དེ་རིང་ནི2025ལོའི་ཟླ05པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གྲོང་གསེབ་དར་སྤེལ་གྱིས་ར་གདོང་ཐང་སྡེ་བར་བདེ་སྐྱིད་ཀྱི་ལམ་བུ་བཏོད་པ། —མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ར་གདོང་ཐང་སྡེ་བའི་མཐོང་ཐོས།

2024-01-05 10:05:14   |   279

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་སྔོན། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ར་གདོང་ཐང་སྡེ་བར་བསྐྱོད་པ་ན། སྡེ་བའི་ཁྱིམ་ཚང་གི་ལང་ལོང་འཕྱུར་བའི་དུད་སྤྲིན་དང་གསེར་མདོག་གི་སྦྱར་ལྕང་གིས་བཙུན་མོ་སྒང་ནི་ཚོན་མདངས་བཀྲ་བའི་ཞིང་གྲོང་གི་སྣུམ་ཚོན་རི་མོ་ཞིག་ཏུ་སྤྲས་ཡོད

“ཞིང་ཁའི་ལས་ཀ་ལས་ཚར་བ་དང་། སྡེ་བའི་ནང་གད་བདར་བྱས་རྗེས། ཚང་མས་སྤྲོ་སེམས་འཁོལ་བའི་ངང་རྒྱལ་སྟོན་གུང་གསེང་རིང་མོའི་གནས་སྐོར་པ་བསུ་བཞིན་ཡོད།” ར་གདོང་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཧྥུ་ཧའེ་ཡིས་ཁོ་ཚོའི་སྡེ་བས་གནས་སྐོར་ལ་བརྟེན་ནས་ཟ་མ་ཟ་བཞིན་ཡོད་པ་དང་། ད་ལོའི་རྒྱལ་སྟོན་དུས་སྐབས་སུ་བཙུན་མོ་སྒང་ལ་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་བས། སྡེ་དམངས་ཀྱི་ཡོང་འབབ་ཧ་ཅང་བཟང་ཟེར།

1.jpg

ར་གདོང་ཐང་སྡེ་བའི་མཐོ་ས་ནས་མར་བལྟས་ན། སྣུམ་ནག་བཏིང་པའི་བགྲོད་ལམ་སྡོང་པོའི་རྩད་པ་དང་ཡལ་ག་བཞིན་སྡེ་བའི་ཁྱིམ་ཚང་རེ་རེ་གཞི་གཅིག་ཏུ་སྦྲེལ་འདུག ཡལ་ག་ལྟ་བུའི་སྟེང་དུ་ཆགས་པའི་སོ་ཕག་སེར་པོའི་སྡོད་ཁང་དང་སོ་ཕག་སྔོན་པོའི་མཁར་གྱང་ཤར་མ་ཐག་པའི་གསེར་མདོག་གི་ཞོགས་པའི་ཉི་ཟེར་གྱིས་བརྒྱན་པ་དང་། སྔོ་བསངས་བསངས་ཡར་ལ་འཕྱུར་བའི་དུ་བ་བཅས་ལས་ཕ་ཡུལ་དྲན་པའི་སྐྱོ་གདུང་ཡུལ་འདི་ནས་སེལ་ཐུབ་པར་སྙམ།

རྒྱལ་སྟོན་དུས་ཆེན་སྐབས་སུ་ཁ་བ་བབས་པས། ར་གདོང་ཐང་སྡེ་བར་མཛེས་སྡུག་གཞན་ཞིག་བསྩལ་ཡོད། 2019ལོར། མདོ་ལ་ནི་རྒྱལ་ཁབ་ཀྱི་ཡུལ་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ཁུལ་དུ་གྱུར་ལ། བཙུན་མོ་སྒང་ལྗོངས་ཁུལ་གྱི་མཚན་སྙན་སྔར་ལས་འབར། རི་འདབས་ཀྱི་ར་གདོང་ཐང་སྡེ་བའི་སྡེ་དམངས་ཀྱིས་གོ་སྐབས་འདི་དམ་འཛིན་བྱས་པས། མི་རེ་རེར་གནས་སྐོར་གྱི་ཡོང་འབབ་ཡོད་པར་གྱུར།

“གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་ལ། ང་ཚོའི་སྡེ་བའི་ཕྱིའི་རྣམ་པར་འགྱུར་བ་ཆེན་པོ་བྱུང་ཞིང་སྡེ་བ་འཛུགས་སྐྲུན་བྱས་པ་ལེགས་པས་གནས་སྐོར་པ་ཇེ་མང་དང་སྡེ་དམངས་ཀྱི་ཡོང་འབབ་ཀྱང་རང་བཞིན་གྱི་ཇེ་མཐོར་གྱུར”ཞེས་མ་ཧྥུ་ཧའེ་ཡིས་གསར་འགོད་པ་ཁྲིད་ནས་སྡེ་བའི་ལོ་རྒྱུས་ཁང་དུ་སོང་བ་དང་གྱང་ངོས་སུ་འདྲ་པར་མང་པོ་བཀལ་ཡོད་ལ། ས་གྱང་དམའ་མོ་དང་རྩྭ་ལྡུམ་དང་ལྕི་བའི་བཀང་ཡོད་པའི་སྲང་ལམ་ནི་སྡེ་བའི་སྔོན་ཆད་ཀྱི་འདྲ་པར་རེད།

