དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལ་གཟིགས་སྐོར་གནང་བ།

2024-03-07 11:27:16   |   1491

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240307113837.jpg

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་དམངས་གསར་བརྗེ་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མཉམ་འབྲེལ་ཨུ་ཡོན་ལ་གཟིགས་སྐོར་གནང་བ་མ་ཟད། མཉམ་འབྲེལ་ཚོགས་འདུར་ཞུགས་ནས་བསམ་འཆར་དང་བསམ་ཚུལ་ལ་གསན། 

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་དམངས་གསར་བརྗེ་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མཉམ་འབྲེལ་ཨུ་ཡོན་ལ་གཟིགས་སྐོར་གནང་བར་མ་ཟད། 

མཉམ་འབྲེལ་ཚོགས་འདུར་ཞུགས་ནས་བསམ་འཆར་དང་བསམ་ཚུལ་ལ་གསན། ཁོང་གིས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ཏང་ཤོག་སོ་སོ་དང་ཚོགས་པ་སོ་སོ། མི་རིགས་སོ་སོ་དང་ལས་རིགས་སོ་སོ། ཕྱོགས་སོ་སོའི་མི་སྣས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་ཚུན་གྱི་འཐབ་ཇུས་ལས་འགན་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་དགོས་ཤིང་། ཧུར་ཐག་གིས་ཇུས་འདོན་སྲིད་འདྲི་བྱེད་པ་དང་རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་ཆགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་དགོས།

微信图片_20240307113841.jpg

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་དམངས་གསར་བརྗེ་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མཉམ་འབྲེལ་ཨུ་ཡོན་ལ་གཟིགས་སྐོར་གནང་བར་མ་ཟད། 

མཉམ་འབྲེལ་ཚོགས་འདུར་ཞུགས་ནས་བསམ་འཆར་དང་བསམ་ཚུལ་ལ་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་ལྟ་སྐོར་དང་གླེང་མོལ་ལ་ཞུགས།

“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་བསླེབ་ལ་ཉེ་པའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་དོན་མི་སྣ། རྒྱལ་ཡོངས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱི་རྒྱལ་གྱི་བུད་མེད་ཕྱིར་སྡོད་རང་མི་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་ལྟ་སྐོར་དང་གླེང་མོལ་ལ་ཞུགས།

མཉམ་འབྲེལ་ཚོགས་འདུའི་སྟེང་། ཞ་ཞན་ཕེང་དང་། ཐེན་ཧོང་ཆི། ཝུའུ་ཅན་ཕིང་། ཀྲའོ་ཡུས་ལིང་། ཧོང་མེན་སུང་། ཧུའུ་སུང་ཆིན་སོགས་ཨུ་ཡོན6གིས་ངོགས་གཉིས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ། མཉམ་སྦྲེལ་དྲ་བའི་ལྟེ་བའི་ལག་རྩལ་ལ་བརྟེན་ནས་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཕྱོགས་ལ་དམིགས་ཏེ་གཏམ་བཤད་གནང་།

微信图片_20240307113846.jpg

ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་དམངས་གསར་བརྗེ་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མཉམ་འབྲེལ་ཨུ་ཡོན་ལ་གཟིགས་སྐོར་གནང་བར་མ་ཟད། 

མཉམ་འབྲེལ་ཚོགས་འདུར་ཞུགས་ནས་བསམ་འཆར་དང་བསམ་ཚུལ་ལ་གསན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་ལྟ་སྐོར་དང་གླེང་མོལ་ལ་ཞུགས།

