དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་ཚོགས་འདུ་འཚོགས་པ།

2024-01-08 09:23:32   |   2326

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1པོའི་ཚེས4ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་ཚོགས་འདུ་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར90ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང2023ལོའི་དཔྱིད་དུས་ཀྱི་སློབ་མགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཤིང་། ཁུལ་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བའི་དུས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དབྱེ་ཞིབ་དང་ཁོང་དུ་ཆུད་པར་བྱས་ནས་མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཏང་གི་སློབ་གྲྭའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།   ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ་སི་ཅི་ཧྲིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

微信图片_20240108095452.jpg

ཤ་བོ་སྐྱབས་ཀྱིས2023ལོར་ཁུལ་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་སློབ་གྲྭའི་སློབ་གཉེར་སློབ་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སློབ་སྲོལ་དམ་འཛིན་དང་སློབ་གསོ་སྤྱོད་ཚུལ་ལེགས་གཏོང་། སློབ་སྲོལ་ལེགས་གཏོང་། ལས་རིགས་ཀྱི་སྤྱོད་ཚུལ་ལེགས་གཏོང་། བྱ་སྤྱོད་ཀྱི་སྤྱོད་ཚུལ་ལེགས་གཏོང་བཅས་བྱས་ནས་འགན་གཙོ་བོ་འཁུར་རྒྱུ་དེ་ཀུན་ལ་འཕྲོད་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་གྲུབ་འབྲས་ཐོན་པ། ཁྱད་ལྡན་ཆས་རྟགས་མངོན་པ་བཅས་བྱས་ཏེ་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བྱང་གིས་མཚོ་སྔོན་གྱི་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་བསྩལ་ཡོད་པར་བསྟན།

