མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-12 07:08:45   |   170

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ1ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞེ་ཧོ·ཧ་ཞི་ན་ལ་གློག་འཕྲིན་བཏང་སྟེ། ཁོང་བྷང་ག་ལའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་མུ་མཐུད་དུ་འགན་འཁུར་བར་རྟེན་འབྲེལ་ཞུས་པ་རེད།

  • 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཚེས11ཉིན་ཁྱབ་བསྒྲགས་བྱས།

  • གྲངས་གཞི་ལས་མངོན་པར། 2023ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་ཕྱིར་ཚོང་བྱེད་ཚད་གཉིས་ཀ་ཁྲི3000ལས་ཐོག་མར་བརྒལ་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། “རླངས་འཁོར་བསྐོར་ནས་ཁྲོམ་གཞུང་གཏོར་བའི”ཆེད་དོན་བྱེད་སྒོ་སྤེལ་པའི་རིང་། རིམ་རྩིས་བྱས་ན་ཁྲིམས་འགལ་ཉེས་གསོག་གྱོད་གཞི་ཁྲི7.4ཞིབ་བཤེར་ཐག་གཅོད་བྱས་ཡོད།

  • ཚེས11ཉིན་ནས་བཟུང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་ཀྲུང་གོར་ཡོང་བའི་ཕྱི་རྒྱལ་མི་སྣས་འགག་སྒོའི་ཐོངས་མཆན་རེ་ཞུ་བྱེད་པའི་ཆ་རྐྱེན་ལྷུག་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་ཁག5དངོས་སུ་ལག་བསྟར་བྱས་ཏེ།  ཕྱི་རྒྱལ་གྱི་མི་སྣ་ཀྲུང་གོར་ཡོང་རྒྱུར་སྟབས་བདེ་བསྐྲུན་ཡོད།

  • རྩིས་བཤེར་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་སུ་ལས་ཁུངས་ཁྲི5.6ལྷག་ཙམ་ལ་རྩིས་བཤེར་བྱས་ཏེ། ཡོང་འབབ་འཕར་གཏོང་ཉུང་གཏོང་དང་གྱོང་གུན་སྒོར་དུང་ཕྱུར3600ལྷག་ཙམ་སེལ་ཐབས་བྱས་པ་རེད།

1.jpg

  • ཚེས11ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མྱུར་གྲུ་ཨང་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱད་དེ། མཁའ་དབྱིངས་འཕུར་སྐྱོད་ཨང་དང་པོ02རྟགས་ཅན་གྱི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་སླེབས།

2.jpg

  • ཚེས11ཉིན། རང་རྒྱལ་གྱིས་ཧྲན་ཏུང་ཧའེ་དབྱང་ཉེ་འགྲམ་གྱི་མཚོ་ཁོངས་སུ་སྤྱོད་པའི་འཐེན་ཤུགས་ཨང་དང་པོའི་རྒྱང་རིང་ཚོང་ལས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེས་ཡུན་དབྱང་ཨང་དང་པོའི་སྲུང་སྐར18ནས་20བར་གྱི་སྲུང་སྐར་གསུམ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་བ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། དེ་རིང་ཧོ་པེའི་ལྷོ་རྒྱུད་དང་། ཧོ་ནན་གྱི་ཤར་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་དང་ནུབ་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཧུའུ་པེ་ཡི་དབུས་ཁུལ། སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་སྨུག་པ་འཐིབས་པའི་གནམ་གཤིས་ཡོད།

3.jpg

  • ཚེས15ཉིན་ནས་བཟུང་། ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་སྤ་སེ་བརྗེ་བའི་སྒྲིག་སྲོལ་ལེགས་སུ་བཏང་སྟེ། མེ་འཁོར་སྤ་སེ་བསྒྱུར་བའི་ཁྱབ་ཁོངས་ཆེ་རུ་བཏང་ནས་འགྲུལ་པས་རླངས་འཁོར་མ་བཏང་གོང་དང་རླངས་འཁོར་བཏང་རྗེས་ཉིན་རེར་ཆ་སྙོམས་སྔོན་འཚོང་དུས་ཚོད་ནང་གི་སྤ་སེ་བསྒྱུར་ཆོག་གི་ཡོད་པ་རེད།

  • རྒྱལ་ཁབ་ཆམ་རིམས་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་དུས་ཐེངས་གསར་ཤོས་ཀྱི《ཆམ་རིམས་ལྟ་ཞིབ་ཚད་ལེན་གྱི་གཟའ་འཁོར་ཚགས་པར》ལས་མངོན་པར། ཀ་པའི་ཆམ་རིམས་ཀྱི་བསྡུར་ཚད་མངོན་གསལ་དོད་པོས་མར་ཆག་པ་དང་ཁ་པའི་ཆམ་རིམས་ཀྱི་བསྡུར་ཚད་མཐོ་རུ་ཕྱིན་ཡོད།