ཞི་ཅིན་ཕིང་གིས་ནན་ཏན་གྱིས་ཚང་མའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཚང་མ་དང་མཉམ་དུ་གླེང་མོལ་དང་བརྗེ་རེས་བྱེད་པ་དང་། བསམ་འཆར་དང་གྲོས་གཞི་ལ་མཉན་རྗེས་ང་རང་དགའ་སྤྲོ་ཚད་མེད་སྐྱེ་པར་མཚོན། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ། དེར་བཞུགས་ཀྱི་ཨུ་ཡོན་རྣམས་དང་། རྒྱ་ཆེའི་རྒྱལ་དམངས་གསར་བརྗེ་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མི་སྣ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས2023ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི་དུས་མཚམས་བསྒྱུར་ནས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ཞིང་། དེ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སེམས་ཤུགས་དང་བློ་གྲོས་ཀྱང་འདུས་ཡོད་པར་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་རིང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱིས“བློ་སྒྲིལ་སེམས་སྐྱེད་ཀྱིས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་ཡར་བརྩོན་གྱིས་བགྲོད་ལམ་གསར་བར་བསྐྱོད་པའི”བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཆབ་སྲིད་གྲོས་མོལ་དང་སྲིད་ཞུགས་སྲིད་གླེང་ལ་སྐུལ་འདེད་བཏང་སྟེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོ་ལྟ་སྐུལ་ནང་རྒྱུན་མཐུད་ངང་ཞུགས་ནས། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་། རྒྱ་ཆེའི་ཚན་རྩལ་ལས་རིགས་ཀྱི་མི་སྣས་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་ཧུར་ཐག་གིས་རྒྱབ་སྐྱོར་དང་། ཚན་རྩལ་གསར་གཏོད་བྱེད་པར་ཧུར་ཐག་གིས་ཞུགས་དགོས། རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མི་སྣས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཕན་ནུས་འདོན་སྤེལ་བྱས་ཡོད་པར་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཐའེ་ཝན་ལས་དོན་གྱི་ཁྱོན་ཡོངས་ཁྲོད་གནས་བབ་གཏན་འཁེལ་ཡང་དག་དང་ལེགས་ཆ་འདོན་སྤེལ། དགེ་མཚན་ལྡན་པ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཕྱི་ནང་དང་གླིང་ཕྲན་ཕྱི་ནང་གི་མཐུན་སྒྲིལ་བྱེད་ཐུབ་པའི་རྒྱལ་གཅེས་སྟོབས་ཤུགས་མཐའ་དག་ལ་སྔར་བས་མཐུན་སྒྲིལ་ཡག་པོ་བྱས་ཏེ།“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མཉམ་དུ་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་ཚན་རྩལ་དང་ཞིང་ལས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། གཞོན་ནུ་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འདུན་པ་ཆེན་པོ་སྔར་བས་ཆེ་རུ་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་འགན་འཁྲི་ལྕི་པོ་ཁུར་ཏེ་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དགོས་ཤིང་། གནད་འགག་གི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལས་དོན་ལེགས་པོར་སྒྲུབ་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། དངོས་གཉེར་དང་ཐབས་འདོན་ཇུས་འབུལ་བྱས་ཏེ་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་དང་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གདེང་འཇོག་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིགས་སོ་སོའི་ཤེས་ལྡན་མི་སྣའི་གསར་གཏོད་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་སྔར་ལས་འཕེལ་བར་བྱེད་དགོས་པར་བསྟན།

ཞི་ཅིན་ཕིང་གིས་རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་བྱེད་པའི་མཐའ་ཚད་བརྟན་སྲུང་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དང་དོ་དམ་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གནད་འཁེལ་བཙོག་བཅོས་དང་ཚན་རིག་དང་མཐུན་པར་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་གནད་འཁེལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་འཁོར་སྐྱོད་བེད་སྤྱོད་ལ་ཤུགས་སྣོན། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་སྐྱེད་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པ་དང་དགེ་མཚན་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ད་ལོ་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ཞིང་། མི་དམངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་ཡག་པོ་དར་སྤེལ་བཏང་སྟེ། ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ཆེད་དོན་གྲོས་མོལ་སྡེ་ཁག་གི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྲིད་གྲོས་ཨུ་ཡོན་གྱིས་རང་གི་བྱང་ཚད་དང་འགན་སྒྲུབ་ནུས་པ་ཇེ་མཐོར་བཏང་ནས། དུས་རབས་གསར་བའི་སྲིད་གྲོས་བྱ་བ་དང་ཏང་མང་མཉམ་ལས་ཀྱི་བྱ་གཞག་གི་རྣམ་པ་གསར་བ་མུ་མཐུད་དུ་གསར་གཏོད་བྱེད་དགོས་པར་བསྟན།

ཧྲི་ཐའེ་ཧྥིན་དང་ཀྲིན་ཅན་པང་། ཧུའུ་ཁྲུང་ཧྭ། ཝང་ཏུང་ཧྥིན། ཧོ་པའོ་ཞང་སོགས་མཉམ་འབྲེལ་ཚོགས་འདུ་ལ་ཞུགས།  །


མཉམ་སྤྱོད།