དེ་རིང་ནི2025ལོའི་ཟླ05པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-05 07:53:13   |   423

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ1ཚེས4ཉིན་གྱི་ཉིན་ཧྲིལ་བོར་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུས་ལས་དོན་སྙན་ཞུ་ཕུལ་བར་ཉན་པ་མ་ཟད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ལས་དོན་སྙན་ཞུ་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གལ་ཆེན་གནང་།

  • ཟླ1ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རན་ལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བར་དབྱི་རན་གྱི་ཙུང་ཐུང་ལའེ་ཤིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • 2023ལོར། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་དུང་ཕྱུར6.2ཡིན་པ་དང་། དུས་མཚུངས་ལས146.1%འཕར་ཡོད།

  • ཚོང་དོན་པུའི་གྲངས་གཞི་ལྟར་ན། 2023ལོའི་སྔོན་གྱི་ཟླ11རིང་། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར58902ཡིན་པ་དང་། དུས་མཚུངས་ལས9%འཕར་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུའི་གནས་ཚུལ་ལྟར་ན། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཤེར་ཞིབ་ཁག་དང་པོས་ཞིང་ཆེན5ཡི་མི289ལ་འགན་འཁྲི་བདའ་འདེད་བཏང་།

  • རྒྱལ་ཁབ་ནུས་ཁུངས་ཅུའི་གནས་ཚུལ་ལྟར་ན། 2023ལོའི་སྔོན་གྱི་ཟླ11རིང་། རྒྱལ་ཡོངས་ཀྱི་གློག་ཁུངས་གློག་དྲའི་ལས་གཞིས་མ་དངུལ་སྒོར་དུང་ཕྱུར་ཁྲི1.2ཡན་བཏང་།

01.jpg

  • ཁོ་རེ་ཡ་ནས་སྐྱེས་པའི་དོམ་ཁྲ་མཚེ་མ་“རུའེ་པའོ”དང“ཧུའེ་པའོ”གཉིས་ཚེས4ཉིན་དངོས་སུ་སྤྱི་དམངས་ཀྱི་མིག་ལམ་དུ་མཐོང་།

  • འཇར་པན་ཧྲི་ཁྲོན་རྫོང་སྲིད་གཞུང་གིས་ཚེས4ཉིན། རྫོང་དེའི་ནིན་ཏན་ས་ཁུལ་གྱི་ས་ཡོམ་དྲག་པོའི་ནང་ཉུང་མཐར་ཡང་མི84རྐྱེན་ལམ་དུ་ཤོར་བ་དང་། མི179གར་སོང་ཆ་མེད་དུ་གྱུར་བ་ཁྱབ་སྒྲོག་བྱས།

  • ཚེས3ཉིན། དབྱི་རན་ཁེར་མན་ཞིང་ཆེན་དུ་འབར་གས་དོན་རྐྱེན་གཉིས་བྱུང་ནས། མི84རྐྱེན་ལམ་དུ་ཤོར་བ་དང་མི284ལ་རྨས་སྐྱོན་ཕོག

སྤྱི་ཚོགས།

  • དེ་རིང་སྔ་དྲོར། ཅང་སུའུ་དང་ཨན་ཧུའེ། ཧུའུ་པེ། སི་ཁྲོན་སོགས་ས་ཁུལ་ཁག་གཅིག་ཏུ་མཐོང་ཚད་སྨི500ལས་དམའ་བའི་སྨུག་པ་མཐུག་པོ་འཐིབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་མཐོང་ཚད་སྨི200ལས་དམའ་བའི་སྨུག་པ་མཐུག་པོ་འཐིབ་རྒྱུ་རེད།

  • ཉེ་ཆར། ཀྲུང་གོའི་འབྲས་སྐྲན་ཆེན་པོའི་རིགས་གྲལ་བཤེར་བརྟག་དཔྱད་བྱེད་པའི་འབྲེལ་ཡོད་ཞིབ་འཇུག་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། མངོན་སླ་བའི་འབྲས་སྐྲན་གཙོ་བོ22ཚུད་ཡོད།

  • སྐབས40པའི་ཀྲུང་གོའི·ཧར་པིན་གྱི་རྒྱལ་སྤྱིའི་གངས་འཁྱག་དུས་ཆེན་ཚེས4ཉིན་འགོ་ཚུགས་པ་དང་། ཧར་པིན་ལ་ཉིན་གཅིག་གི་ངལ་གསོ་ཡིན།

  • ཚེས4ཉིན་གྱི་དགོང་མོར། ལིན་ཀའོ་ཡོན་གྱིསWTTསྐྱེས་པའི་རྟིང་རྩོད་འགྲན་སྡུར་གྱི་མི་བརྒྱད་ཀྱི་ཁྲོད་མཱ་ལུང་ལས་རྒྱལ་ནས། མཐའ་མཇུག་གི་མི་བཞི་ཡི་ནང་སོང་།

