མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་དུ"ཧྥེང་ཆའོ་ཉམས་མྱོང"ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།

2024-03-11 09:36:47   |   2143

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱི་བླང་བྱ་ལྟར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་དུ"ཧྥེང་ཆའོ་ཉམས་མྱོང"ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། དེའི་རིང་ཧྲའོ་ཞིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་བྱམས་བརྩེའི་བཞུགས་མོལ་བརྗེ་རེས་བྱས། ཧྲའོ་ཞིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་ཀྲུའུ་ཅེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཀྲི་ཅིང་དང་ཧྲའོ་ཞིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཆིན་དབྱིན། ཧྲའོ་ཞིན་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་སུང་ཅུན་བཞུགས་མོལ་ཚོགས་འདུར་ཞུགས།

微信图片_20240311094730.jpg

ཤ་བོ་སྐྱབས་འཁོར་དང་བཅས་པ་ཧྥེང་ཆའོ་གྲོང་རྡལ་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་དང་ཧྥེང་ཆའོ་མངག་གཏོང་ཁང་། ཧྥེང་ཡོན་སྡེ་བ་སོགས་སུ་བསྐྱོད་དེ་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི"ཧྥེང་ཆའོ་ཉམས་མྱོང"རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་པ་དང་། ཧྥེང་ཆའོ་ཉམས་མྱོང་བཤམས་སྟོན་ཁང་གི་འགྲེམས་སྟོན་བཀོད་སྒྲིག་དང་དཔེ་མཚོན་ཉམས་མྱོང་བྱུང་རིམ་དང་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རིམ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ལ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་དང་འགལ་བ་དང་རྩོད་གཞི་རྩད་ཞིབ་ཐག་གཅོད། དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ། གྲོང་གསེབ་བཅོས་སྐྱོང་སོགས་སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཚང་མས"ཧྥེང་ཆའོ་ཉམས་མྱོང"ལ་ཏང་ཀྲུང་དབྱང་གི་ཁས་ལེན་གང་ལེགས་ཐོབ་པ་དང་རྒྱལ་ཡོངས་ས་གནས་སོ་སོས་སློབ་སྦྱོང་དང་ཁྱབ་གདལ་བཏང་བས་དུས་རབས་གསར་པའི་སྤྱི་ཚོགས་བཅོས་སྐྱོང་བྱ་བ་སྤེལ་བའི་དཔེ་མཚོན་བྱེད་ཐབས་ཤིག་ཏུ་གྱུར་ནས་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱ་ཆེད་བསམ་ཕྱོགས་དང་དཔྱད་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་གཅིག་མཐུན་བྱས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ལ་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་བཅུ་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཁུལ་ཐོག་མའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་མ་འོངས་པར་ཧྲའོ་ཞིན་གྲོང་ཁྱེར་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་མཉམ་ལས་སྤེལ་རེས་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་གསར་བརྗེའི་ཉམས་ཞིབ། སྐྱེ་ཁམས་གནས་སྐོར། དེ་བཞིན་གསོ་སྐྱོང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ཐུན་མོང་ཐོག་ཡར་ཐོན་ཡོང་བར་བྱས་ནས་ཉམས་མྱོང་མཉམ་སྤྱོད་དང་གྲུབ་འབྲས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་དགོས་པར་བསྟན། ཁོས་ཁུལ་སྲིད་ཁྲིམས་སྡེ་ཁག་དང་རྫོང་བཞིས"ཧྥེང་ཆའོ་ཉམས་མྱོང"སློབ་སྦྱོང་ཏན་ཏིག་བྱས་ཏེ་བསམ་ཕྱོགས་འགྱུར་ལྡོག་དང་འཕེལ་རྒྱས་འཚོལ་ཞིབ་བྱས་ནས་མཚོ་བྱང་གི་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་ད་ལྟའི་གནས་ཚུལ་ལ་གཞི་ཚུགས་ཏེ"བྱ་བ་ཆུང་ངུ་དྲུག"དང"སོ་ལྟ་ཁང་ཁྲི་སྟོང་མང་པོ""365འདུམ་འགྲིག་ལས་སྒྲུབ་ཁང""ལྟེ་བ་གཅིག་དང་རུ་ཁག་ལྔ་ཡིས་དར་རྒྱས་ལ་སྐུལ་འདེད་གཏོང་བ"སོགས་ཀྱི་བྱེད་ཐབས་རྒྱུན་མཐུད་ངང་ཁྱབ་གདལ་བཏང་ནས་ཁུལ་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།   

