དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-05 07:39:57   |   483

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་ཏེ། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས། ཚའེ་ཆི་ཕྱོགས་སྡོམ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར13908.2ཟིན་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད།

  • མིག་སྔའི་བར་ཀྲུང་དབྱང་གི་དགུན་དཔྱིད་རོགས་དངུལ་དང་དངོས་པོ་ཚང་མ་དམིགས་སར་འབྱོར་བ་དང་། རིམ་རྩིས་བྱས་ན་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི3080ལ་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་རོགས་རམ་བྱས་ཡོད།

图片1.jpg

  • 2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཕྱོགས་བསྡུས་ལས་དོན་གྱི་ཆེད་དོན་གྲངས་གཞི་ལས་མངོན་པར། ཚེས4ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར2.1ཙམ་ཟིན་རྒྱུ་ཡིན།

  • ཟླ1ཚེས12ཉིན་དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་འཚོང་མགོ་ཚུགས་ནས་ཟླ2ཚེས3ཉིན་བར། ལྕགས་ལམ12306གྱིས་དཔྱིད་གསར་སྐྱེལ་འདྲེན་རིང་མེ་འཁོར་སྤ་སེ་དུང་ཕྱུར2.58བཙོངས་ཡོད།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2023ལོར་རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་དུས་མཚུངས་ལས5.7%འཕར་བ་དང་། ཕྱི་ཕྱོགས་མ་འཇོག་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ཡོངས་ཀྱི་འགག་སྒོའི་ཉིན་རེར་ཆ་སྙོམས་འགག་སྒྲོལ་མི་གྲངས་མི་ཐེངས་ཁྲི180ཟིན་ཞིང་། དེ་ནི2019ལོའི་དཔྱིད་གསར་དུས་ཆེན་གྱི་འགྲོ་འོང་བྱེད་ཚད་དང་གཅིག་མཚུངས་ཡིན།

  • 2023ལོར་རང་རྒྱལ་གྱི་རྒྱུན་སྤྱོད་མདོག་ལྡན་ལྕགས་རིགས་བཅུ་ཡི་ཐོན་ཚད་ཏུན་ཁྲི7469.8ཟིན་ཞིང་། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་བརྩིས་ན་ལོ་གོང་མ་ལས7.1%འཕར་ཡོད།

  • 2023ལོའི་ཟླ1པོ་ནས་ཟླ11པའི་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན28ལ་འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་རྩིས་སྤྲོད་བྱས་ནས་གྱོད་འབྲེལ་མི་སྣ་ཁྲི4.5ཟིན་ཡོད།

图片2.png

  • རང་རྒྱལ་གྱིས“ཐེན་ཏུའུ་རྟགས་ཅན་དང་པོ”དང“ཐེན་ཏུའུ་རྟགས་ཅན་གཉིས་པའི”ཤར་གཏོང་སྣེ་ཁྲིད་ལག་རྩལ་ཚོད་ལྟའི་སྲུང་སྐར་འཕེན་གཏོང་བྱ་རྒྱུ་ཡིན་ཞིང་། སྐར་མ་གཉིས་ཟླ་བའི་གོ་ལའི་འཁོར་ལམ་དཔུང་རུར་འཕུར་སྐྱོད་བྱས་ནས་ཟླ་བའི་གོ་ལའི་འཁོར་ལམ་འཕྲིན་གཏོང་ཕྱོགས་སྟོན་ལག་རྩལ་གསར་པར་ར་སྤྲོད་བྱ་རྒྱུ་ཡིན།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས4ཉིན་ཁངས་ཆེན་དང་དར་འཁྱགས་ལི་མདོག་གི་ཉེན་བརྡ་དང་། སྨུག་པ་སེར་པོའི་ཉེན་བརྡ། རླུང་ཆེན་སྔོན་པོའི་ཉེན་བརྡ་བཅས་བཏང་ནས་ཕྱིར་སྐྱོད་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་དབུགས་ལམ་གྱི་ནད་རིགས་སྔར་བཞིན་དར་ཁྱབ་ཆེ་བའི་ཆུ་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་ཐུབ་པས་སྤྱི་དམངས་ཀྱིས་ངེས་པར་དུ་འགོག་སྲུང་བྱ་ཐབས་ཡག་པོ་སྒྲུབ་དགོས་པ་བསྟན།

  • ཚེས4ཉིན་རྒྱལ་ཡོངས་ཀྱི་ཡུལ་མི་མེད་པའི་མཚོ་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་དེབ་ཐོག་མ་ཐེན་ཅིན་དུ་ལེགས་གྲུབ་བྱུང་།

