དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-30 06:50:36   |   2950

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

111111.jpg

  • ཚེས29ཉིན། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན4པར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར1.9ཙམ་ཡིན།

  • ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར། རྒྱལ་དབང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་སྡོམ་འབོར་སྒོར་དུང་ཕྱུར857306.1ཡིན་པ་དང་། དུས་མཚུངས་ལས3.66%འཕར་ཡོད།

  • ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་དཔེ་མཚོན་གནད་དོན7ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི3000བཏང་ནས། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཀྲིན་ཞུང་རྫོང་གི་གནོད་འཚེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་འཕྲལ་བསྟུན་སླར་གསོ་དང་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས29ཉིན་ནས་བཟུང་དུས་ཡུན་ཟླ་བ་གཅིག་གི་རིང་གི“དྭངས་གཙང·ཞེས་པའི་2024ལོའི་དཔྱིད་གསར་དུས་ཆེན་གྱི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་ཐད་ཀར་རྩིས་རྒྱག་བྱེད་ཚད་མི་ཐེངས་དུང་ཕྱུར1.29ཟིན་ནས། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་སྔོན་ལ་སྒོར་དུང་ཕྱུར་1536.74སྤྲོད་དགོས་པ་མེད་པར་བཏང་།

  • 2024ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ལ་ཕྱོགས་ཡོངས་ནས“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་ཞིབ་བཤེར་བྱ་རྒྱུ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས29ཉིན་གྱི་དགོང་མོར། ནའོ་ལུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ནའོ་ལུའུ་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་ཀྱི་མགྲོན་ཁང་ཞིག་ཏུ་གཞུང་ཚབ་ཁང་སླར་གསོའི་མཛད་སྒོ་སྤེལ།

  • ཚེས28ཉིན། ཨ་རི་སྲིད་གཞུང་གིས་བཤད་པ་ལྟར་ན། ཅོར་ཏན་བྱང་ཤར་རྒྱུད་དུ་སི་རི་ཡའི་མཐའ་མཚམས་དང་ཉེ་བའི་ཨ་རིའི་དམག་དཔུང་ལ་ཚེས་27ཉིན་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་པ་དང་། ཨ་རིའི་དམག་མི3རྐྱེན་ལམ་དུ་ཤོར་ལ། ཉུང་མཐར་ཡང་ཨ་རིའི་མི་སྣ34ལ་རྨས་སྐྱོན་ཕོག་ཡོད་ཅེས་ཟེར།

སྤྱི་ཚོགས།

2222.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་སེར་པོའི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཧོ་པེའི་ལྷོ་རྒྱུད་དང་། ཧྲན་ཏུང་དབུས་རྒྱུད། ཀྲེ་ཅང་གི་ཤར་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཀོང་ཀྲོའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་མཐོང་ཚད་སྤྱི་ལེ་གཅིག་མེད་པའི་སྨུག་པ་ཆེན་པོ་འཐིབ་རྒྱུ་རེད།

  • 2023ལོར། ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཚུད་པའི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་དཔལ་འབྱོར་གྱི་སྡོམ་འབོར་སྒོར་དུང་ཕྱུར་ཁྲི་30ལས་བརྒལ་ཡོད།

33333.jpg

  • ཚེས29ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གི་རྒོལ་གཏོར—10འཁྲབ་སྟོན་གནམ་གྲུ7སོ་ཏི་ཨ་རབ་དུ་སྐྱོད་དེ། ཟླ་གཉིས་པར་སྤེལ་བའི་སོ་ཏི་ཨ་རབ་ཀྱི་རྒྱལ་སྤྱིའི་འགོག་སྲུང་འགྲེམས་སྟོན་སྐབས་གཉིས་པར་ཞུགས་པ་མ་ཟད། འཕུར་སྐྱོད་འཁྲབ་སྟོན་བྱས།

