མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད21)

2024-01-16 08:25:20   |   2253

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ་དང་། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་གཅིག་གྱུར་སྐུལ་འདེད་རྒྱུན་འཁྱོངས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། 

རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ་དང་། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་གཞི་གཅིག་ཅན་གྱི་སྐུལ་འདེད་མཐའ་འཁྱོངས་བྱ་རྒྱུ་ནི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གལ་ཆེན་ཞིག་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་དང་དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས། རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་ཏང་འཛུགས་སྐྱོང་གི་ཆོས་ཉིད་ལ་སྟངས་འཛིན་གཏིང་ཟབ་བྱས་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་ལ་དམིགས་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས། ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ་དང་། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བའི་གཞི་རྩའི་རྩ་དོན་དང་། འཐབ་ཇུས་ཀྱི་གཙོ་གནད་དང་། ཐབས་ལམ་བཅས་རྒྱས་བཤད་གཏིང་ཟབ་གནང་སྟེ། ཕྱོགས་ཡོངས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྒྱུན་སྲིང་དམག་འཐབ་དང་། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་ཐད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད། 


མཉམ་སྤྱོད།