微信图片_20240311094735.png

ཤ་བོ་སྐྱབས་འཁོར་དང་བཅས་པས་ད་དུང་ཧྲའོ་ཞིན་གྲོང་ཁྱེར་གྱི་གྲོང་ཁྱེར་འགྲེམས་སྟོན་ཁང་དང་ཀྲེ་ཅང་ཤར་རྒྱུད་མིས་བཟོས་གཙང་པོའི་རིག་གནས་གླིང་། ཆང་སེར་དངོས་མང་བཤམས་སྟོན་ཁང་བཅས་ཀྱི་འགྲེམས་སྟོན་བཀོད་སྒྲིག་དང་། དོ་དམ་གཉེར་སྐྱོང་། ཁྱད་ལྡན་བཤམས་སྟོན་ཉར་ཚགས། དྲིལ་སྒྲོག་ཁྱབ་སྤེལ་སོགས་ཀྱི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱིས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་། ཧྲའོ་ཞིན་གྱི་གནའ་ཤུལ་སྲུབ་སྐྱོབ་བེད་སྤྱོད་དང་། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན། དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་བཅས་ཐད་ཀྱི་སྔོན་ཐོན་བྱེད་ཐབས་ལ་སློབ་སྦྱོང་བྱས་ནས། ཁུ་ནུ་རིག་གནས་དང་རྨ་ཆུའི་རིག་གནས། ལྕགས་རི་རིང་པོའི་རིག་གནས་བཅས་སྔོག་འདོན་བྱེད་པ་དང་ཞི་ཧའེ་ཅོན་དང་། པེ་ཞང་དབྱང་གནའ་མཁར། མཁར་དམར་གནའ་མཁར། གངས་ལུང་བྲག་ཕུག་སོགས་ཀྱི་གནའ་ཤུལ་དཔྱད་ཡིག་ལེགས་སྒྲིག་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས། དར་གོས་ཚོང་ལམ་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བཤད་པ། རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་གཟུགས་འདས་ཤུལ་བཞག་ཁང་དང་ལྕགས་རི་རིང་པོ་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་འགྲེམས་སྟོན་ཁང་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་པ། 221རྟེན་གཞིའི་གནའ་ཤུལ་བསྐྱར་གསོ་བེད་སྤྱོད་བྱེད་པ། སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་གཏིང་ཟབ་བྱེད་པ། སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་བཅས་འཛུགས་སྐྲུན་ཐད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་བརྩོན་ལེན་བྱ་དགོས་པར་བསྟན། ཤ་བོ་སྐྱབས་ཀྱིས་ལྷག་བསམ་རྣམ་དག་གིས་ཧྲའོ་ཞིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་མཚོ་བྱང་དུ་ཕེབས་ནས་གསར་རྗེའི་རིག་གནས་ཉམས་ཞིབ་བྱེད་སྒོ་སྤེལ་བར་གདན་འདྲེན་ཞུས།

微信图片_20240311094741.jpg

微信图片_20240311094746.jpg

微信图片_20240311094751.jpg

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་། ཁུལ་སྲིད་ཁྲིམས་དང་འཕེལ་སྒྱུར། རིག་གནས་གནས་སྐོར། རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་རྟོག་ཞིབ་ལ་ཕེབས་རོགས་གནང་།


མཉམ་སྤྱོད།