དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད43)

2024-02-28 08:18:58   |   332

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240204094222.jpg

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་འཛིན་སྟངས་ཡག་པོ་བྱེད་དགོས་པའི་འབྲེལ་བ་གལ་ཆེན་ནི་གང་ཡིན་ནམ།

དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་སྐབས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་འབྲེལ་བ་གལ་ཆེན་འགའ་ཞིག་འཛིན་སྟངས་ཡག་པོ་བྱེད་དགོས། ཐུན་མོང་གི་རང་བཞིན་དང་ཁྱད་པར་གྱི་རང་བཞིན་བར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། ཐུན་མོང་གི་རང་བཞིན་ནི་གཙོ་ཁྲིད་ཡིན་པ་དང་ཐུན་མོང་གི་རང་བཞིན་ཆེ་རུ་གཏོང་དགོས། ཆབས་ཅིག་ཏུ་ཁྱད་པར་རང་བཞིན་ལ་ཕན་ཚུན་བརྩི་འཇོག་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་རྒྱུར་ཁྲིད་སྟོན་བྱས་ཏེ། རང་མི་རིགས་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ལ་བསྟུན་དགོས་པ་དང་ཞབས་འདེགས་ཞུ་དགོས་པ་དང་། དུས་མཚུངས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་ཁེ་ཕན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད། མི་རིགས་སོ་སོའི་ཞིབ་ཕྲའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་དགོས། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་སྐྱོང་བྱ་རྒྱུར་ཕན་པ་མེད། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས་བར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ལྗོན་ཤིང་གི་གཞུང་རྟ་ཡིན་ལ།མི་རིགས་སོ་སོའི་རིག་གནས་ནི་ལྗོན་ཤིང་གི་ཡལ་འདབ་ཡིན། རྩ་བ་ནི་ས་འོག་ལ་ཟུག་པ་དང་གཞུང་རྟ་རྒྱས་ཚེ་གཞི་ནས་ཡལ་ག་རྒྱས་པ་བྱེད་ཐུབ། དངོས་པོ་དང་བསམ་པའི་འབྲེལ་བ་འཛིན་སྟངས་ཡང་དག་བྱེད་པར་དང་། བསྒྱུར་བཅོས་འཕེལ་རྒྱས་ཡོད་ཚད་ལ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་དོན་སྙིང་མངོན་པ་བྱས་ནས་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་བཅས་ཀྱི་ཐོག་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུས་གྲུབ་ཀྱི་འདུ་ཤེས་སྲ་ཞིང་བརྟན་པོ་ཡོང་ཐུབ།


མཉམ་སྤྱོད།