དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-25 07:37:58   |   539

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཅང་ཤིས་ཤིན་ཡུས་གྲོང་ཁྱེར་ཡུས་ཧྲུའེ་ཆུས(江西新余市渝水区)ཀྱི་ལམ་འགྲམ་གྱི་ཚོང་ཁང་ཞིག་གི་མེ་སྐྱོན་ལས་འཛོལ་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བདེ་འཇགས་ལས་འཛོལ་སྣ་ཚོགས་བསྟུད་མར་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

  • ཟླ1ཚེས24ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨུ་ཟ་བྷེ་ཁི་སི་ཐན(乌兹别克斯坦)གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་ནས་མགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་གནང་བ་རེད།

  • ཟླ1ཚེས24ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཨན་ཐི་ཀྭ་ཧི་པུ་ཏའི(安提瓜和巴布达)ཙུང་ལི་པུའུ་ལང་དང་མཇལ་འཛོམས་གནང་བ་རེད།

  • 2023ལོར། ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི39.8ཟིན་པ་དང་། སྤུས་ཚད་མཐོ་བའི་འཕར་སྣོན་མངོན་འགྱུར་བྱས་ཡོད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ2ཚེས5ཉིན་བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས0.5དམའ་རུ་བཏང་ནས་ཁྲོམ་རར་ཡུན་རིང་འཁོར་རྒྱུག་རང་བཞིན་གྱི་སྒོར་དུང་ཕྱུར་ཁྲི1ཙམ་མཁོ་འདོན་བྱ་རྒྱུ་རེད།

  • ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཉེ་དུས་རྐང་འཛིན་དངུལ་ལོའི་ཚོང་རའི་འཕར་ཆག་ཐད་བསྟན་དོན། མ་འཇོག་བྱེད་མཁན་དང་ལྷག་པར་དུ་མ་འཇོག་བྱེད་མཁན་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཁྲིམས་འཁེལ་གྱི་འགན་འཁྲི་ཡིན་ལ། ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཀྱང་ཡིན་ཞེས་བཤད་པ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ནས་བཟུང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་ཞིང་སྤྱོད་ས་ཆ་བཟུང་སྤྱོད་བྱེད་པའི་ཉེས་དོན་གྱོད་གཞི་ཁག5400ལྷག་ཙམ་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་ཡོད།

  • ཚེས24ཉིན། ཀྲུང་གོ་དང་ནའོ་ལུའུ(瑙鲁)ཡིས་པེ་ཅིན་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནའོ་ལུའུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་པའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས》ལ་མིང་རྟགས་བཀོད།

  • ཚེས24ཉིན། ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་གཞན་པའི་ཕྱོགས་ཁག་དང་མཉམ་དུ་ཧོང་ཧེ(红海)ཡི་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།

  • ཚེས24ཉིན། ཨུ་རུ་སུའི་པེར་ཀེ་ལུའོ་ཏེ་ཁུལ(俄罗斯别尔哥罗德州)གྱི་ཁུལ་དཔོན་གྱིས་ཉིན་དེར་ཁུལ་དེར་ལྷུང་བའི་དབྱིར-76དམག་སྤྱོད་སྐྱེལ་འདྲེན་གནམ་གྲུའི་ཐོག་གི་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བའི་གཏན་འཁེལ་བྱས་པ་རེད། གནམ་གྲུའི་ཐོག་ཡུག་རེན་གྱི་དམག་མི65དང་གནམ་གྲུའི་ལས་དོན་མི་སྣ6དང་སྲུང་སྐྱེལ་མི་སྣ3ཡོད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ཀུའེ་ཀྲོའུ་དབུས་ཤར་རྒྱུད་དང་། ཧུའུ་ནན་ལྷོ་རྒྱུད། ཅང་ཤིས་ལྷོ་རྒྱུད། ཀྲེ་ཅང་ལྷོ་རྒྱུད། ཀོང་ཤིས་ཤར་རྒྱུད། ཀོང་ཏུང་དབུས་བྱང་རྒྱུད་སོགས་ས་ཁུལ་གྱི་དྲོད་ཚད་དམའ་ཤོས་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྔར་བཞིན་དམའ་ཚད5℃ནས7℃བར་ཡིན།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། གྲོང་ཁྱེར་དང་ས་ཁུལ36ཏུ་སྔོན་ལ་ལག་བསྟར་བྱས་པའི་མི་སྒེར་གྱི་རྒན་གསོའི་དངུལ་ལམ་ལུགས་མིག་སྔར་འཁོར་སྐྱོད་བརྟན་པོ་ཡོད་པ་དང་། རྗེས་ཕྱོགས་མི་སྒེར་གྱི་རྒན་གསོའི་དངུལ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

