དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་ལས་ལ་གཞོལ་བཞིན་པའི་ལོ་ཙཱའི་ཚན་ཆུང་།

2024-01-26 13:54:51   |   7477

རྩོམ་སྒྲིག སངས་རྒྱས་སྐྱིད།  བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་དང་ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་ལ་ཉེ་བའི་སྐབས་འདིར། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་བཅས་ཀྱི་ལོ་ཙཱ་བ་བདམས་ཏེ་ཚོགས་ཆེན་གཉིས་ཀྱི་ལོ་ཙཱའི་ཚན་ཆུང་བཙུགས་ཤིང་། ལས་བགོ་ཁག་བགོས་བྱས་ཏེ་ལོ་ཙཱའི་བྱ་བར་འཇུག་མགོ་བརྩམས།

ལོ་ཙཱའི་ལས་དོན་ནི་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་ལས་དོན་ལས་ཆེས་གལ་ཆེ་བའི་ལྷུ་ཚིགས་ཤིག་ཡིན། ལོ་ཙཱའི་ལས་དོན་ལེགས་པོར་སྒྲུབ་ཆེད། ལོ་ཙཱའི་ཚན་ཆུང་གིས་འགྱུར་ཆད་མེད་པ། འགྱུར་ལྷག་མེད་པ།  འགྱུར་ནོར་མེད་པ་བཅས་ཀྱི་རྩ་བའི་བླང་བྱ་ལྟར། ཚོགས་ཆེན་གཉིས་ཀྱི་ལོ་ཙཱའི་གྲ་སྒྲིག་བྱ་བ་ཉིན་མཚན་དབྱེར་མེད་ཀྱིས་སྒྲུབ་བཞིན་ཡོད།

微信图片_202401261340242.jpg

微信图片_202401261340244.jpg

微信图片_20240126141204.jpg

微信图片_202401261340243.jpg

d39af8b9c1a30148f97370efbb7b497.jpg

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ལོ་ཙཱའི་ལས་འགན་ནི《མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ》དང་གྲོས་ཆོད། གྲོས་རིམ། ཉིན་རེའི་ལས་རིམ། 《སྲིད་གཞུང་བྱ་བའི་སྙན་ཞུ》དང་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྙན་ཞུ》དང་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2024ལོའི་ནོར་སྲིད་སྔོན་རྩིས་ཀྱི་སྙན་ཞུ》དང་གྲོས་ཆོད། 《མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ》དང་གྲོས་ཆོད། 《མཚོ་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ》དང་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག》དང་དེའི་གསལ་བཤད་དང་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག》དང་དེའི་གསལ་བཤད་དང་གྲོས་ཆོད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག》དང་དེའི་གསལ་བཤད་དང་གྲོས་ཆོད་བཅས་ཡིན།  

微信图片_202401261340245.jpg

微信图片_20240126134024.jpg

微信图片_202401261340246.jpg

微信图片_202401261340241.jpg

ཁུལ་སྲིད་གྲོས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ལོ་ཙཱའི་ལས་འགན་ནི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ》དང་།《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་བྱ་བའི་སྙན་ཞུ》དང་། འདེམས་བསྐོ་བྱེད་ཐབས་དང་གྲོས་རིམ་བཅས་ཡིན།

微信图片_202401261340247.jpg

微信图片_20240126141805.jpg

ཐེངས་འདིའི་ཚོགས་ཆེན་གཉིས་ལ་ཁྱོན་སྡོམ་ལོ་ཙཱ་བྱ་དགོས་པའི་ཡིག་ཆ29དང་། ལོ་ཙཱའི་ཡིག་གྲངས་ཁྲི20ལྷག་ཡོད།


མཉམ་སྤྱོད།