微信图片_20240108095446.jpg

微信图片_20240108095430.jpg

ཤ་བོ་སྐྱབས་ཀྱིས་མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་ཁུལ་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བ་ཡག་པོར་སྒྲུབ་པར་གཅིག་ནས་ཏང་གི་སློབ་གྲྭའི་རུས་མིང་ལ་ཏང་ཟེར་བའི་ཆབ་སྲིད་ཀྱི་རང་རྟོགས་བསམ་པ་བརྟན་པོ་ཡོང་བ་བྱེད་དགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་སློབ་མར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། སློབ་གཉེར་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ “ལས་བྱེད་པར་གསོ་སྦྱོང་དང་གཞུང་ལུགས་སྤེལ་བ། བསམ་བློའི་སྣེ་ཁྲིད། ཐབས་ཇུས་བློ་འདྲི”བཅས་འགན་ནུས་ཆེན་པོ་བཞི་ལ་དམ་པོར་དམིགས་ཏེ། སློབ་ཁྲིད་ཚན་ཞིབ་ཀྱི་སློབ་གྲྭ་འཛུགས་པའི་རྩ་བ་འདི་དམ་འཛིན་ལེགས་པོ་བྱས་ཏེ།  ཆུ་ཚད་མཐོན་པོའི་སྒོ་ནས་མི་སེམས་ལ་ཟུག་པའི་སློབ་ཚན་སྤུས་དག་སྒྲུབ་དགོས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་བྱ་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན། སྤྱི་ཚོགས་ཀྱི་གླེང་མང་བའི་དཀའ་གནད་བཅས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནས་ཐུབ་པ་དང་འབོད་ཐུབ་པ། གནད་ལ་འཁེལ་བ་བཅས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་ཤིག་ཆགས་པར་བྱེད་དགོས། གཉིས་ནས་ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་སྔ་བར་ཕྱི་གསུམ་དུ་བརྟན་སྲུང་བྱེད་དགོས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང221རྟེན་གཞིའི་གནའ་ཤུལ་གྱི་གསར་བརྗེའི་ཐོན་ཁུངས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་གཞི་ཚུགས་ནས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན།  མཚོ་སྔོན་མི་རིགས་སློབ་ཆེན་བཅས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་པ་དང་། མཚོ་བྱང་གི་རྒྱང་སྐྱོད་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་། དར་གོས་ཚོང་ལམ་མཚོ་སྔོན་ཚོང་ལམ་སོགས་ཐད་ཀྱི་རིག་གནས་གོ་རིམ་གསེད་བཀྲོལ་བྱེད་པ།  ནུབ་མཚོ་ཅུན་དང་ཡུང་ཨན་གནའ་མཁར། མཁར་དམར་གནའ་མཁར། གངས་ལུང་བྲག་ཕུག་སོགས་གནའ་བོའི་རྗེས་ཤུལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རང་ཞིང་གི་འབྲོག་ཁུལ་གྱི་ཏང་ཀྲི་པུ་ཐོག་མ་ཡུང་ཧྥིན་སྡེ་བ་དང་། དུས་རབས་ཀྱི་དཔེ་བཟང་སྐལ་བཟང་དང་ལེན་ཧྥུའུ་ཀྲང་། ཞིང་ཆེན་རིམ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་མཁའ་འགྲོ་ཐར་སོགས་ཐད་ཀྱི་དཔྱད་གཞི་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱེད་དགོས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་སོགས་གསར་བརྗེའི་སློབ་གསོའི་ལེགས་ཆ་དང་ཡུལ་དངོས་སློབ་ཁྲིད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཆེད་དོན་འཛིན་གྲྭའི་ཐེངས་གྲངས་དང་སློབ་ཚན་ཇུས་འགོད་བྱས་ནས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་ཕུགས་བསམ་དད་སེམས་སློབ་གསོའི་རྟེན་གཞི་གཏོད་པ། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་དར་སྤེལ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་སའི་གཡུལ་ས་བཟང་བོར་ཞབས་འདེགས་ཞུ་དགོས།  གསུམ་ནས་ཕྱོགས་ཡོངས་ནས་སློབ་གཉེར་དང་སློབ་གྲྭ་ནན་སྐྱོང་བྱ་རྒྱུའི་རང་རྟོགས་ཀྱི་འགུལ་སྐྱོད་སྤེལ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་ཏེ།  གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གནད་དོན་མངོན་གསལ་ཅན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་ནན་ཏན་གྱིས་སྤེལ་བ་དང་། སློབ་ཁྲིད་དང་ཚན་ཞིབ་དོ་དམ་བྱེད་ཐབས་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་བྱ་བ། མི་བཅས་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དགེ་རྒན་གྱི་ནུས་པ་གསོ་སྦྱོང་བྱེད་ཚད་ཟབ་ཏུ་བཏང་ནས་བྱང་ཚད་མཐོ་བའི་ཏང་གི་སློབ་གྲྭའི་ཤེས་ལྡན་མི་སྣའི་དཔུང་ཁག་ཁག་གཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། ཏང་གི་འདུ་ཤེས་འཛིན་སྟངས་བྱ་བའི་མདུན་ཕྱོགས་གཡུལ་ས་མཐའ་གཅིག་ཏུ་ཡག་པོར་བསྲུང་ནས་ཏང་གི་སློབ་གྲྭའི་འཆད་ཁྲིད་སྟེགས་བུའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་འགན་ལེན་བྱེད་དགོས། སློབ་མར་དོ་དམ་ནན་མོ་དང་དམ་འཛིན་ནན་མོ་བྱས་ནས་སློབ་མ་ཏང་གི་སློབ་གྲྭར་སྐྱོད་མ་ཐག་སློབ་སྦྱོང་གི་སྤྱོད་ཚུལ་དང་བབ་ཆགས་ཀྱི་སྤྱོད་ཚུལ། སྤྱོད་གཙང་གི་སྤྱོད་ཚུལ་བཅས་མྱོང་ཚོར་ཐུབ་པར་བྱེད་དགོས་པ་ནན་གྱིས་བསྟན།         

微信图片_20240108095441.jpg 

ཚོགས་འདུའི་ཐོག ཁུལ་ཨུའི་རྩ་འཛུགས་པུ་དང་། ཁུལ་ཨུའི་དྲིལ་སྒྲོག་པུ། ཁུལ་ཨུའི་ཏང་གི་སློབ་གྲྭ འཇུ་ལག་རྫོང་ཨུའི་ཏང་གི་སློབ་གྲྭ མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

微信图片_20240108095436.jpg

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ལའེ་མིན། ཞུ་ཡུང་ཀུང་། ཁྲང་ལིན་བཅས་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ (ཏང་ཨུ)། མི་དམངས་ཚོགས་པ་སོ་སོའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་ཨུའི་ཏང་གི་སློབ་གྲྭ་སོ་སོའི་སློབ་གཙོ་དང་རྒྱུན་ལས་སློབ་གཙོ་གཞོན་པ། ཁུལ་ཨུའི་ཏང་གི་སློབ་གྲྭའི་ཚན་ཁག་གི་ཁོངས་མི་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།