སྣེ་ལེན་བྱས་པ་དང་། གསོ་སྦྱོང་ནང་ཞུགས་མཁན་མི་གྲངས2807ཟིན་ལ། གསོ་སྦྱོང་ཚོགས་འདུའི་ཡོང་འབབ་སྒོར་ཁྲི538ཟིན་ཞིང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི1239ཙམ་ཟིན་ཡོད།

2.jpg

གཉིས། བཅོས་སྒྲིག་ལ་དམིགས་ཏེ་ནན་ཏན་སྒོས་རྟོག་དཔྱད་ཞིབ་འཇུག་གི་བྱ་བ་གཉེར།

མདའ་བཞི་རྫོང་གི་དབང་སྐྱོན་ལྷན་ཚོགས་དང་སློབ་གསོ་ཅུ། མང་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱིས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་མང་པོ་བསྡུ་ལེན་བྱས་ནས། སློབ་སྦྱོང་དང་ཞིབ་བསྡུར། ཞིབ་བཤེར་དང་དག་ཐེར་བཅས་ཀྱི་བྱ་བ་དུས་མཉམ་དུ་སྒྲུབ་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ལ་བརྗོད་དོན་སློབ་གསོའི་ཕན་འབྲས་ཚོར་དུ་བཅུག་ཡོད།

རྫོང་རིམ་པའི་མགོ་ཁྲིད་དཔུང་སྡེས་གནད་དོན39དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་གནད་དོན68དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་གནད་དོན296དང་། གཞི་རིམ་ཏང་ཡོན་མི་སྒེར་གྱིས་གནད་དོན2626ལ་ཞིབ་དཔྱོད་དང་ལྟ་ཞིབ་བྱས། དུས་མཚུངས་སུ། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས་དུས་བཅད་ལྟར་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུས་པ་དང་། ཁྱོན་སྡོམ་ངོ་བཅར་མང་ཚོགས་མི་ཐེངས74ལ་སྣེ་ལེན་ཞུས་པ་དང་། འགལ་བ་དང་རྩོད་གཞི21འདུམ་སྒྲིག་བྱས། ཡིག་སྐུར་ངོ་བཅར་གྱི་གནད་དོན་མངོན་གསལ་ཅན2དང་དཀའ་གནད་ཆེ་བའི་གནད་དོན1ཐག་གཅོད་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ད་དུང“ཐབས་འདོན་ཇུས་འབུལ་གྱིས་སྒོ་ཕྱེ་ནས་གནད་དོན་འཚོལ་བའི”བྱེད་སྒོ་སྤེལ་བ་བརྒྱུད། རང་འགུལ་ངང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི503བསྡུ་ལེན་བྱས།

མདའ་བཞི་རྫོང་གིས་སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་བཅས་ཟུང་འབྲེལ་བྱས་ཏེ་གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ། དག་ཐེར་གྱི་གསལ་ཐོ་བཅས་རེ་རེ་བཞིན་བཏོན་ནས་བཅོས་སྒྲིག་བྱེད་ཐབས་བཟོས་པ་དང་། དག་ཐེར་ཐུབ་རིགས་འཕྲལ་མར་དག་ཐེར་དང་། གནས་སྐབས་ཐག་གཅོད་མི་ཐུབ་པའི་རིགས་ལ་ཞིབ་ཕྲའི་བྱ་ཐབས་དང་དག་ཐེར་དུས་ཚད། འགན་འཁྲིའི་ལས་བགོས་བཅས་ཁ་གསལ་བཟོས་ནས་རྩིས་ཐོ་དོ་དམ་དང་དཔེ་རིས་བཀལ་ནས་དམ་འཛིན་ལྷོད་མེད་བྱས།

མིག་སྔའི་བར། རྫོང་རིམ་པའི་མགོ་ཁྲིད་དཔུང་སྡེའི་གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་བྱེད་ཐབས140དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པའི་གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་བྱ་ཐབས111དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་བྱ་ཐབས721དང་། གཞི་རིམ་ཏང་ཡོན་མི་སྒེར་གྱི་གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྐྱོང་བྱ་ཐབས3217བཏོན།

ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི25བརྩོན་ལེན་བྱས་ནས་དུད་ཚང50ཡི་རྒན་ཡོལ་ཞུས་པའི་རྒན་རྒོན་གྱི་ཁྲོད་དུ་ན་རྒས་ཅན་གྱི་སྒྱུར་བཀོད་བྱ་བ་བསྒྲུབས། ཟླ12པའི་ཚེས15ཉིན་གྱི་སྔོན་ལ་ཁག་དང་པོའི་སྐབས་བསྟུན་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་ཁྱོན་མི39ལ་སྒོར་ཁྲི38.8སྤྲད། ཁག་གཉིས་པའི་བབ་བསྟུན་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་མ་དངུལ་སྒྲུབ་བཞིན་པའི་སྒང་ཡིན་ལ། གུང་གཞོན་ཚོགས་པ་མདའ་བཞི་རྫོང་ཨུས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་དུས་ཡུན་ཉིན5ཡི་རིང་རྫོང་ཡོངས་ཀྱི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མར་རིན་མེད་སྤྱི་ཕན་གྱི་གཞུང་ཞབས་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་སོགས་མང་ཚོགས་ལ་ཕན་པའི་བྱ་བ་བསྒྲུབས་ཏེ། དམངས་འཚོའི་ཐད་ཀྱི་ཁ་ཐོག་གི་རི་མོ་དེ་དོན་ཐོག་ཏུ་འབབ་པར་སྐུལ་འདེད་བཏང་།

གསུམ། ལས་གནས་ལ་གཞི་ཚུགས་ནས་གཞི་རིམ་བཅོས་སྐྱོང་བྱ་བར་ཤུགས་སྣོན་བྱས།

ཉེ་ལམ། མདའ་བཞི་རྫོང་དུ“ད་ཆ་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གྱི་གཞོན་ནུ་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་བཤད་པ་རྒྱུན་དུ་ཐོས་ཐུབ།

ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་རྫོང་ཁོངས་ཀྱི་རྩྭ་ཐང་དང་ནགས་ཚལ། གཙང་པོ་དང་མཚེའུ། དེ་བཞིན་སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་དོ་དམ་སྲུང་སྐྱོང་ལས་དོན་ནན་ཏན་གྱིས་བསྒྲུབས་ཏེ། “ཁོངས་མི་ལྔ་སྒྲིལ”གྱི་སྒྱུར་བཅོས་གསར་གཏོད་བྱས་ཏེ་སྔར་ཡོད་ཀྱི་སྐྱེ་ཁམས་དྲ་མིག་ཅན་གྱི་དོ་དམ་པ་དང་གཙང་པོ་དང་མཚེའུ་ཡི་དོ་དམ་པ། ནགས་ལས་དོ་དམ་པ། རྩྭ་ཐང་དོ་དམ་པ། སྡེ་བ་རིམ་པའི་སྲུང་སྐྱོབ་མི་སྣ་བཅས་བསྡུ་སྒྲིལ་བྱས་ནས“སྐྱེ་ཁམས་དོ་དམ་པ”གྲུབ་པར་བྱས་ཏེ། མི་སྣ་ཁ་ཐོར་དང་དོ་དམ་སྣ་མང་གི་གནད་དོན་ཐག་གཅོད་བྱས།

མདའ་བཞི་རྫོང་གིས་བརྗོད་དོན་སློབ་གསོའི་ལག་ལེན་གྱི་གཞི་རྟེན་བཞི་དང་ཟུང་འབྲེལ་བྱས་ཏེ་དངོས་སྒྲུབ་བྱ་ཐབས་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་པ་དང་། “གཞི་རིམ་དུ་སྐྱོད་པ་བཞི”ཡི་ལས་ཀའི་ལམ་ལུགས་ལག་ལེན་ནན་ཏན་བྱས་ནས་གཞི་རིམ་དུ་གནད་དོན་ཤེས་རྟོགས་དང་། སེམས་རྣལ་དུ་ཕབ་ནས་ཐབས་ཇུས་ཞིབ་འཇུག བྱ་ཐབས་ངོ་མ་བཏོན་ནས་དཀའ་གནད་སེལ་རྒྱུ་བཅས་མཐའ་འཁྱོངས་ཀྱིས་གཞི་རིམ་བཅོས་སྐྱོང་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་།