图片3.jpg

  • ཚེས4ཉིན། ཁ་ཐར་གྱི་ཏུའོ་ཧ་རུ་འཚོགས་པའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྣ་མང་ཆུ་རྐྱལ་མཉམ་སྡེབ་ཀྱི་མཇུག་མཐའི་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ།

  • མའོ་ཡན་ཆེད་ལས་པར་གཞིའི་གྲངས་གཞི་ལས་མངོན་པར། ཚེས4ཉིན་བར། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་གསར་པའི་སྤྱིའི་སྤ་སེ་སྔོན་འཚོང་ཚད་སྒོར་དུང་ཕྱུར་གཉིས་ལས་བརྒལ་ཡོད། 

  • གནའ་རྫས་རྟོག་ཞིབ་མི་སྣས་ཧོ་ནན་ཕུའུ་དབྱང་ནས་ཀྲན་གོའི་དུས་རབས་ནས་ཧན་རྒྱལ་རབས་བར་གྱི་གྲོང་ཁྱེར་གཙོ་བོའི་གནས་ཡུལ་ཤེས་རྟོགས་བྱུང་།

  • ད་ལོའི་དགུན་གནང་པེ་ཅིང་སློབ་ཆེན་གྱིས་སློབ་གྲྭ་གོ་རིམ་ལྡན་པའི་ངང་སྒོ་མོ་འབྱེད་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ། གུང་གསེང་རིང་སློབ་གྲྭར་ཞིབ་འཇུག་སློབ་སྦྱོང་བྱ་རྒྱུ་དང་ཞིབ་འཇུག་སློབ་སྦྱོང་རྣམ་གྲངས་ནང་ཞུགས་མཁན་ཚོགས་པས་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ནས་སྔོན་བཀོད་བྱེད་ཆོག

图片4.jpg

  • ཅང་སུའུ་ནན་ཅིང་གི་བཟོ་ཁང་ཞིག་ལ་གློ་བུར་དུ་མེ་སྐྱོན་ཤོར་ནས། ཉེ་འགྲམ་གྱི་སྤྱི་སྤྱོད་རླངས་འཁོར་རུ་ཁག་གི་ཁ་ལོ་བ་ཀྲང་ཧྲི་པའོ་དང་། ཀྲོའུ་ཅིན་མིང་། ཆིན་ཆི་ཅུན་བཅས་ཀྱིས་འཕྲལ་དུ་མེ་གསོད་འཕྲུལ་ཆས་འཁྱེར་ནས་མེ་སྐྱོན་ཐོན་སར་ཕྱིན་ཏེ། མེ་བསད་ཅིང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཞན་དག་མེད་པར་ཞིབ་བཤེར་བྱས་རྗེས་གཞི་ནས་ཁ་བྲལ་བ་ཡིན།

སྲིད་ཇུས།

  • པེ་ཅིང་གིས་ལས་རྨས་སྨན་བཅོས་སྒྲིག་གཞི་དང་། ལས་རྨས་དྲག་སྐྱེད་སྒྲིག་གཞིས་བྱང་བུ་འཁྱེར་ཏེ། སྨན་བཅོས་ལས་རྨས་འགན་བཅོལ་འགྲོ་གྲོན་རེ་ཞུ་བྱེད་པའི་ཤོག་སྦྱར་རྒྱུ་ཆ་ཚང་མ་མེད་པ་བཟོ་རྒྱུའི་གཏན་འབེབས་གསར་པ་ལག་བསྟར་བྱས།

  • ཧེ་ལུང་ཅང་གིས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ“རྒན་རྒོན་གྱི་ལྗང་མདོག་བགྲོད་ལམ”བཙུགས་ཏེ། རྒན་རྒོན་གྱི་ལས་དོན་སྒྲུབ་པར“གཅིག་འཐུས་རྣམ་པའི”ཐག་གཅོད་ཐུབ་པར་འགན་ལེན་བྱེད་དགོས་པའི་བསམ་འཆར་ཁྱབ་བསྒྲགས་བྱས།

  • ནང་སོག་གིས་ཡིག་ཆ་བཀྲམ་སྟེ། “སྦྲུམ་རྟེན་སྤོ་འཛུགས”སོགས་སྐྱེ་འཕེལ་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཁག་གཅིག་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ་བསྟན།

དེ་རིང་གི་གནམ་གཤིས།

图片5.jpg

  •  ནང་སོག་གི་དབུས་རྒྱུད་དང་། ཧྭ་བྱང་གི་བྱང་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཧོང་ཧོའེ་ཡི་ཤར་རྒྱུད། ཅང་ཧོའེ་ཡི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་ཧུའུ་ནན་གྱི་བྱང་རྒྱུད་སོགས་སུ་འཁྱགས་ཆར་པ་འབབ་པ། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་བྱང་རྒྱུད་དང་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་དབུས་ནུབ་རྒྱུད་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན།


མཉམ་སྤྱོད།