དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད24)

2024-01-19 08:25:10   |   3524

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི“གསར་པ”ཞེས་པ་གང་ནས་མཚོན་ཐུབ་བམ།

རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་གསར་པ་བྱུང་ཡོད། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་དངོས་པོ་དང་རིང་གནས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཐེབས་པའི་བར་གྱི་འགལ་བ་ནས། མི་དམངས་ཀྱི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་གྱུར་པ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་ཞིབ་ཕྲ་དང་ཟུང་འབྲེལ་བྱ་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཐད་ནས་དུས་རབས་གསར་པའི་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་སོགས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་རྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་བཏོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གིས་དམིགས་འབེན་གསར་པ་གཏན་འབེབས་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་བའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ནང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་དུས་ཚོད་རེའུ་མིག་དང་ལམ་རིས་ཁ་གསལ་བཟོས་ཡོད། འཐབ་ཇུས་ཀྱི་བཀོད་སྒྲིག་འདི་ལྟར། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས“ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་ཆ་ཚང་དང་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ། 2035ལོར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྒྱང་རིང་གི་དམིགས་འབེན་ལ་རྒྱང་ལྟ་གསལ་པོ་བྱས།ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བའི་ཐད་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོ་དང་འཛམ་གླིང་བར་གྱི་འབྲེལ་བར་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། དེང་རབས་ཀྱི་ཀྲུང་གོ་ནི་རྒྱལ་སྤྱིའི་སྒྲིག་ལམ་དང་ལེན་བྱེད་མཁན་དང་། འཛུགས་སྐྲུན་བྱེད་མཁན་དང་། སྣེ་ཁྲིད་བྱེད་མཁན་བཅས་ཡིན་པ་ལས་རྒྱལ་སྤྱིའི་སྒྲིག་ལམ་དང་འགལ་བ་བཟོ་མཁན་མིན། ཀྲུང་གོ་གུང་ཁྲན་ཏང་གི་རྣམ་པ་གསར་པ་མངོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། རང་ངོས་ནས་གསར་བརྗེ་བྱེད་ཕོད་པ། སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་དང་སྡིག་པར་ཆད་གཅོད་བྱེད་པ། སྐྱོན་ཆ་ཁྱད་བསད་དང་བཟང་སྐྱོར་ངན་འཇོམས་བཅས་བྱས་པས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་རྣམ་པ་གསར་རྐྱང་ཞིག་མངོན་ཡོད།


མཉམ་སྤྱོད།