མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས།

2024-03-13 11:57:44   |   88

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་ལ། ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས།

ཟླ3པའི་ཚེས12ཉིན། ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།    སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་བྱས་ཤིང་། 2023ལོའི་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ལ་དཔྱད་ཞིབ་བྱས་ཚུལ་གྱི་སྙན་ཞུར་གསན་པ་དང་། 2024ལོའི་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས།  ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྲི་ཧུང་ཀྲན་ཚོགས་འདུར་ཕེབས།

1.png      

ཤ་བོ་སྐྱབས་ཀྱིས་བསྟན་དོན། ན་ནིང་ནས་བཟུང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་མཛུབ་ཁྲིད་ཞིབ་མོའི་འོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་ཁུར་དང་ལྟ་སྐུལ་འགན་ཁུར་ནན་ཏན་ངང་བསྒྲུབས་ཏེ་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱས་ནས“རུལ་མི་ཕོད་པ་དང་རུལ་མི་ནུས་པ། རུལ་མི་འདོད་པ”བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་བ་དང་དུས་མཉམ་ཕྱོགས་བསྡུས་ཐོག་ཤུགས་བསྣན་ནས་གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་དང་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་འགུལ་སྐྱོད་ལྔ་ཏན་ཏིག་སྒོས་སྤེལ་ཏེ།  “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་སྔར་བས་བློ་ཐག་ཆོད་པོར་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཟིལ་ཤུགས་རྒྱུན་མཐུད་ངང་འདོན་པ། སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ལྟ་སྐུལ་བཅོས་སྐྱོང་གི་ཕན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་པས་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཟེར།

2.png      

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ། ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་ལེན་ཧུར་ཐག་བྱས་ནས་ཏང་ནང་གི་ཆབ་སྲིད་ཀྱི་གལ་ཆེའི་རྩིས་ཁྲ་ཁྱོན་ཡོངས་ནས་གསེད་བཀྲོལ་དང་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལྡོག་ལན་སྤྲོད་པའི་གནད་དོན་བཅོས་སྒྲིག་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། སྙིང་སྟོབས་ཀྱི་བཙན་ས་གཏོད་པ། དམངས་འཚོ་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་དར་སྤེལ། བདེ་འཇགས་མཚོ་བྱང་། གཙོ་གནད་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་དང་གཉེར་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།   ཏང་ནན་སྐྱོང་གི་ཆབ་སྲིད་འགན་ཁུར་ནན་དུ་གཏོང་བ་དང་། ཏང་ཨུའི(ཏང་ཙུའུ)བྱེད་པོའི་འགན་ཁུར་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་འགན་ཁུར། འགན་ནུས་སྡེ་ཁག་གི་ལྟ་སྐུལ་འགན་ཁུར།  ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིའི“འགན་འཁུར་བ་དང་པོའི”འགན་ཁུར། ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་ཁུར་གཉིས”དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་འགན་མཉམ་ཁུར་དང་དོན་སྤྱི་སྒྲུབ་བྱེད་པའི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཡོན་ལས་བྱེད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས“དྲི་བ་དྲུག”དང“གཏན་འགོག་བཅུ”ཚད་གཞིར་འཛིན་པ་དང་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་དམིགས་ནས་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང། ཁུལ་ཨུའི་ཏང་རྩ་འཛུགས་ཀྱིས་ཁ་བརྡ་སློབ་གསོ་གཏོང་བའི་བྱ་བའི་བྱེད་ཐབས་དང་ཏང་ཨུའི(ཏང་ཙུའུ)ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་དང་པོའི”ལག་བསྟར་ཞིབ་སྲོལ་སྤྱད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱེད་ཐབས་ལ་བརྩི་སྲུང་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་མུ་མཐུད་རྒྱུན་འཛིན་བྱེད་དགོས།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་སྤྱོད་གཙང་གི་རིག་གནས་ལེགས་སྐྱོང་བྱ་རྒྱུ་ཟུང་དུ་སྦྲེལ་ནས་དུས་བཀག་ལྟར་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་།  སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི། སྐལ་བཟང་གི་གཞིས་རྙིང་སོགས་སྤྱོད་གཙང་གི་རིག་གནས“གདོང་ལེན་གཡུལ་ས”རུ་སོང་ནས་སྤྱོད་གཙང་གི་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས་ཤིང་། དཔྱད་ཞིབ་ཀྱི“བཀོད་འདོམས”ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་དཔྱད་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་དོན་བཅོས་སྒྲིག་ལ་བརྟེན་ནས་འགན་ཁུར་དོན་འཁྱོལ་དང་སྤྱོད་ཚུལ་བསྒྱུར་བ། བྱ་གཞག་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར།

3.png   

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཨ་ཁྱུང་། ལའེ་མིན། ཁུལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་ཚོགས་འདུར་ཞུགས།    


མཉམ་སྤྱོད།