དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-22 08:20:03   |   311

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག》པར་འགྲེམས་བྱས།

  • ད་ལོའི་ཟླ་དང་པོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་སྡོམ་འབོར་མི་ཐེངས་ཁྲི5426ཟིན། དུས་མཚུངས་ལས་44.6%འཕར་ཡོད།

  • ཁྲིམས་འཛིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དམངས་གཉེར་དཔལ་འབྱོར་གྱི་སྐུལ་འདེད་བཅའ་ཁྲིམས་སྐོར་གྱི་ཁྲིམས་འཛུགས་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད།

  • 2023ལོར་རྒྱལ་ཡོངས་སུ་རྩིས་འཁོར་མཉེན་ཆས་ཀྱི་བདག་དབང་ཐོ་འགོད་བྱེད་ཚད་ཁྲི250ཙམ་ཟིན་ཞིང་། དུས་མཚུངས་ལས་35.95%འཕར་བ་དང་ཐོ་འགོད་གྲངས་འབོར་དང་འཕར་ཚད་ཚང་མ་ལོ་ལྔའི་རིང་གི་ཟིན་ཐོ་མཐོ་ཤོས་ཡིན།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོའི་ཟླ་མཇུག་བར་དུ། ཚོང་དོན་པུས་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱི་ཅོག་སྒོར་ཚོགས་འདུ་ཐེངས16འཚོགས་པ་དང་། ཚོགས་འདུའི་ཐོག་བཏོན་པའི་གནད་དོན་གྱི་རེ་ཞུ་ཁག300ལྷག་ཙམ་ཐག་གཅོད་བྱས།

    1.png

  • ཉེ་ཆར་འཛམ་གླིང་ཐོག་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་ཀྱི་སྐས་རིམ་གློག་ཁང་དྲུག་གི་རིམ་རྩིས་བྱས་པའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་ཁྲི3.5ལས་བརྒལ་ཞིང་། ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར10ལྷག་ཙམ་གྲོན་ཆུང་བྱས་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་དུང་ཕྱུར28ལས་བརྒལ་བ་ཇེ་ཉུང་དུ་བཏང་།

  • ཐའེ་ཝན་ཕྱོགས་ཀྱིས་སྐམ་ས་ཆེ་མོའི་ཉ་གྲུ་ལ་གཏུམ་སྤྱོད་བྱས་པའི་རྐྱེན་གྱིས་ཉ་པ་གཉིས་རྐྱེན་ལམ་དུ་ཤོར་བའི་ཐད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་ཐའེ་ཝན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་དངོས་དོན་གང་མགྱོགས་ངང་ཡོངས་བསྒྲགས་བྱས་ཏེ། རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་ངོགས་གཉིས་ཀྱི་སྤུན་ཟླར་རྩིས་སྤྲོད་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་ཡོད་ཅེས་བཤད།

  • ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་འཆར་ཟིན་ལ་སླར་ཡང་ཁས་མ་བླངས་པའི་ཐད་དུ། རང་རེའི་ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་ཚང་མས་དེའི་ཐད་བློ་ཕམ་ཆེན་པོ་བྱུང་བ་དང་ཡི་མི་རང་བ་བྱེད་ཀྱི་ཡོད་ཅེས་བཤད།

    སྤྱི་ཚོགས།

    2.jpg

  • ཚེས22ཉིན་ནས་ཚེས23ཉིན་བར་དབུས་ཤར་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཁངས་ཆར་གྱི་གནམ་གཤིས་ཡོད་པ་དང་། བར་འཁྱག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་དང་དབུས་ཤར་རྒྱུད། ཧྭ་ནན་གྱི་དབུས་བྱང་རྒྱུད་སོགས་ཀྱི་དྲོད་ཚད་ཏུའུ12ནས18བར་མར་ཆག་རྒྱུ་རེད། 

  • ཧེ་ལུང་ཅང་ཆི་ཧར་ལུས་རྩལ་ཁང་རྡིབ་པའི་ལས་འཛོལ་བརྟག་དཔྱད་སྙན་ཞུ་ཉེ་ཆར་ཁྱབ་བསྒྲགས་བྱས་ཤིང་། འབྲེལ་ཡོད་འགན་འཁུར་བ51ལ་འགན་འཁྲི་བདའ་འདེད་བཏང་།

  • ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཧུའུ་ཆང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

    4.png

  • ཉིན་ཤས་གོང་ཀྲུང་གོ་ས་གཤིས་ཚན་རིག་ཁང་གཏེར་རྫས་ཐོན་ཁུངས་ཞིབ་འཇུག་སུའོ་ཡིས་ཅང་ཞི་རུ་གཏེར་རྫས་གསར་པ་སྟེ། ཧྥེ་ཏན་གཏེར་རྡོ་གསར་རྙེད་བྱུང་།

  • ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་དྲ་ཐོག་ཏུ་འུད་སྒྲོག་དང་དཀྲོག་གཏམ་བཟོ་བ་སོགས་དྲ་རྒྱའི་ཁྲིམས་འགལ་ཟང་ཟིང་གི་གནས་ཚུལ་ལ་གཅིག་སྡུད་ཐོག་རྡུང་རྡེག་དང་བཅོས་སྒྲིག་བྱས་ཤིང་། དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་མཁན102ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་ཁྲིམས་འགལ་གྱི་རྩིས་ཐོའི་ཨང་གྲངས414ཁྲིམས་ལྟར་སྒོ་བརྒྱབ།

  • སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་རྒྱན་འགྱེད་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ཅིང་། ཉེས་གསོག་དོགས་ཅན93བཟུང་བ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར7255ལས་བརྒལ་ཡོད།

    5.png

  • ཧོ་ནན་ཞིན་དབྱང་གི་རྐང་གསུམ་འཁོར་ལོ་ཞིག་ལམ་འགྲམ་གྱི་ཡུར་བུའི་ནང་དུ་ལོག་སྟེ་རྒན་པ་གཉིས་ལ་རྨས་སྐྱོན་ཕོག རླངས་འཁོར་བསྐོར་ནས་འགྲོ་བཞིན་པའི་ཀྲང་ལི་བཟའ་ཟླ་གཉིས་ཀྱིས་མྱུར་དུ་རླངས་འཁོར་བསྡད་དེ་རྨས་སྐྱོན་ཕོག་པའི་རྒན་རྒོན་སྨན་ཁང་དུ་བསྐྱལ།

    སྲིད་ཇུས།

  • ཧྲང་ཧའེ་ཡིས་ད་ལོ་སྡེ་ཁུལ་གྱི་བཅོལ་སྐྱོང་གྲངས་འབོར7000ལས་མི་ཉུང་བ་དང་། གཞུང་བཙུགས་བུ་བཅོལ་ཁང3000ལས་མི་ཉུང་བ་འཕར་སྣོན་བྱེད་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཧུའུ་ནན་གྱིས་སློབ་གྲྭ་ཆུང་འབྲིང་གིས་སློབ་ཁྲིད་བྱེད་རིང་གློག་རྡུལ་ཐོན་རྫས་སྤྱད་དེ་སློབ་ཁྲིད་བྱེད་པའི་དུས་ཚོད་སྤྱིའི་དུས་ཚོད་ཀྱི30%ལས་མི་བརྒལ་བ་བྱེད་དགོས་པའི་བླང་བྱ་བཏོན།

  • ཨན་ཧུའེ་ཡིས་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི་ཀ་པ་རིམ་པའི་མགྲོན་ཁང་དང་ཁ་པ་རིམ་པའི་ཁྱིམ་ཚང་ལ་སོ་སོར་བྱ་དགའ་སྒོར་ཁྲི15དང་སྒོར་ཁྲི10སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

6.jpg

  • བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཅང་ཧོའེ་ཡི་ཤར་རྒྱུད་དང་ནུབ་རྒྱུད། ཅང་ཧན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་འབྲིང་བ་ནས་ཆེ་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧུའུ་པེའི་ལྷོ་རྒྱུད་དང་ཤར་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆེན་འབབ་རྒྱུ་ཡིན་པ་དང་ས་ཁུལ་ཁག་ཅིག་ལ་ཁངས་ཆེན་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ཀྲེ་ཅང་གི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།