དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་སྟོང་ཝ་ཁྲི་སྟོང་རིམ་པའི་དག་གཙང་ནུས་ཁུངས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན།

2024-02-27 14:23:34   |   280

སྒྲིག་སྒྱུར། དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་རང་ཁུལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་གཏོད་པ་དང་། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་པ་གསར་སྤེལ་གྱི་ཁྱབ་འགྱེད་ཁུལ་བསྐྲུན་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་བཀོད་པའི་ནང་ཧུར་ཐག་གིས་ཞུགས་ཤིང་། སྟོང་ཝ་ཁྲི་སྟོང་རིམ་པའི་དག་གཙང་ནུས་ཁུངས་རྟེན་གཞིར་ནུས་ཤུགས་ཡོད་རྒུས་བཀྲག་མདངས་བསྣན་ཞིང་རམ་འདེགས་བྱས། 

མཚོ་བྱང་གིས་ཆུ་གློག་དང་མེ་ཤུགས་གློག་འདོན་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག འཆར་འགོད་ལྟར་འཛུགས་སྐྲུན་བྱས་པའི་འོད་ཤུགས་གླིང་ཁུལ5དང་། རླུང་གློག་རྟེན་གཞི3དང་། གློག་དྲའི་སྦྲེལ་ཚུགས2བཅས་དང་དེ་བཞིན་ཕྱིར་གཏོང་བགྲོད་ལམ་ལ་བརྟེན་ནས་འོད་ཤུགས་དང་རླུང་གློག་ཐོན་ལས་གཞི་ཁྱོན་ཅན་དུ་གསར་སྤེལ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ནུས་མང་གསབ་རེས་དང་ཆུ་འཐེན་ནུས་གསོག་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “རླུང་འོད་ཆུ་མེ་གསོག་འཇོག་གཞི་གཅིག་ཅན”གྱི་ཕྱོགས་བསྡུས་ནུས་ཁུངས་མཁོ་སྤྲོད་མ་ལག་རིམ་བཞིན་བཙུགས།

“བཅུ་བཞི་ལྔ”ནས་བཟུང་། རིམ་རྩིས་བྱས་ན་དག་གཙང་ནུས་ཁུངས་རྣམ་གྲངས6ལག་བསྟར་བྱས་ཤིང་མ་དངུལ་སྒོར་དུང་ཕྱུར26བཏང་། རྫོང་བཞི་པོ་ཚང་མ་རྒྱལ་ཡོངས་ཀྱི་རྫོང་ཧྲིལ་པོའི་ཁང་ཀླད་འོད་ཤུགས་གསར་སྤེལ་ཚོད་ལྟའི་རྫོང་ནང་ཚུད་ཡོད། དག་གཙང་ནུས་ཁུངས་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི140ལས་བརྒལ་བ་དང་། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི225.5ལས་བརྒལ། འཆར་འགོད་འཛུགས་སྐྲུན་སྟོང་ཝ་ཁྲི600ལས་བརྒལ་ཡོད། རིམ་རྩིས་བྱས་ན་ནུས་རྒྱུ་གསར་པའི་གློག་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར18.87སེལ་ལེན་བྱས་ཡོད། གཞན་ཡང“འོད་ཤུགས+དབུལ་སྐྱོར”གྱི་ཀུན་ཕན་རྣམ་པ་འཚོལ་ཞིབ་དང་སྐུལ་འདེད་ཧུར་ཐག་བཏང་སྟེ། གྲོང་ཚོ་རིམ་པའི་འོད་ཤུགས་གློག་ཁང་གི་དབུལ་སྐྱོར་རྣམ་གྲངས5བསྐྲུན་པ་མ་ཟད། ཚང་མ་དྲ་སྦྲེལ་བྱས་ཏེ་སྐྱེ་ཁམས་དང་།  ཐོན་སྐྱེད།  འཚོ་བ་བཅས་ལ་ཕན་པ་མངོན་འགྱུར་བྱས། གློག་སྒྱུར་ཤོང་ཚད་ཀྲའོ་ཧྥུ་ཨན129.38གསར་སྣོན་བྱས་པ་དང་། གློག་འདོན་སྐུད་ལམ20ཡི་རིང་ཚད་སྤྱི་ལེ570.86གསར་སྣོན་བྱས། དབུལ་ཕོངས་གྲོང་ཚོ51དང་ལྟེ་བའི་གྲོང་ཚོ32ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལེགས་གྲུབ་བྱུང་། གྲོང་ཚོ81ལ་སྒུལ་ཤུགས་གློག་ཤར་གཏོང་ཐུབ་པ་བྱུང་། མཚོ་བྱང་གི་ས་ཁོངས་ཧྲིལ་པོར་གློག་དྲ་ཁྱབ་གདལ་ཐུབ་པ་བྱུང་ཡོད། ཡུལ་བབ་དང་བསྟུན་ནས་གློག་ནུས་ཚབ་མ་དང་། ཚ་གློག་དུས་མཉམ་ཐོན་སྐྱེད། མཁའ་རླུང་ནུས་སོགས་དྭངས་གཙང་དྲོད་རླངས་མཁོ་འདོན་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་འབྲོག་ཁུལ་གྱི་ཉི་ནུས་དྲོད་ཁང་དང་གློག་ནུས་ཚ་ཐབ་སོགས་དྭངས་གཙང་དྲོད་ལེན་རྣམ་གྲངས་ལག་བསྟར་བྱས་པས་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ཕན་འབྲས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་ཡོད།


མཉམ་སྤྱོད།