དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཏང་རྩ་འཛུགས་གོང་འཕེལ་འགྲོ་བར་སྐུལ་འདེད་བྱས་པ།

2024-01-15 09:55:07   |   2485

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་གཞི་རིམ་གྱི་སྟོན་ཕྱོགས་གསལ་པོ་ལེགས་འཛིན་རྒྱུན་འཁྱོངས་བྱས་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་རྫོང་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་གོང་འཕེལ་དང་ནུས་ལྡན་དུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས།

“འཐབ་འཛིང་བཙན་རྫོང”བརྟན་པོར་བཏང་སྟེ། གཞི་རིམ་རྩ་འཛུགས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན། མ་དངུལ་སྒོར་ཁྲི710གཅིག་འདོམས་བྱས་ཏེ”སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་གཡུལ་ས“ཚད་མཐོའི་སྤུས་འདེགས”བྱ་འགུལ་རྒྱུན་མཐུད་སྒོས་སྤེལ་བ་དང་། “ཏང་འཛུགས་ཀྱི་གཞི་གྲངས་ཉེར་སྤྱོད+ཏང་དམངས་སེམས་སྦྲེལ་ཞབས་ཞུ+ཏང་དོན་བྱ་བ་བརྒྱུད་སྤྲོད+ཏང་འཛུགས་བྱ་བའི་ལྟ་སྐུལ་དོ་དམ”གྱི་གནས་བཞི་ཕུང་གཅིག་གི“མདའ་བཞི་ཏང་འཛུགས”ཀྱིAPPགསར་སྐྲུན་བྱས་པ་དང་། “རྫོང་ཨུའི་རྩ་འཛུགས་པུ་ཡིས་གཙོ་གཞི་འཛིན་གྲྭ+ཁྱབ་ཁོངས་སོ་སོའི་ལས་སྒོའི་འཛིན་གྲྭ+ཞང་གྲོང་གི་བྱེ་བྲག་གི་འཛིན་གྲྭ”ཡི་གསོ་སྦྱོང་མ་ལག་སྒྲིག་བཟོ་གཏན་འབེབས་བྱས་ཏེ། ལོ་ཧྲིལ་པོར་གཙོ་གཞིའི་གསོ་སྦྱོང་ཐེངས20ཡན་སྤེལ་བའི་ལས་འགན་ལེགས་འགྲུབ་བྱས།

“ཏང་འཛུགས་ཀྱི་སྐར་བསགས”ནན་འཛིན་བྱས་ཏེ། ཏང་ཡོན་དཔུང་སྡེའི་ནུས་འདོན་ཕན་འཕར་ལ་སྐུལ་སྤེལ་བྱས། 《ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སྐར་བསགས་གྲུབ་ཚུལ་བཟོ་བཅོས་བྱེད་པའི་སྐོར་གྱི་བརྡ་ཐོ》སྒྲིག་བཟོ་གཏན་འབེབས་བྱས་ཏེ་གཤམ་སྤྲོད་བྱས་པ་དང་། ལྡོག་ཕྱོགས་སྐར་རྩིས་དང་སྐར་བསགས་གཙང་སེལ་གསར་སྣོན་བྱེད་པ། རྨང་གཞིའི་སྐར་བསགས་སྙོམས་སྒྲིག་བྱེད་པ། ལོ་ཧྲིལ་པོའི་གཙོ་གནད་བྱ་བ་སྣ་ཚོགས་དེ“ཏང་འཛུགས་ཀྱི་སྐར་བསགས་ལམ་ལུགས”ཁྲོད་བཞག་སྟེ། “ནུས་མཐོའི་བཀོད་གཏོང་དང་གནད་ཁེལ་ཞིབ་གཅོད། དུས་ཐོག་སྙན་ཞུ”ཡི་བྱ་བའི་ལམ་སྲོལ་ཁྱབ་གདལ་དུ་བཏང་། རྫོང་ཡོངས་ཀྱི་སྡེ་བ(སྡེ་ཁུལ)36ལ་ཁེབས་པའི་སྐར་བསགས་རང་འདེམས་ཚོང་ཁང་བཙུགས་ཏེ། 2023ལོར་རིམ་བསགས་ཀྱིས་སྐར་མ205400བརྗེ་བ་དང་། བརྗེས་པའི་དངོས་ཟོག་གི་རིན་ཐང་སྒོར155017ལ་སླེབས།

“ལྔ་སྦྲེལ་དྲུག་སྐྱོང”ཇེ་དྲག་ཏུ་བཏང་སྟེ། གྲོང་གསེབ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་། གྲོང་རྡལ་དང་སྡེ་བའི་གཞི་རིམ་ཏང་ཡོན་ལས་བྱེད་པས“སྡེ་བ་དང་ཁྱིམ་ཚང་འགན་གཙང་ལེན”བྱེད་པའི་ནང་རྐྱེན་ལེགས་བསྒྱུར་བྱས་ཏེ། རྫོང་དང་ཞང་རིམ་པ་གཉིས་ཀྱི་སྣེ་འབྲེལ་མགོ་ཁྲིད་ལ་སྐུལ་འདེད་བྱས་ཐོག  “གཅིག་ལ་གཅིག་གཏད”རྣམ་པས་ཞང་དང་གྲོང་རྡལ། སྡེ་བ། སྡེ་ཁུལ་བཅས་ལ་མཛུབ་སྟོན་དང་སྐུལ་འདེད་ཐེངས100ལྷག་བྱས། “ཞང་གྲོང་ཏང་ཨུ+སྡེ་བའི་ཏང་ཀྲི་པུ+ཡུག་ཁུལ་གྱི་དྲ་མིག་ཏང་ཡོན་ཚན་ཆུང+རོང་འབྲོག་པའི་ཏང་ཡོན་དཔེ་སྟོན་ཁྱིམ་ཚང”གི་ཏང་འཛུགས་སྣེ་ཁྲིད་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་དབྱིབས་བསྐྲུན་ཏེ། ལས་རྣམ་གསར་པ་དང་ལས་ཞུགས་གསར་པའི་མང་ཚོགས་ལས་ཞུགས་པ་མི45དང“གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱི་ཏང་ཡོན52ཏང་ཚན་ཆུང་དང་དྲ་མིག་ཚན་ཆུང་བརྒྱུད་དེ་རྫོང་ཡོངས་ཀྱི་སྡེ་ཁུལ7ལ་སོང་།།


མཉམ་སྤྱོད།