དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-26 07:44:34   |   361

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • དཔྱིད་གསར་སྐྱེལ་འདྲེན་གྱི་ཕྱིར་ལོག་བྱེད་མཁན་མང་བའི་དུས་ལ་ཐོན་ཞིང་། ཚེས25ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་སྒྲོལ་བའི་མི་སྣའི་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར1.9ལས་བརྒལ་ཡོད་པ་རེད། 

  • སྐྱེ་ཁམས་ཁོར་ཡུག་པུས་ད་ལོར་མཛེས་སྡུག་ལྡན་པའི་མཚོ་ཁུག་བསྐྲུན་རྒྱུ་དང་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས་མཚོ་རྒྱུད་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སྒྲིག་འཛུགས་བྱས་ཏེ། མཛེས་སྡུག་ལྡན་པའི་མཚོ་ཁུག་བརྒྱ་ལྷག་ཙམ་བསྐྲུན་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུ་རེད། 

  • ཞིང་ལས་གནས་ཚུལ་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་ཀོང་ཏུང་དང་། ཀོང་ཤིས། ཅང་ཤིས། ཧུའུ་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་སྔ་སྨིན་འབྲས་ཀྱི་འབྲས་ལྗང་མུའུ་ཁྲི149.2འདེབས་གསོ་བྱས་ཤིང་། འཆར་གཞིའི་རྒྱ་ཁྱོན་གྱི5.3%ལེགས་སྒྲུབ་བྱས་པ་དེ་ལོ་ལྟར་དང་གཅིག་མཚུངས་ཡིན་པ་རེད། 

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡིག་ཆ་བཀྲམ་ནས2024ལོའི་ཟླ2པ་ནས་ཟླ12པའི་བར“ཁེ་ལས་ལ་སྲུང་སྐྱོབ་ཀྱི་ཞིབ་དཔྱོད”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། 

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་། རང་རྒྱལ་གྱི་སྒུལ་བདེའི་དྲ་སྦྲེལ་སྤྱོད་ཚད་ཆེས་ཆེར་འཕར་བ་དང5Gཡི་སྤྱོད་ཚད་དུས་མཚུངས་ལས་བཅུ་ཆ་བདུན་ལྷག་ཙམ་འཕར་ཡོད་པ་རེད། 

  • འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལོ་བཅུའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་དང་། ཕྱི་ཕྱོགས་ཚོང་དོན་སྡོམ་འབོར་དུང་ཕྱུར་ཁྲི་ལས་བརྒལ་བའི་སྐས་རིམ་གཉིས་སུ་སླེབས་ཡོད་པ་རེད། 

01.jpg

  • ཀྲུང་གོ་མཚོ་སྣུམ་གྱིས་སྤྱི་བསྒྲགས་སྤེལ་ནས་པོའོ་ཧའེ་རྒྱ་མཚོར་གསར་དུ་རྩད་ཆོད་པའི་སྣུམ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི4000ལས་བརྒལ་བ་དང་། རིམ་རྩིས་བྱས་ན་རྩད་ཆོད་པའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2ལས་བརྒལ་ཡོད་པ་རེད། 

02.jpg

  • ཚེས25ཉིན། ཧྥུའུ་ཅན་མཚོ་ཐོག་ཉེན་རྟོག་རྩ་འཛུགས་ཀྱི་དམག་གྲུའི་དཔུང་རུ་ཅིན་མོན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཁྲིམས་འཛིན་སྐོར་ཞིབ་བྱས་པ་རེད། 

  • ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཚེས25ཉིན་གསལ་བསྒྲགས་སྤེལ་ནས་རེས་སྐོར་འདིའི་པ་དབྱིའི་གདོང་ཐུག་ནང་མི29692རྐྱེན་ལམ་དུ་ཤོར་བ་རེད། 

སྤྱི་ཚོགས། 

  • དེ་རིང་དང་སང་ཉིན་བར་ཧུའུ་པེ་དང་། ཅང་ཤིས། ཧུའུ་ནན། ཀུའེ་ཀྲོའུ། ཀོང་ཤིས། ཀོང་ཏུང་སོགས་ས་ཁུལ་ཁག་གཅིག་གི་ཉིན་རེའི་ཆ་སྙོམས་དྲོད་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་ལས5℃ཡིས་དམའ་བ་ཡོད་པ་རེད། 

03.jpg

  • ཚེས25ཉིན། རྒྱལ་ཁབ་ཀྱི་ཕིང་ཕང་སྤོ་ལོའི་སྐྱེས་པའི་རུ་ཁག3:0གྱིས་ཧྥ་རན་སིའི་རུ་ཁག་ལས་རྣམ་པར་རྒྱལ་ནས་ཧྥུའུ་ཧྲན་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་པའི་ཨང་དང་པོ་བླངས། 

04.jpg

  • ས་གནས་དེ་གའི་དུས་ཚོད་ཚེས24ཉིན། རྒྱུག་ལམ་ཐུང་བའི་འཁྱག་ཤུད་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཝང་ཡེ་ལ་བུད་མེད་ཀྱི་སྨི500ཡི་གསེར་གྱི་རྟགས་མ་ཐོབ་པ་རེད། 