  • ཚེས24ཉིན་གྱི་ཆུ་ཚོད17བར་ཡུན་ནན་ཀྲེན་ཞུང(云南镇雄)གི་རི་ཉིལ་བའི་གནོད་འཚེས་མི34རྐྱེན་ལམ་དུ་ཤོར་བ་དང་མི10འབྲེལ་བ་ཆད་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རིམ་རྩིས་བྱས་ན་དཔྱིད་གསར་སྐྱེལ་འདྲེན་རིང་གི་མེ་འཁོར་སྤ་སེ་ཁྲི6108བཙོངས་པ་དང་། དེ་དུས་མཚུངས་ལས159%འཕར་ཡོད།

  • ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཤར་ཕྱོགས་མཁའ་འགྲུལ་ཀུང་སིའིC919གནམ་གྲུ་ཆེ་གྲས4དཔྱིད་གསར་སྐྱེལ་འདྲེན་ལས་དོན་ལ་ཐོག་མར་ཞུགས་ནས་པེ་ཅིང་ནས་ཧྲང་ཧའེ་དང་། ཧྲང་ཧའེ་ནས་ཁྲེང་ཏུའུ་བར་གྱི་མཁའ་ལམ་དུ་འཕུར་རྒྱུ་རེད།

1.png

  • ཚེས24ཉིན། ཧན་གོའི་ཅང་ཡོན་ཏའོ(江原道)དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་ལམ་ཐུང་མྱུར་ཤུད་མཉམ་བསྲེས་ཚོགས་པའི་མཐུད་རྒྱུག་འགྲན་བསྡུར་ཐོག་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་བླངས་པ་རེད།

2.jpg

  • ཚེས24ཉིན། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེན་ཆིན་ཝུན་ལ་ཝང་ཆིའུ་སྤོ་ལོའི་ཏ་མན་ཀོན(网球大满贯)འགྲན་བསྡུར་གྱི་བུད་མེད་རྐྱང་བའི་རྩེ་གྲ་བཞིའི་ནང་ཐོག་མར་ཚུད་པ་དང་། ཁོང་གི་འཛམ་གླིང་གི་མིང་རིམ་ཡང་འཛམ་གླིང་གི་མདུན་གྲལ་བཅུ་པར་ཐོག་མར་སླེབས་རྒྱུ་རེད།

  • ཉིན་ཤས་གོང་། ཧུའུ་པེའི་ཤང་དབྱང་སྤྱི་བདེས་ཤང་དབྱང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ལ་གྱོད་འབྲེལ་རིག་དངོས20(ཆ་ཚང)དངོས་སུ་རྩིས་སྤྲད་པའི་ནང9ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་ཡིན་པ་རེད།

3.gif

  • ཉེ་ཆར། ཡུན་ནན་ཏ་ལིའི་མང་ཚོགས་གཉིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ཉེ་འགྲམ་དུ་སྐོར་གཡེང་བྱེད་མཁན་མི་དམངས་ཉེན་རྟོག་པ་ལི་ཡ་ཤིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གྲང་ངར་ཆེ་བའི་མཚེའུ་རུ་མཆོངས་ནས་ཆུར་ལྷུང་བའི་མི་དེ་གཉིས་བདེ་བླག་ངང་བསྐྱབས།

སྲིད་ཇུས།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས་སྡོད་ཁང་རྣམ་གྲངས་ཀྱིས་ས་ངོས་ཀྱི་རླངས་འཁོར་འཇོག་སའི་ཐོག་ཁང་དུ་རླངས་འཁོར་འཇོག་པ་དང་། སྟོང་པའི་སྟེགས་བུའམ་ཡང་ན་ས་འོག་ཕྱེད་ཙམ་གྱི་རླངས་འཁོར་འཇོག་སའི་རྣམ་པ་གཉིས་སྤྱོད་རྒྱུར་སྐུལ་མ་བཏང་།

  • ཧོ་ནན་གྱིས་སྲིད་ཇུས་བཏོན་ནས་གཞུང་གྲོན་དགེ་འོས་སློབ་ཐོན་སློབ་མར་གཞུང་ལས་ཁང་དང་ལས་ཤག་སོགས་དགོས་ངེས་ཀྱི་སློབ་གསོ་སློབ་ཁྲིད་སྒྲིག་བཀོད་དང་། བདེ་འཇགས་ཡིན་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་མཁོ་འདོན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཧྲེན་ཀྲེན་གྱིས་ཞིབ་སྲོལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྨན་བཅོས་འགྲོ་གྲོན་མཐོ་ཤོས་ལ100%རྩིས་ཞུ་བྱེད་ཆོག་གི་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

4.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ལྷོ་རྒྱུད། ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ཡུན་ནན་གྱི་ས་ཁུལ་མང་ཆེ་ཤོས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད། 


མཉམ་སྤྱོད།