དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཚོགས།

2024-01-26 11:25:01   |   2415

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་ཁུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་༼རྒྱས་འཛོམས༽གྲོས་ཚོགས་ནུབ་མཚོ་གྲོང་རྡལ་དུ་ཚོགས་ཤིང་།  ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཞིང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། མིག་སྔའི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཧྲེང་ཡོན་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཨ་ཁྱུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།

微信图片_20240126110227.jpg

微信图片_20240126110232.jpg

    ཚོགས་འདུའི་ཐོག་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་དང་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་ངོས་འཛིན་གསལ་པོ་བྱས་ནས། “གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་མཐོ་ཚད་ཐོག་ནས་གཙོ་གནད་ལས་རིགས་ཀྱི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དགོས་པ་དང་། དྲོད་ཚད་དམའ་བའི་གནོད་འཚེ་དང་ས་གཤིས་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་རྒྱུར་ཤུགས་སྣོན་རྒྱག་པ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་གི་ལས་དོན་ཁག་ལ་དམ་འཛིན་ལྷོད་མེད་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“5685”ཡི་ལས་ཀའི་ལམ་སྲོལ་ལ་དམིགས་ཏེ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དང་“གནས་ཡུལ་ཆུང་ངུ་དགུའི”མེ་ཟོན་བདེ་འཇགས། ཉེན་ཆེའི་རྫས་འགྱུར་དངོས་རྫས་བཅོས་སྒྲིག གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཅས་ཀྱི“ཉིན་བརྒྱའི་འགག་སྒྲོལ་དམག་འཐབ”ཏན་ཏིག་རྒྱག་དགོས་ལ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པའི་ལས་དོན་སྤེལ་ཤུགས་དང་མྱུར་ཚད། སྒྲུབ་ཚད་བཅས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། ལོ་མཇུག་དང་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཁྱད་ཆོས་ལ་དམིགས་ནས་ས་ཁུལ་ཀྱི་ལས་རིགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་བདེ་འཇགས་ཉེན་ཁ་སྣ་ཚོགས་ལ་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བཅད་དེ་དབྱེ་ཞིབ་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་ཀྱི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།


མཉམ་སྤྱོད།