དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད32)

2024-01-31 10:08:44   |   884

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཁོ་བའི་ཐག་གཅོད་ཡང་དག་བྱ་དགོས་པའི་འབྲེལ་བ་གལ་ཆེན་ཅི་ཞིག་ཡོད་དམ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། རྒྱུད་རིམ་ལྡན་པའི་ཇུས་འགོད་དང་། ཁྱོན་ཡོངས་ནས་སྐུལ་སྤེལ་བཅས་བྱས་ཏེ་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡང་དག་བྱ་དགོས”ཞེས་བསྟན་ཡོད། གོང་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས། འཐབ་ཇུས་དང་ཐབས་ཇུས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱ་དགོས། གཞུང་དྲང་སྲུང་འཛིན་དང་གསར་གཏོད་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས། ལས་ཆོད་དང་དྲང་གཞག་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱ་དགོས།གསོན་ཤུགས་དང་སྒྲིག་ལམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས། རང་སྟོབས་རང་སྤེལ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས།


མཉམ་སྤྱོད།