  • སློབ་གསོ་པུ་སོགས་སྡེ་ཚན་མང་པོས་དྲན་སྐུལ་བྱས་ཏེ། “དགེ་རྒན་ཆེ་མོའི་འགྲན་བསྡུརDSS”“རེ་སྨོན་བུམ་པ(XWB)”སོགས་སྒྲིག་འགལ་ངང་གཉེར་བའི“ནག་ཚོགས་འགྲན་བསྡུར”གྱི་ཁོངས་སུ་གཏོགས་པ་བསྟན།

4.jpg

  • ཚེས11ཉིན། 2025ལོའི་སྐབས་དགུ་པའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་དང་། ཚོགས་རྟགས། བཀྲ་ཤིས་མཚོན་རྟགས་བཅས་དངོས་སུ་འགྲེམས་སྟོན་བྱས་ཤིང་། བཀྲ་ཤིས་མཚོན་རྟགས་ནི་བྱང་ཤར་སྟག“པིན་པིན”དང“ཉི་ཉི”ཡིན།

  • ཚེས11ཉིན་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་ཆེ་གྲས་ཏེ། རྟའུ་ཡི་ཆུ་འཐེན་ནུས་གསོག་གློག་ཁང་དངོས་སུ་སྐྲུན་མགོ་ཚུགས།

5.jpg

  • ཚེས10ཉིན་གྱི་དགོང་མོ། G853ཟི་ལིང་བབས་ཚུགས་སུ་འབྱོར་བ་དང་བསྟུན་ནས་བསྐྱར་དར་རྟགས་ཅན་གྱི་རིག་ནུས་ཤུགས་འགྲེམས་མེ་འཁོར་མཚོ་བོད་མཐོ་སྒང་ཐེངས་དང་པོ་བསྐྱོད་པ་རེད།

6.jpg

  • ཉེ་ཆར་ཧྲན་ཏུང་ཅི་ནན་གྱི་བྱིས་པ་གཉིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་ཞིང་། གྲོང་མི་ལིའུ་ཁྲའོ་དང་ཀུའོ་ཧུའེ་གཉིས་གྲང་ངར་ཆེ་བའི་ཆུ་ནང་དུ་མཆོངས་ནས་བྱིས་པ་གཉིས་ཀ་བསྐྱབས་པ་རེད།

སྲིད་ཇུས།

  • ཧྲན་ཏུང་གིས་བྱ་ཐབས་བཏོན་ནས་སློབ་གླིང་དང་སློབ་གྲྭས་རྒན་གསོའི་ཆེད་ལས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཆ་རྐྱེན་འཛོམས་པའི་སློབ་གླིང་དང་སློབ་གྲྭར་སྒོར་ཁྲི80ནས་སྒོར་ཁྲི100བར་གྱི་བྱ་དགའ་ཁ་གསབ་སྤྲད་རྒྱུ་ཡིན་པ་བསྟན།

  • ཧེ་ལུང་ཅང་གིས་ཚད་གཞི་ཁྱབ་བསྒྲགས་བྱས་ཏེ། གངས་འཁྱག་ཞིབ་འཇུག་སློབ་སྦྱོང་གནས་སྐོར་ཞབས་ཞུ་མཁོ་འདོན་བྱེད་མཁན་དང་། ཞབས་ཞུའི་རྣམ་གྲངས། དེ་བཞིན་གངས་འཁྱག་ཞིབ་འཇུག་སློབ་སྦྱོང་ཐོན་རྫས་སོགས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད།

  • ཧའེ་ནན་གྱིས་བྱ་ཐབས་བཏོན་ཏེ། ཁ་དན་ཚིག་ལ་མ་གནས་པའི་མིང་ཐོའི་ནང་བཅུག་པའི་ཁ་དན་ཚིག་ལ་མ་གནས་པའི་བྱེད་པོར་འབྲེལ་ཡོད་འགྲོ་གྲོན་རྩ་ཆག་དང། སྲིད་གཞུང་གི་མ་དངུལ་རོགས་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་གཏན་འགོག་གམ་ཡང་ན་ཚོད་འཛིན་བྱེད་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

7.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ནང་ཞིན་ཅང་གི་ཨ་ལི་ཐའེ་དང་། ཐ་ཁྲེང་། དབྱི་ལི་ལུང་གཞུང་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་དང་། ཡུན་ནན་གྱི་ཤར་རྒྱུད། ཀོང་ཞིའི་སོགས་ས་ཁུལ་མང་ཆེ་བར་ཆར་པ་ཆུང་བ་དང་འབྲིང་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།