མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱིས་ཐད་གཏོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱས།

2024-03-19 09:52:45   |   2296

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


77.jpg

“ཐད་གཏོང་ཁང་གི་གྲོགས་པོ་རྣམ་པ་ཚོ་སྐུ་ཁམས་བཟང་། འདི་ནི་ང་ཚོས2024ལོར་ཐད་གཏོང་དུ་ལས་ཞུགས་ངོ་སྦྱོར་གྱི་བྱེད་སྒོ་སྤེལ་ཐེངས་དང་པོ་ཡིན་པས་ཚང་མ་ཐད་གཏོང་ཁང་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན།” ཉེ་ཆར། 2024ལོའི་ལས་ཞུགས་ངོ་སྦྱོར་ཐད་གཏོང་གི“དཔྱིད་རླུང་བྱ་འགུལ”ལས་འཇུ་ལག་ཆེད་ཚོགས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའི་འདར་འགུལ་དུ་མགོ་ཚུགས་པ་རེད།

ལས་ཀ་འཚོལ་མཁན་གྱིས་རང་ས་རང་ཡུལ་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་ཆེད། ད་ཐེངས་ཀྱི་ཐད་གཏོང་བྱེད་སྒོ་ཡིས་མཚོ་བྱང་ཁུལ་གྱི་འབྲོག་ཁུལ་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་ཁེ་ལས23ལེགས་འདེམས་ཞིབ་ཚགས་བྱས་ནས་ལས་ཀ་འཚོལ་མཁན་ལ་ལས་རིགས14ཡི་ལས་ཞུགས་ལས་གནས136མཁོ་འདོན་བྱས་པ་དང་། མི6000ལྷག་ཙམ་གྱིས་དྲ་ཐོག་ནས་ཐད་གཏོང་ལ་བལྟས་ཤིང་། མཐེ་བོང་གནོན་མཁན་དང་མཉམ་ཞུགས་བྱེད་མཁན་མི་ཐེངས་ཁྲི1.6ཟིན་ཡོད།

ཐད་གཏོང་བྱེད་རིང་། དྲ་ཐོག་ཏུ་མཉམ་ཞུགས་མཉམ་གླེང་དང་ཆ་འཕྲིན་སྤེལ་རེས་འཁྲུག་པོ་ཡོད་པ་དང་། དྲ་དཔོན་གྱིས་ཁེ་ལས་ཀྱི་ལས་གནས་དགོས་མཁོ་དང་གླ་ཕོགས་ཕན་བདེའི་ཐོབ་ཐང་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ་ཐད་གཏོང་ཁང་གི་དྲ་གྲོགས་ཀྱི་དྲི་བར་ལན་བཏབ། ཐད་གཏོང་བྱེད་སྒོ་ཆུ་ཚོད་གཅིག་ཙམ་ལ་རྒྱུན་མཐུད་བྱས། དྲ་གྲོགས་ཚོས་ལས་གནས་གདན་ཞུའི་ཚོགས་འདུ་དེ་དུས་ཐོག་ཏུ་འཁེལ་བ་དང་སྟབས་བདེ་པོ་ཡོད་ཅིང་། ཡུལ་དང་དུས་ཀྱི་ཚོད་འཛིན་ལས་བརྒལ་བས་ལས་གནས་ཀྱི་ཆ་འཕྲིན་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་དང་ཆབས་ཅིག་དོགས་གནད་ཡོད་ཚེ་དུས་ཐོག་ཏུ་དྲ་དཔོན་དང་མཉམ་འགུལ་ཐག་གཅོད་བྱེད་ཐུབ་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ལས་ཞུགས་ངོ་སྦྱོར་ཐད་གཏོང་བྱེད་སྒོས་ལས་མིའི་དགོས་མཁོ་ཡོད་པའི་མང་ཚོགས་དུད་ཚང་ནས་ཕྱིར་འགྲོ་མི་དགོས་པར་དྲ་ཐོག་ཏུ་ལས་གནས་བདམས་པར་མཐུན་རྐྱེན་བསྐྲུན་པ་མ་ཟད། ཁེ་ལས་དང་ལས་ཀ་འཚོལ་མཁན་ལ་དུས་ཐོག་ཏུ་མཉམ་འགུལ་བྱེད་པའི་ལས་སྟེགས་ཤིག་བསྐྲུན་པས་མ་གནས་གྲོན་ཆུང་ཐུབ་པ་མ་ཟད། ལས་ཕྱོད་ཆེ་རུ་ཕྱིན་ནས་ཁེ་ལས་ཀྱིས་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་མགྱོགས་མྱུར་བསྡུ་རྒྱུར་ཕན་ཐོགས་ཡོད། མཚོ་བྱང་ཁུལ་གྱིས་ཐད་གཏོང་གིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ལེགས་ཆ་སྟེ། དུས་ཐོག་ཏུ་མཉམ་འགུལ་དང་། ཐད་ཀའི་ཉམས་ལེན། གནད་སྨིན་འབྲེལ་མཐུད་བཅས་ཀྱི་ཁྱད་ཆོས་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ཏེ། གསར་དར་གྱི་ལས་འཚོལ་གདན་ཞུ་བྱེད་སྟངས་རྒྱུན་མཐུད་ཁྱབ་གདལ་དང་ལེགས་སུ་བཏང་ནས་དྲ་ཐོག་དང་དྲ་ཕྱིའི་“དཔྱིད་རླུང་བྱ་འགུལ”གྱི་གདན་ཞུའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ནས་ལས་ཞུགས་ཚོགས་སྤྱི་སྣ་ཚོགས་དང་ལས་མི་སྤྱོད་པའི་ཁེ་ལས་སྦྲེལ་མཐུད་ཀྱི་འབྲེལ་ཟམ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།


མཉམ་སྤྱོད།