དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་སྲིད་གྲོས་སྐབས14པའི་གྲོས་ཚོགས་ཐེངས2པ་མགོ་རྩོམ་རྒྱུ་རེད།

2024-03-04 14:55:52   |   1299

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་མགོ་རྩོམ་རྒྱུ་རེད།

མགོ་ཚུགས་ཚོགས་འདུའི་སྟེང་། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱ་རྒྱུ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་མཉན་རྒྱུ་རེད།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུ་ཡིས་མགོ་ཚུགས་གྲོས་ཚོགས་སྟེང་ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་བར་ཡུལ་དངོས་སུ་ཐད་གཏོང་བྱ་རྒྱུ་དང་། ཞིན་ཧྭ་དྲ་བས་མགོ་ཚུགས་མཛད་སྒོའི་ཡུལ་དངོས་སུ་པར་རིས་དང་ཡི་གེའི་ལམ་ནས་ཐད་གཏོང་བྱ་རྒྱུ་རེད། 

ཚེས4ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་གྲ་སྒྲིག་གྲོས་ཚོགས་བསྡུས་ཏེ། ཚོགས་ཆེན་གྱི་ཀྲུའུ་ཞུ་ཚོགས་པ་དང་དྲུང་ཡིག་ཆེན་མོ་འདེམ་བསྐོ་བྱ་རྒྱུ་དང་། ཚོགས་ཆེན་གྱི་གྲོས་རིམ་གྱི་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་རེད། གྲ་སྒྲིག་ཚོགས་འདུའི་རྗེས་སུ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་བསྡུ་རྒྱུ་རེད། ཆུ་ཚོད12སྟེང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་དམངས་ཆེན་བྱ་བའི་འབྲེལ་ཡོད་གནད་དོན་ཕྱོགས་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲ་བར་ལན་འདེབས་རྒྱུ་རེད།  །


མཉམ་སྤྱོད།