  • སྒྲིག་འགལ་ངང་ཤོག་སྦག་སྐུར་སྐྱེལ་བྱས་པའི་དོགས་གཞི་ཡོད་པའི་དབང་གིས་ཡོན་ཐུང་མྱུར་སྐྱེལ་དང་། ཡུན་ཏ་མྱུར་སྐྱེལ། ཅིང་ཏུང་དངོས་རྒྱུག་བཅས་ལ་ཁ་ཆད་གླེང་མོལ་བྱས།

02.png

  • ཚེས3ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་AG60E་གློག་སྒུལ་གནམ་གྲུ་ཅན་ཏེ་ཆན་ཏའོ་མཚོ་ཡི་ཐུང་ཡུང་གནམ་ཐང་དུ་ཐོག་མའི་འཕུར་སྐྱོད་བདེ་བླག་བྱུང་།

  • མིག་སྔར། པེ་ཅིང་གི་རིམ་པ་གསུམ་པའི་སྨན་ཁང་110ཚང་མར་སྨན་བཅོས་འགན་བཅོལ་གྱི་སྒུལ་བདེའི་གཏོང་སྤྲོད་དང་བརྟག་དཔྱད་ཞིབ་བཤེར་སྙན་ཞུ་དྲ་ཐོག་ནས་འཚོལ་ཐུབ་པ། སྨན་བཅོས་ཀྱི་བརྙན་པར་དྲ་ཐོག་ནས་འདྲི་རྩད་ཐུབ་པ་སོགས་ཀྱི་བྱེད་ནུས་མངོན་འགྱུར་བྱུང་ཡོད།

  • ཨན་ཧུའེ་ཞའོ་རྫོང་གི་སྐྱེས་པ་ཏུང་ག་གེ་མོ་ཐེངས་གཉིས་ལ་དམག་ལ་ཞུགས་རྗེས་དམག་ཞབས་ཞུ་རྒྱུ་དང་ལེན་མ་བྱས་པར། ལོ་གཉིས་ཀྱི་ནང་ཚུན་དུ་སློབ་ཞུགས་སམ་སློབ་རིམ་འཕར་མི་ཆོག་པ་དང་། དངུལ་ཆད་སྒོར་ཁྲི་3.1ཡི་ཆད་པ་བཅད།

03.jpg

  • ཧྥུའུ་ཅན་ཞ་མོན་འགག་སྒོ་ནས་ཉེ་ཆར་ཞྭ་མོ་ནག་པོ་སྙུང་དབྱིབས་ཀྱི་ནེ་ཙོ་ཡི་སྒོ་ང21མནངས་བཅད་བྱས།

སྲིད་ཇུས།

  • སློབ་གསོ་པུས་ཕྱོགས་སྟོན་པར་འགྲེམས་བྱས་ནས། གསོ་རིག་གི་ཤེས་ལྡན་པ་གསར་སྐྱོང་བྱེད་པའི་ཁྲིད་སྟོན་རང་བཞིན་གྱི་ཆེད་ལས་5བཀོད་སྒྲིག་བྱས་ཏེ། འབྲེལ་ཡོད་མཐོ་རིམ་སློབ་གྲྭས་གསོ་རིག་གི་ཆེད་ལས་གསར་པ་ཁ་སྣོན་བྱེད་པའི་ནང་དཔྱད་གཞིར་མཁོ་འདོན་བྱས་ཡོད།

  • ནོར་སྲིད་པུ་སོགས་སྡེ་ཚན་གསུམ་གྱིས་ཧེང་ཆིན་དང་ཀོང་ཏུང་། ཨའོ་མོན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཁུལ་གྱི་མི་སྒེར་གྱི་འགྲུལ་ཆས་དང་སྐུར་སྐྱེལ་དངོས་རྫས་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ལེགས་སུ་བཏང་ནས། ཡུལ་མིའི་འགྲུལ་པ་ནང་འདྲེན་བྱས་པའི་དངོས་རྫས་སྒོར་5000གི་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཚད་གཞིའི་རྨང་གཞིའི་ཐོག གྲངས་འབོར་ངེས་ཅན་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་གྲངས་འབོར་མང་དུ་བཏང་།

  • ཧུའུ་ནན་གྱིས་ཡིག་ཆ་བཀྲམ་ནས། གླ་རྒྱག་ཞིང་པའི་གླ་ཕོགས་སྤྲོད་རྒྱུ་འགན་ལེན་བྱ་རྒྱུ་དེ་གྲོང་ཁྱེར་དང་ཁུལ་མི་དམངས་སྲིད་གཞུང་གི་ཚལ་འཇལ་དཔྱད་ཞིབ་ནང་འཇུག་རྒྱུ་རེད།

དེ་རིང་གི་གནམ་གཤིས།

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་དང་ཅི་ལིན་གྱི་དབུས་ཤར་རྒྱུད། ལེའོ་ཉིང་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་འབབ་རྒྱ་དང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད་སོགས་ས་ཁུལ་ལ་ལར་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཧུའུ་ནན་དང་ཀོང་ཞིའི་དབུས་བྱང་རྒྱུད། ཅང་ཞིའི་ནུབ་རྒྱུད། ཧུའུ་པེའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་ཆུང་ངམ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།