དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས3·15འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ།

2024-03-14 15:10:46   |   1449

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


3·15ཡི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་ཐོན་ལ་ཉེ་བའི་སྐབས་འདིར། མདའ་བཞི་རྫོང་གིས་མི་སྣ་ཧྲག་བསྡུས་བྱས་ཏེ། སྡེ་ཁུལ་དང་གྲོང་གསེབ། ཁེ་ལས། སློབ་གྲྭ་བཅས་སུ་སོང་ནས་མང་ཚོགས་ལ་གོ་བདེ་ཞིང་ཉན་འདོད་པའི་སྐད་ཆའི་ཐོག་ནས་བཟའ་ཆས་རྫུས་མ་དབྱེ་འབྱེད་དང་། སྨན་ཇི་ལྟར་སྤྱོད་པ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་། བརྒྱུད་འཚོང་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་གྱི་ཤེས་བྱ་ཁྱོན་ཡོངས་ནས་འགྲེལ་བཤད་བརྒྱབ་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས། དུས་མཚུངས་སུ། ནག་ཚོགས་གཙང་སེལ་རྒྱུན་ལྡན་ཅན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་ཚོང་རའི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བའི་དམིགས་ཡུལ་ཁྱབ་གདལ་དུ་བཏང་ནས། ཚོང་རའི་འཁོར་རྒྱུག་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ཆུ་ཚད་མཐོ་རུ་བཏང་བ་དང་། ཚོང་རའི་སྒྲིག་ལམ་བརྟན་པོ་སྲུང་པ། མང་ཚོགས་ལ12135ཐེར་འདོན་གོང་ཞུའི་ཁ་པར་དང་ལས་སྟེགས་དྲིལ་སྒྲོག་བྱས་ནས་ཚོང་རའི་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་དང་། གཞན་ཡང་ཚོང་རའི་ཟང་ཟིང་གི་སྣང་ཚུལ་ཐེར་འདོན་བྱེད་པར་སྣེ་ཁྲིད་བྱེད་པ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་བདེ་འཇགས་མདའ་བཞི་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱས།

13.png

དྲིལ་སྒྲོག་བྱ་འགུལ་སྤེལ་བ་དེས་མདའ་བཞི་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ཁེ་དབང་ལ་སྔར་ལས་སྲུང་སྐྱོང་དང་། གཞན་ཡང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་པའི་ཤེས་བྱ་སྔར་ལས་ཤེས་རྟོགས་བྱུང་བ། ཚན་རིག་དང་བདེ་འཇགས། སྐྱོན་བྲལ་བཅས་ཀྱི་འཛད་སྤྱོད་འདུ་ཤེས་བཙུགས་པ་དང་ཆབས་ཅིག་བདག་གཉེར་མཁན་གྱི་ཁྲིམས་སྲུང་དང་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་།

12.png

རྗེས་ཕྱོགས་སུ། མདའ་བཞི་རྫོང་གིས་མུ་མཐུད་དུ་བདེ་འཇགས་མདའ་བཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་བླང་བྱ་ལྟར། བདེ་འཇགས་འཛུགས་སྐྲུན་གྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་སྒྲོག་དང་ཚོང་རའི་ཟང་ཟིང་གནས་ཚུལ་ལ་རྡུང་རྡེག་གཏོང་རྒྱུ་མཉམ་འཛིན་བྱེད་པ། དྲིལ་སྒྲོག་གི་རྣམ་པ་མུ་མཐུད་དུ་ལེགས་སུ་གཏོང་བ། དྲིལ་སྒྲོག་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་གཏོང་རྒྱུ་རེད། 


མཉམ་སྤྱོད།