དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད26)

2024-01-23 08:34:20   |   2234

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ངེས་པར་དུ་ཐོན་མཐའ་བར་གསུམ་དུ“གདེང་ཚོད་བཞི”བརྟན་པོ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། རླབས་ཆེན་ཀྱི་བྱས་རྗེས་གསར་པ་གཏོད་པར། ངེས་པར་དུ་ཐོག་མཐའ་བར་གསུམ་དུ“གདེང་ཚོད་བཞི”བརྟན་པོ་ཡོང་བ་བྱེད་དགོས། འགྲོ་ལམ་གྱི་གདེང་ཚོད་བརྟན་དུ་གཏོང་བའི་རྒྱུ་མཚན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱིས་ཀྲུང་གོར་སྣེ་ཁྲིད་བྱས་ནས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བཏོད་པ་རེད། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་བརྟན་པོ་ཡོང་བར་བྱེད་པའི་རྒྱུ་མཚན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི། ཏང་དང་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཁྲིད་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་ཡང་དག་ཅིག་དང་། དུས་རབས་ཀྱི་མདུན་གྲལ་དུ་ལངས་པ་དང་དུས་བསྟུན་མདུན་སྐྱོད་བྱེད་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པའི་རྐྱེན་གྱིས་རེད། ལམ་ལུགས་ཀྱི་གདེང་ཚོད་བརྟན་པོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དང་། ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ། རང་ངོས་འཐུས་ཚང་གི་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་སྔོན་ཐོན་ལམ་ལུགས་ཤིག་ཡིན་པའི་རྐྱེན་གྱིས་རེད། རིག་གནས་ཀྱི་གདེང་ཚོད་བརྟན་པོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་ཟབ་པའི་བསམ་པའི་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བསམ་པའི་མཚོན་རྟགས་ཀྱི་མཚོན་བྱེད་ཡིན་པས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད།


མཉམ་སྤྱོད།