དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་གྱིས་འབྱོར་ཐོ་བཀོད་པ།

2024-01-23 14:54:42   |   279

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཐོ་བཀོད་པ།

微信图片_20240123152524.jpg

པར་འདི་ནི་སྲིད་གྲོས་ཨུ་ཡོན་རྣམས་གནས་སྡོད་བྱེད་བཞིན་པའི་ཚུལ་རེད།

微信图片_20240123152529.jpg

པར་འདི་ནི་དམངས་ཆེན་གྱི་འཐུས་མི་རྣམས་ཀྱིས་འབྱོར་ཐོ་འགོད་བཞིན་པའི་ཚུལ་རེད།

རང་འགན་གཙང་སྒྲུབ་ཀྱིས་ཐབས་འདོན་ཇུས་འབུལ་བྱས་ཤིང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་འཆར་འགོད་འཐེན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བའི་སྐབས་སུ་ཚོགས་འདུར་ཞུགས་པའི་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཞིང་ཆེན་གནས་སའི་ཟི་ལིང་གྲོང་ཁྱེར་དུ་འབྱོར་ཏེ་འབྱོར་ཐོ་བཀོད།   མ་འོངས་པའི་ཉིན་འགའི་རིང་ཁོ་ཚོས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་རེ་འདུན་འཁྱེར་ཏེ་ཚོགས་འདུའི་གྲོས་རིམ་ལྟར་ནན་ཏན་སྒོས་ཐབས་འདོན་ཇུས་འབུལ་བྱས་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱ་རྒྱུ་རེད།

ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་བཅའ་སྡོད་བྱ་ཡུལ་དུ། ཚོགས་ཞུགས་ལག་ཁྱེར་དང་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་ལས་གཞན་ད་དུང་འཐུས་མི་རེ་རེར་ལེགས་སྐྱེས་ལྗིད་མོ་རེ་འབྱོར་ཡོད་པ་ནི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་རྩོམ་སྒྲིག་བྱས་པའི《འཐུས་མིའི་ཉམས་འགྱུར་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མི་བརྒྱ་ལྷག་གིས་ལས་འགན་སྒྲུབ་པའི་གཏམ་རྒྱུད》དང་ཀྲུང་གོ་ཁྲིམས་ལུགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《འགན་འཁྲི་སྒྲུབ་ནུས་མཐོར་འདེགས་གཏོང་བའི་འཆད་ཁྲིད་རབ་དང་རིམ་པ》(དེབ་ལྔ)གཉིས་རེད།  འཐུས་མི་ཚང་མར་ཉམས་འགྱུར་གྱིས་ཕྱུག་ཅིང་ཡིད་ཆེས་ཀྱིས་ཁེངས་ཡོད་ལ།  ཁོ་ཚོ་མང་ཆེ་བས་དཔྱད་གཞིའི་ཡིག་ཆ་ལག་ཏུ་འབྱོར་མ་ཐག་ནན་ཏན་གྱིས་ལྟ་ཀློག་དང་ཕན་ཚུན་བར་གྲོས་བསྡུར་བྱས་ཏེ་ཚོགས་ཆེན་མགོ་རྩོམ་པར་གྲ་སྒྲིག་གང་ལེགས་བྱས།  མི་འགྱང་བར་འཚོག་རྒྱུ་ཡིན་པའི་ཚོགས་འདུར་ཁོང་ཚོར་རེ་སྒུག་དང་སྤྲོ་སེམས་ཀྱིས་བརྟས་ཤིང་། ཁོང་ཚོས་ཚོགས་འདུའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ནས་དམངས་ཆེན་འཐུས་མིའི་འགན་འཁྲི་ངེས་པ་དོན་གྱིས་ལེགས་པོར་བསྒྲུབས་ནས།  མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་མང་ཚོགས་ཀྱི་དཀའ་ཁག མང་ཚོགས་ཀྱི་འབོད་སྐུལ་ཚོགས་འདུའི་སྟེང་འཁྱེར་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཚོགས་འདུ་ལེགས་པོ་འཚོགས་པ།   སྙན་ཞུ་སོ་སོར་ཧུར་ཐག་གིས་གྲོས་ཞིབ་བྱས་ནས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་མགྲིན་ཚབ་པ་བཟང་པོ་བྱ་རྒྱུ་ཡིན་ཞེས་བསྟན།   ཐོ་འགོད་དང་ལག་ཁྱེར་ལེན་པ། གནས་སྡོད་བྱེད་པ་སོགས་འབྱོར་ཐོ་འགོད་པའི་ཡུལ་དངོས་སུ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་གོ་རིམ་ལྡན་པའི་ངང་འགྲོ་ལུགས་བསྒྲུབས། འབྱོར་ཐོ་བཀོད་ཚར་རྗེས་ཨུ་ཡོན་རྣམས་ཀྱིས་ཚོགས་ཞུགས་ལག་ཁྱེར་བཏགས་ཤིང་། ཚོགས་འདུའི་ལས་དོན་ལག་དེབ་ལ་བལྟས་ནས་ཚོགས་འདུའི་གྲོས་རིམ་དང་ཚོགས་འདུའི་ལས་དོན་བཀོད་སྒྲིག་ལ་རྒྱུས་ལོན་བྱས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བ་དང་།“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་རེད།  གནས་བབ་གསར་བ་དང་བཞུད་ལམ་གསར་བ།  ལས་འགན་གསར་བ་བཅས་ཀྱི་མདུན་དུ་ཨུ་ཡོན་རྣམས་ཀྱིས་སྔར་ལས་ཆེ་བའི་སྤྲོ་སེམས་དང་སྔར་ལས་ཆེ་བའི་འགན་འཁྲིའི་རྣམ་འགྱུར་གྱིས་གཞི་རིམ་གྱི་སྐད་ཆ་དང་། མང་ཚོགས་ཀྱི་རེ་སྒུག་ཚོགས་འདུའི་ཐོག་བཏོན་ཏེ་གྲོས་གཞི་དང་ཐབས་ཇུས་ཕུལ་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྲིད་གྲོས་ཨུ་ཡོན་ཚོའི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། 

 འབྱོར་ཐོ་འགོད་པའི་འཐུས་མི་དང་ཨུ་ཡོན་ཚོས་གཅིག་མཐུན་ངང་མི་དམངས་མང་ཚོགས་ཀྱི“སྐད་སྒྲ་སྒྲོག་མཁན”ཡག་པོ་བྱེད་པ་དང་། མི་དམངས་དང་སྲིད་གཞུང་བར་གྱི“འབྲེལ་ཟམ”ཡག་པོ་བསྐྲུན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་བརྒྱུད་སྤྲོད་ཡག་པོ་བྱེད་པ། རང་ཉིད་ཀྱི་འགན་འཁྲི་ལེགས་པོར་སྒྲུབ་པ། ཚོགས་ཆེན་གྱི་གྲོས་རིམ་ལ་གཞིར་བཟུང་ནས་གྲོས་གཞི་འདོན་པ་དང་འཕེལ་རྒྱས་གླེང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་བྲི་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར། །


མཉམ་སྤྱོད།