  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝང་ཡུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཉེ་ཆར། ཧྥུའུ་ཅན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཅང་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་དབྱིན་མེ་ཀེན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས29ཉིན། ཧུའུ་པེ་ཧོང་ཧྲི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་ཀྲུང་གོའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་ཁྲེན་མའོ་ཡོན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ11པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་སྔོག་རྐུ་དང་། རྐུ་འཕྲོག ལྐོག་ཚོང་སོགས་རིག་དངོས་སྣ་ཚོགས་ཀྱི་ཉེས་གསོག་གྱོད་གཞི་ཁག1070ལྷག་ཙམ་རྩད་ཆོད་པ་དང་། གྱོད་འབྲེལ་རིག་དངོས་སྣ་ཚོགས་ཁྲི1.3ལྷག་ཙམ་བདའ་འདེད་བཏང་ཡོད།

  • ཀྲུང་གོའི་གོ་མཚོན་བཟོ་ལས་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། གོ་ལ་ཧྲིལ་པོའི་ཏུན136རིམ་པའི་ཆིང་ནུས་རྒྱུའི་གཏེར་ཁའི་རླངས་འཁོར་ཐོག་མ་དེ་ཉེ་ཆར་བདེ་བླག་ངང་བཟོས་ཡོད།

  • ཚེས29ཉིན་བར། རྒྱལ་ཁབ་ལྕགས་ལམ་ཚོགས་པས་རྒྱལ་ཡོངས་སུ་འཆར་འགོད་བྱས་པའི་ལྕགས་ལམ་ཟོག་འགྲེམས་ལྟེ་གནས39ཚང་མ་བཙུགས་ཡོད།

4444444.jpg

  • ས་གནས་དེ་གའི་དུས་ཚོད་ཚེས28ཉིན། ཀྲུང་གོའི་འགྲན་ཞུགས་པ་སུན་ཁྲོན་དབྱི་དང་ཅིན་ཝུན་ལིའང་གིས་མྱུར་ཤུད་འཛམ་གླིང་བུམ་པའི་ཨ་རིའི་ས་ཚིགས་སུ་མཉམ་བསྲེས་ཀྱི་མཐུད་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས།

སྲིད་ཇུས།

  • ཧའེ་ནན་གྱིས་ཚད་གཞི་ཁྱབ་བསྒྲགས་བྱས་ནས། གཉེར་སྐྱོང་དོ་དམ་མངགས་བཅོལ་བྱེད་པའི་སློབ་གྲྭའི་ཟ་ཁང་གིས་སྤྱི་ཕན་རང་བཞིན་དང“བོགས་མར་གཏོང་ལེན་མེད་པ”སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཅང་སུའུ་ཡིས་བཟའ་བཅའི་བདེ་འཇགས་སྲོལ་ཡིག་ལ་གྲོས་མཆམ་བྱུང་བ་དང་། སྔོན་བཟོའི་ཚལ་རིགས་ཀྱི་ཐོན་རྫས་དང་མ་བཅོས་རྒྱུ་ཆ་དེ་ཞིང་ཆེན་གྱི་བཟའ་བཅའི་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་ཇུས་གཞིའི་ནང་འཇུག་རྒྱུ་རེད།

  • ཁྲེང་ཏུའུ་ཡིས་ཚོད་ལྟའི་གཏན་འབེབས་ཁྱབ་བསྒྲགས་བྱས་ནས། གྲོང་མིའི་གཞིས་ཁུལ་གྱིས་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་ལ་སྤྱོད་པའི་གློག་ལམ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

དེ་རིང་གི་གནམ་གཤིས།

555555.jpg

  • ཞིན་ཅང་གི་དབྱི་ལི་ལུང་གཞུང་དང་། ཞིན་ཅང་ལྷོ་ཕྱོགས་ཀྱི་ནུབ་རྒྱུད་རི་ཁུལ། ནང་སོག་གི་ཤར་ལྷོའི་རྒྱུད། ལིའོ་ཉིང་གི་བྱང་རྒྱུད། ཅི་ལིན་གྱི་དབུས་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཞིན་ཅང་གི་དབྱི་ལི་ལུང་གཞུང་དང་ལིའོ་ཉིང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ཅང་ཧོའེ་ཤར་རྒྱུད་དང་། ཅང་ནན་གྱི་ལྷོ་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད། ཡུན་ནན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ། དེའི་ནང་། ཧུའུ་ནན་གྱི་ཤར་ལྷོའི་རྒྱུད་དང་། ཅང་ཞིའི་ལྷོ་ནུབ་རྒྱུད། ཤར་རྒྱུད། ཧྥུའུ་ཅན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ལ་ཆར་བ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།