དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་སྐྱེ་ཁམས་དཔལ་ཡོན་གྱི་འཕེལ་རྒྱས་རང་མདངས་ལ་གྲུབ་འབྲས་བཟང་པོ་སྨིན།

2024-01-16 11:05:24   |   4637

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཆབ་སྲིད་ཀྱི་མིག་རྒྱང་གིས་སྐྱེ་ཁམས་ལ་ལྟ་བ་དང་། སྐྱེ་ཁམས་འདུ་ཤེས་ཀྱིས་ཆབ་སྲིད་འཛིན་པ་མཐའ་འཁྱོངས་སྒོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་གསུམ་གྱི་ཆུ་མཚེའུ་དཔོན་ལམ་ལུགས་དང་རིམ་གསུམ་གྱི་ནགས་རྩྭ་དཔོན་ལམ་ལུགས་སྤྱི་འདོམས་ཀྱིས་འཐུས་ཚང་དུ་བཏང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། རང་བྱུང་ནགས་ཀྱི་སྲུང་སྐྱོང་། བྱེ་འགྱུར་རྩྭ་ས་བཅོས་སྐྱོང་སོགས་གཙོ་གནད་ལས་གྲྭ་གཞི་གཅིག་སྐུལ་འདེད་བྱས། ལོ་ཧྲིལ་བོར་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྒོར་དུང་ཕྱུར1.3བཏང་ཞིང་། དམིགས་ཚད་འགན་འཁྲི་ལས་བརྒྱ་ཆའི160ཡིས་བརྒལ་ཡོད། སྡེ་ཚན་གྱི་མཉམ་འགུལ་ནུས་པ་འདོན་སྤེལ་བྱས་ཏེ་གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆགས་རྩ་ཆེན་གྱི་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་ལས་དོན་ལ་གཞོགས་འདེགས་བྱས་ནས། དངོས་རིགས་ཀྱི་བརྙན་ལེན་དཔྱད་གཞིར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་།

微信图片_20240116111808.jpg

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་ནས། མཁར་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད98%ལ་སླེབས་ཤིང་། རྫོང་ཡོངས་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ལ། གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཀའི་ལེགས་ཚད98%ལ་སླེབས། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་འགན་ཚད་གཞི་མཐོན་པོའི་སྒོ་ནས་ལེགས་གྲུབ་བྱས་ཤིང་མི་ཐབས་ལ་བརྟེན་ནས་ནགས་མུའུ་ཁྲི0.24བཏབ་པ་དང་། ཞན་འགྱུར་ནགས་ཚལ་མུའུ་ཁྲི0.24ཉམས་གསོ་བྱས། སྡོང་ཕྲུག་མུའུ་ཁྲི1བཏབ་ནས་གསོ་སྐྱོང་བྱས། རྩྭ་ཐང་ཞན་འགྱུར་མུའུ་ཁྲི4.5ལེགས་བཅོས་བྱས། རི་རྒྱ་བསྡམས་ནས་ནགས་མུའུ་ཁྲི6བཏབ། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་སྤྲད་པའི་ཁོར་ཡུག་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི7ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཏེ། ཚད་གཞི་མཐོ་བ་དང་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་གི་དཔེ་མཚོན་གྱོད་དཔེ2བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་གནམ་སྔོ། ས་ལྗང་། ཆུ་དྭངས་ཀྱི་མཛེས་སྡུག་ལྡན་པའི་མདོ་ལའི་དཔེ་རིས་རྣམ་པར་མངོན།

微信图片_20240116111816.jpg

མདོ་ལ་རྫོང་གིས་རྫོང་བབ་དངོས་དང་རྫོང་ཁོངས་ཀྱི་ཐོན་ཁུངས་བསྩལ་ནུས་དང་དམིགས་བསལ་ལེགས་ཆར་གཞི་ཚུགས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཀྱི་སྔོན་ཐོན་དཔེ་སྟོན་རྫོང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ནོར་གནག་སྟོང་གི་རྟེན་གཞི2དང་། སྟོང་ལུག་རྟེན་གཞི4སྔ་རྗེས་སུ་བསྐྲུན་ནས་གཟན་རྩྭ་ལས་སྣོན་བཟོ་གྲྭ་དང་སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞི་སོགས“དགུ་ཚན་གཅིག”གི་ལས་གྲྭའི་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་། “ཁྲི་སྟོང་རིམ་པའི”བོད་ལུག་དང་ནོར་གནག་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་གསོ་ཚགས་རྟེན་གཞི10བསྐྲུན་ནས་སྤྱོད་མགོ་ཚུགས། རིགས་སྣ་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་བོད་ལུག་དཀར་པོ་དང་ནོར་གནག་གི་ལྟེ་བའི་ཁྱུ་ཚོགས14དང་། ཕྱུགས་རིགས་གསོ་སྤེལ་རྟེན་གཞི2བསྐྲུན་པ། སྤུས་རྟགས་མཐོར་གཏོང་ལ་མུ་མཐུད་དུ་སྐུལ་འདེད་བཏང་། ཁུངས་འདེད་ཐུབ་པའི་རྣ་རྟགས་བོད་ལུག་ཁྲི20.1ལ་བཏགས་ཤིང་། ནོར་གནག་ཁྲི5.8ལ་བཏགས། “རྫས་གཉིས་རྟགས་གཅིག”ཁས་ལེན་བྱུང་བའི་ཐོན་རྫས73ཡོད། འོད་ཤུགས་ཐོན་ལས་གླིང་དང་ནུས་རྒྱུ་གསར་བའི་འོད་གསོག་རྟེན་གཞིའི་རྣམ་གྲངས་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་རྡོ་སོལ་སྔོག་འདོན་བྱེད་མཚམས་བཞག་པའི་འོད་ཤུགས་རྣམ་གྲངས་ལས་མགོ་ཚུགས། ཟླ12པའི་མཇུག་བར་ཕྱི་ཕྱོགས་ཚོང་དོན་གྱི་གན་རྒྱ་བཞག་པའི་མ་དངུལ་སྒོར་ཁྲི49ལ་སླེབས་ཤིང་སྔར་ཡོད་ཀྱི་ཟིན་ཐོ་བརྒལ།


མཉམ་སྤྱོད།