དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད18)

2024-01-11 14:41:59   |   449

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཅི་ཞིག་ཡིན་ནམ།

དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྩ་འཛུགས་མ་ལག་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ་དང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ། གཅིག་སྡུད་ཤུགས་ཆེན་གྱིས་རྒྱལ་གཅེས་སྐྱེས་འབུལ་གྱི་སྙིང་སྟོབས་ཡོད་པའི་ཕྱོགས་གང་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་པ་དང་། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་མི་སྣ་གསོ་སྐྱོང་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་ཏང་གི་རྩ་འཛུགས་ལེགས་སྐྱོང་བྱེད་པའི་གཞི་རྩའི་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་སྟོན་བྱས་ཡོད་པས། དེ་ནི་དུས་ཡུན་རིང་པོའི་ནང་ཏང་ལེགས་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དེ་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་བྱས་པ་ཞིག་རེད། ང་ཚོས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱས་ནས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་རྩ་འཛུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་བརྩི་སྲུང་ཞུ་ཡུལ་དུ་འཛིན་དགོས།


མཉམ་སྤྱོད།