2.jpg

ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པ་ནས་བཟུང་། ར་གདོང་ཐང་སྡེ་བའི་རྣམ་པ་དང་སྡེ་དམངས་ཀྱི་ཡོང་འབབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མ་ཧྥུ་ཧའེ་ཡིས་བཤད་རྒྱུར“ཏང་དང་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོ་བཏོན་ནས་ང་ཚོའི་སྡེ་བ་འཛུགས་སྐྲུན་བྱས་པ་ཧ་ཅང་མཛེས། འདི་ནི་ང་ཚོར་གནང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཡིན”ཟེར། ད་ལྟ་སྡེ་བའི་ནང་དུ་གནས་སྐོར་ལས་རིགས་ལ་ཞུགས་པའི་མི138ཡོད་པ་དང་། གྲོང་གསེབ་གནས་སྐོར་སྣེ་ལེན་བྱེད་ས་དང་ཞིང་པའི་སྤྲོ་སྐྱིད་ཁང་སོགས་གཉེར་བའི་ཁྱིམ་ཚང65ཡོད།

3.jpg

རྒྱལ་སྟོན་གུང་གསེང་རྗེས་ནས། ར་གདོང་ཐང་སྡེ་བའི་སྡེ་མི་མ་ཆི་ཧྥུ་བཟའ་ཟླ་གཉིས་གཞི་ནས་སོས་དལ་བྱུང་ཐུབ། མ་ཆི་ཧྥུ་ཡིས་དེ་སྔོན་བཙུན་མོ་གཞོང་གྲོང་རྡལ་ནས་མགྲོན་ཁང་ཕྱེ་མོད། རྗེས་ནས་སྡེ་བ་འཛུགས་སྐྲུན་བྱས་པ་ཇེ་ཡག་ཇེ་རྒྱས་སུ་གྱུར་པ་མཐོང་བ་དང་། གནས་སྐོར་པ་ཡོང་མཁན་ཤིན་ཏུ་མང་པོར་གྱུར་པས། ཁོ་ཕྱིར་སྡེ་བའི་ནང་ཡོང་ནས་རང་གི་ར་སྐོར་ཞིག་གསོ་བྱས་ཏེ་ཁང་མིག་བཞི་བཅུ་ཡོད་པའི་ཁྱིམ་ཚང་མགྲོན་ཁང་གཉེར་བ་རེད།

“སྲིད་གཞུང་གིས་སྲིད་ཇུས་མང་པོ་ལག་བསྟར་བྱས་པའི་དྲིན་ལ། ང་ཚོའི་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ནས་དམངས་སྲོལ་སོགས་ཀྱི་ཐད་རེ་རེ་བཞིན་འཛུགས་སྐྲུན་དང་ལེགས་བཅོས་བྱས་པ་དང་། སྡེ་བ་ཡར་རྒྱས་གོང་འཕེལ་ལ་སོང་། ང་ཚོ་མང་ཚོགས་ཀྱི་འཚོ་བ་ཡང་ཇེ་སྐྱིད་ནས་ཇེ་སྐྱིད་དུ་གྱུར།” མ་ཆི་ཧྥུ་ཡིས་ད་ལོའི་ཡོང་འབབ་བརྩིས་པ་ན། ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི60ལྷག་ཡོད། ད་ལྟ་གནས་སྐོར་གྱི་འཕེལ་ཕྱོགས་ཧ་ཅང་བཟང་བས་སང་ལོའི་ཡོང་འབབ་ལྡབ་འགྱུར་གྱིས་འཕར་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

ཉིན་འདི་གའི་རིང་ལ། ར་གདོང་ཐང་སྡེ་བའི་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་སྡེ་བ་རིམ་པའི་མགྲོན་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་དང་། མ་ཧྥུ་ཧའེ་ཡིས་གསར་འགོད་པར་བཤད་རྒྱུར། སང་ལོའི་དཔྱིད་མགོ་ཚུགས་པ་ན། མགྲོན་ཁང་གཉེར་གྲབས་ཡོད་ལ། ཐོན་ལས་ཀྱི་རོགས་འདེགས་ཡོད་པ་ན་སྡེ་བའི་འཕེལ་རྒྱས་སྔར་ལས་བཟང་ངེས་ཡིན་ཟེར། 


མཉམ་སྤྱོད།