མདའ་བཞི་རྫོང་གིས་རྫོང་ཡོངས་ཀྱི་དོན་དངོས་ལ་གཞིགས་ནས་ནན་ཏན་སྒོས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཤིང“རིམ་བཞིའི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ”གྱི་རྣམ་པ་ཁྱོན་ཡོངས་ནས་གསར་གཏོད་བྱས་ཏེ་མངའ་ཁུལ་ཡོངས་ལ་ཁྱབ་པར་བྱས། སྲིད་ཁྲིམས་ཨུ་ལྷན་གྱི་ཁག་བགོས་དོ་དམ་ཧྲུའུ་ཅི་གཞོན་པས་རིམ་པ་དང་པོའི་དྲ་མིག་ཅན་གྱི་དོ་དམ་དཔོན་གྱི་འགན་ཁུར་ནས་རིམ་པ་ཁག་གི་དྲ་མིག་ཅན་གྱི་འཁོར་སྐྱོད་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ་དང་། ཞང་དང་གྲོང་རྡལ་གྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ཡོན་གྱིས་རིམ་གཉིས་དྲ་མིག་ཅན་གྱི་དོ་དམ་དཔོན་གྱི་འགན་ཁུར་ནས་གཞི་རིམ་གྱི་དྲ་མིག་ཅན་གྱི་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྡེ་བ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅིས་རིམ་གསུམ་དྲ་མིག་ཅན་གྱི་དོ་དམ་དཔོན་གྱི་འགན་ཁུར་ནས་དྲ་མིག་ཅན་གྱི་ཆ་འཕྲིན་སྣ་ཚོགས་བསྡུ་རུབ་དང་ཕྱོགས་བསྒྲིགས། འཐུས་ཚང་དུ་གཏོང་བ་བཅས་ཀྱི་འགན་འཁུར་བ་དང་། རིམ་བཞིའི་དྲ་མིག་ཅན་གྱི་དོ་དམ་མི་སྣས་སྐོར་ཞིབ་འདྲི་རྩད་དང་ཆ་འཕྲིན་འཚོལ་བསྡུ་སོགས་ཞིབ་ཚགས་ཅན་གྱི་དོ་དམ་ཞབས་ཞུའི་ལས་དོན་གྱི་འགན་ཁུར་ཡོད་པ་རེད།

ཏང་འཛུགས་བྱ་བས་སྣེ་ཁྲིད་དེ་ཏང་འཛུགས་སྐྱོང་གི“གསར་གཏོད་ཆུང་ངུ”དང“གསར་སྒྱུར་ཆུང་ངུའི”བཟོ་སྐྲུན་ལག་བསྟར་བྱས་ཏེ། “འཇོན་མིའི་གྲོས་བསྡུར་ཚོགས་འདུ”དང“ཐག་གཅོད་བྱེད་ཐབས་ཆུང་གྲས”སོགས་གཞི་རིམ་བཅོས་སྐྱོང་སྤུས་རྟགས་བསྐྲུན་ནས་སྡེ་ཁུལ་གྱི“ཆུ་ཚོད་ལྔ་དང་ཕྱེད་ཀའི་སློབ་ཁྲིད”དང“མི་སེར་གྱིས་དོན་དག་ཤོད་པའི་ཚོམས་ཆེན”སོགས་ཞབས་ཞུའི་རྣམ་གྲངས་གསར་སྤེལ་དང་། གཞི་རིམ་མང་ཚོགས1059ཡིས་གྲུབ་པའི་བཅོས་སྐྱོང་དཔུང་ཁག26བཙུགས་པ་བཅས་བྱས་ནས་དམངས་འཚོའི་བདེ་སྐྱིད་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐད་རྨང་རྡོ་ལྟ་བུའི་ནུས་པ་འདོན་སྤེལ་བྱས།

གཞི་རིམ་ལ་སྟོབས་ཆེ་ན་རྒྱལ་ཁབ་ལ་སྟོབས་ལྡན་པ་དང་གཞི་རིམ་བདེ་ན་གནམ་འོག་བདེ། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་དུ་མདའ་བཞི་རྫོང་གིས་སློབ་སྦྱོང་དང་བཀོལ་སྤྱོད་དུས་གཅིག་ཏུ་བྱེད་པ་དང་། རྟོག་ཞིབ་དང་ལག་ལེན་དུས་གཅིག་ཏུ་བྱེད་པ། ཞིབ་བཤེར་དང་དང་དག་ཐེར་དུས་གཅིག་ཏུ་བྱེད་པ་བཅས་བྱས་ནས། རིག་པའི་གཞུང་ལུགས་སློབ་སྦྱོང་དང་རྟོག་དཔྱད་ཞིབ་འཇུག  ཞིབ་བཤེར་དག་ཐེར། འཕེལ་རྒྱས་སྐུལ་འདེད། སྒྲིག་སྲོལ་འཛུགས་སྐྲུན་བཅས་བྱ་བའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱིས་མདའ་བཞི་རྫོང་གི་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ལས་ཀའི་ཕན་འབྲས་ལ་བརྟེན་ནས་མི་སེམས་ལ་དྲོད་ཁོལ་སྩོལ་ནུས་པ་དང་མི་སེམས་ལ་ཤུགས་རྐྱེན་ཐེབས་ཐུབ་པ། མི་སེམས་འགུག་ཐུབ་པ་ཞིག་ཡོང་བར་འབད་རྒྱུའོ། །


མཉམ་སྤྱོད།