  • 2024ལོའི་ཞིབ་འཇུག་སློབ་མའི་རྒྱུགས་འབྲས་དེ་རིང་ནས་བཟུང་ཁྱབ་བསྒྲགས་བྱེད་རྒྱུ་རེད། 

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་འབྲི་ཆུ་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི6500ལྷག་ཙམ་རྩད་ཆོད་པ་རེད། 

  • ཚེས25ཉིན་བར། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གློག་བརྙན《ཚ་ཚ་འུར་འུར》དང《མི་ཚེའི་སྐར་ཅིག་མ༢》《དོན་ཚན་ཉི་ཤུ་པ》《དྲེད་མོང་དང་ཡུལ་དུས་འགྱུར་བ》བཅས་ཁྱོན་སྡོམ་སྤ་སེ་བཙོངས་གྲངས་སྒོར་དུང་ཕྱུར100ལྷག་ཙམ་ཟིན་ཡོད་པ་རེད།  

  • ཝ་ཧ་ཧ་ཚོགས་པའི་གསར་གཏོད་པ་ཙུང་ཆིང་ཧོས་ནད་ཀྱིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོབ་པར་ཚེས25ཉིན་ཧང་ཀྲོའུ་རུ་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ79རེད། 

  • ཚེས25ཉིན། ཤིན་ཅང་ཁེ་ཙེ་ལེ་སུའུ་ཀྲོའུ་ཨ་ཧོ་ཆི་རྫོང་དུ་ས་ཡོམ་རིམ་པ5.8བྱུང་ཞིང་། ཡོམ་ཚོར་མངོན་གསལ་བྱུང་། ཉིན་དེའི་ཆུ་ཚོད13བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གནས་སྐབས་སུ་ཐོན་མེད་པ་རེད། 

  • རང་རྒྱལ་གྱི་ཞིབ་འཇུག་ཚོགས་པས་རྨ་ཁ་ཆུང་བའི་ཀླད་པ་དང་འཕྲུལ་ཆས་མཐུད་པའི་ལག་རྩལ་སྤྱད་དེ་ཀླད་པ་ཞ་བོ་གྱུར་བའི་ནད་པར་བསམ་ཚུལ་ཚོད་འཛིན་གྱི་འོད་རྟགས་སྒུལ་རྒྱུར་རོགས་རམ་ཐེངས་དང་པོ་བྱས། དེ་ནི་རང་རྒྱལ་གྱི་ཀླད་པ་དང་འཕྲུལ་ཆས་ཀྱི་མཐུད་སྣེའི་ཁྱབ་ཁོངས་ཐད་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད་པ་རེད། 

05.jpg

  • མཚོ་སྔོན་དུར་ལམ་ཆུ་ཚན་བང་སོ་ནས་མིག་སྔའི་བར་གཞི་ཁྱོན་ཆེས་ཆེ་བའི་བང་སོ“ལུག་ར་བང་སོ”ཤེས་རྟོགས་བྱུང་བ་རེད། 

སྲིད་ཇུས། 

  • སི་ཁྲོན་གྱིས་བྱ་གཞག་ཚན་པས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་དང“ནུབ་རྒྱུད་འཆར་གཞིའི”དང་བླངས་པ་སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་ཀྱི་མི་སྣར་དམིགས་ནས་ཆེད་མངགས་གདན་ཞུ་བྱས་ཏེ། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་དང་། “ནུབ་རྒྱུད་འཆར་གཞིའི”དང་བླངས་པ། དམག་ཞབས་ཐིམས་པའི་སློབ་ཆེན་སློབ་མ་སོགས་ཀྱི་དམག་མིའི་ཚོགས་སྤྱིར་སྐར་མ་བསྣན་ནས་རྒྱབ་སྐྱོར་བྱེད་ཆོག་གི་ཡོད་པ་རེད། 

  • ཨན་ཧུའེ་ཡིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཐོན་ལས་ཀྱི་རྨང་གཞི་དང་། རྒྱུ་ཆ་གསར་པ། ཀྲུང་ལུགས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་རྣམ་གྲངས་ལ་ཁ་གསབ་མཐོ་ཤོས་སྒོར་ཁྲི500སྤྲོད་རྒྱུ་རེད། 

  • ཡུན་ནན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་རིམ་པ་དང་པོའི་ཁ་གསབ་དེ་མི་རེར་ཟླ་རེར་སྒོར80ནས་མི་རེར་ཟླ་རེར་སྒོར100བར་མང་དུ་གཏོང་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས། 

06.jpg

  • ནང་སོག་གི་དབུས་རྒྱུད་དང་ཤར་བྱང་རྒྱུད། ཧེ་ལུང་ཅང་གི་ནུབ་རྒྱུད། ཞིན་ཅང་གི་དབྱི་ལི་ལུང་པ། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་ཤར་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲན་ཞི་ཡི་ལྷོ་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཧུའུ་པེ། ཧུའུ་ནན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་ཀྱི་རེད།  ཁྲུང་ཆིན་གྱི་བྱང་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཀོང་ཞི་ཡི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་ཡོད་པ་དང་། ཀུའེ་ཀྲོའུ་དང་ཧུའུ་ནན་གྱི་ས་ཁུལ་ཁ་ཤས་སུ་འཁྱགས་ཆར་ཡོད།


མཉམ་སྤྱོད།